མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཎ་ཆེན་ཞིབ་འཇུག་གླིང་གསར་འཛུཊ།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་ཆབ་ཆ་གྲོང་བརྡལ་དུ་ཡོད་པའི་མཚོ་སྔོན་དགེ་ཐོན་སློབ་ཆེན་ནང་པཎ་ཆེན་ཞིབ་འཇུག་གླིང་ཞེས་པ་ཞིག་གསར་འཛུགས་བྱས་ཡོད་ཅིང་། ཞིབ་འཇུག་གླིང་དེའི་མཚན་བྱང་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་ཆོས་ཀྱི་རྒྱལ་བོ་ཟེར་བས་བཏགས་པ་ཡིན་འདུག

གོང་གི་གནས་ཚུལ་དེ་མཚོ་སྔོན་རྒྱ་ཡིག་གསར་འགྱུར་དྲ་བ་(www.qhnews.com)ཞེས་པའི་སྟེང་འདི་ལྟར་བཀོད་འདུག ཉེ་བའི་ཆར། མཚོ་སྔོན་དགེ་ཐོན་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་དངོས་སུ་བཙུགས་ཡོད་པ་དང་། འདི་ནི་རྒྱལ་ཡོངས་སུ་བཙུག་པའི་པཎ་ཆེན་ཞིབ་འཇུག་གླིང་དང་པོ་ཡིན། ༡༩༨༥ ལོར། མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིང་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་བརྡལ་དུ་བཙུགས། ༡༩༨༦ ལོར་དམངས་ཆེན་ཨུ་ཡོན་ཀྲང་སྐུ་གཞོན་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་མཚན་འཛིན་སློབ་གཙོ་གནང་། ༡༩༨༧ ལོར་པཎ་ཆེན་བཅུ་བས་སློབ་གླིང་དེར་གཟིགས་བསྐོར་གྲུབ་རྗེས། སློབ་གླིང་གིས་མཚན་འཛིན་སློབ་གཙོའི་གཞུང་ལས་ཁང་བཟོ་བསྐྲུན་བྱེད་རྒྱུ་ཐག་གཅོད་གནང་བ་དང་། ༡༩༨༩ ལོའི་ཟླ་ ༩ ནང་ལེགས་འགྲུབ་བྱུང་། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ནི་རྒྱལ་གཅེས་ཆོས་གཅེས་པ་ཞིག་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། བོད་ཁུལ་སྤྱི་ཚོགས་དར་སྤེལ་དང་དཔལ་འབྱོར་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་བཞག་ཡོད་ལ། ཡང་སྒོས་མཚོ་སྔོན་མི་རིགས་དགེ་ཐོན་ཆེད་སྦྱོང་སློབ་གླིང་གི་འཛུགས་བསྐྲུན་དང་འཕེལ་རྒྱས་རོགས་རམ་དང་རྒྱབ་བསྐྱོར་ཤུགས་ཆེན་གནང་ཡོད།

༢༠༠༠ ལོར། རང་ཞིང་གིས་མཐོ་སློབ་ཁག་གི་སྒྲིག་རིམ་ལེགས་བཅོས་ཀྱིས་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གཉིས་ཟླ་སྒྲིལ་བཏང་སྟེ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་བསྒྱུར་ཡོད། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་བརྒྱུད་འཛིན་དང་དར་སྤེལ། པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་རིག་གནས་ལྟ་གྲུབ་ལ་ཞིབ་འཇུག་དང་མི་རིགས་མཐུན་སྒྲིལ་གོང་སྤེལ་གྱིས་དཔེ་བཟང་ཁོར་ཡུག་བསྐྲུན་པའི་བྱ་འགུལ་སྤེལ་སླད། ༢༠༡༣ ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་མཚོ་ལྷོའི་ཆབ་ཆར་ཡོད་པའི་མཚན་འཛིན་སློབ་གཙོའི་གཞུང་ལས་ཁང་གཞི་རྟེན་ལ་བཟུང་ནས་པཎ་ཆེན་ཞིབ་འཇུག་གླིང་འཛུགས་པའི་ཐག་གཅོད་བྱས། དེ་ནས་སློབ་ཆེན་གྱི་དབུ་ཁྲིད་རྣམས་སྔ་རྗེས་ཐེངས་གཉིས་ལ་པེ་ཅིན་དུ་བསྐྱོད་དེ་པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་ལ་པཎ་ཆེན་ཞིབ་འཇུག་གླིང་གསར་འཛུགས་ཀྱི་སྙན་ཞུ་ཕུལ་ནས་༼པཎ་ཆེན་ཞིབ་འཇུག་གླིང་།༽གི་མིང་བྱང་ཕྱག་བྲིས་གནང་བར་སྐྱབས་འཇུག་ཞུས། པཎ་ཆེན་བཅུ་གཅིག་པ་མཆོག་གིས་སློབ་ཆེན་གྱི་བྱ་བར་གདེངས་འཇོག་དང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས༼པཎ་ཆེན་ཞིབ་འཇུག་གླིང་།༽གི་མིང་བྱང་ཕྱག་བྲིས་གནང་ནས་བསྩལ།

 ༢༠༡༣ ལོའི་ཟླ་ ༧ཚེས་ ༨ ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཞབས་རྗེས་དེད་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བྱ་བའི་རྟོག་ཞིབ་གཟིགས་བསྐོར་གནང་བ་དང་། ༼པཎ་ཆེན་ཞིབ་འཇུག་གླིང་།༽ནི་གཅིག་ལས་གཉིས་མེད་པའི་བྱ་བཞག་ཅིག་ཡིན་སྟབས། སློབ་ཆེན་ཀྱི་ཐད་ནས་ཁྱོན་ཡོངས་ཀྱི་ཞིབ་འཇུག་བྱ་བ་ལེགས་འགྲུབ་ཡོང་བའི་ཐུགས་རེ་གནང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་དེ་མ་ཐག་ཏུ་གཙིག་འཛིན་གྱིས་མ་དངུལ་གཏོང་བ་དང་། ཞིབ་འཇུག་པའི་དཔུང་ཁག་གསར་འཛུགས་ཐད་རོགས་རམ་གནང་བར་མ་ཟད། པཎ་ཆེན་ཞིབ་འཇུག་ལ་ཁྱད་ཆོས་མངོན་གསལ་དང་གྲུབ་འབྲས་གཡུར་དུ་ཟ་བ། ལྷག་པར་དུ་རྒྱལ་གཅེས་སློབ་གསོ་དར་སྤེལ་ལ་ཤུགས་རྐྱེན་བསྐྲུན་ཏེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། པཎ་ཆེན་ན་རིམ་གྱི་མཛད་རྗེས། རིག་གནས་བསམ་བློ་བཅས་ཀྱི་ལྟེ་གནས་ཤིག་ཏུ་བསྐྲུན་རྒྱུ། ༼ པཎ་ཆེན་ཞིབ་འཇུག་གླིང་།༽གིས་པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་རྒྱལ་གཅེས་བསམ་བློ་མཐོར་འདེགས་རྩ་བར་བཟུང་སྟེ། ཆེད་ལས་མི་སྣ་རྩ་འཛུགས་ཀྱིས་རིག་གཞུང་ཞིབ་འཇུག་སྤེལ་བ་དང་། གྲུབ་འབྲས་ཁྲོད་ཆེད་ལས་མི་སྣ་གསོ་སྐྱོང་དང་རིག་གནས་བརྒྱུད་འཛིན་གྱིས་རང་ཞིང་གི་མི་རིགས་མཐུན་སྒྲིལ་དང་སྔོན་ཐོན་ཁོར་ཡུག་བསྐྲུན་པར་འཇོག་འོས་པའི་བྱས་རྗེས་འཇོག་གི་ཡིན། ཞེས་འཁོད་ཡོད་པ་ཀརྨ་བློ་གསལ་ལགས་ནས་བོད་བསྒྱུར་གྱིས་བསྐུར་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

མཆན། 3

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱལ་མཚན་ནོར་བུས་རྒྱ་གཞུང་ལ་དགེ་འདུན་ཆོས་ཀྱི་ཉི་མ་ཀློད་གྲོལ་དགོས་པའི་འབོད་སྐུལ་ཞུ་རོགས བྱས་ན་ག་འདྲ་འདུག་ཅིག་བྱས་ན་ནུས་པ་ཆེན་པོ་ཐོན་ཡོང་ཡང་མིན་ན་རྒྱལ་མཚན་ནོར་བུའི་ཚེ་སྲོག་ལ་རྒྱ་གཞུང་གིས་ལག་པ་ཆང་ཉེན་ཡོད་།

    Reply
  2. གནས་ཚང་། says:
    ལོ་ 12 སྔོན།

    འདི་ནི་ཕྱི་ལོགས་སུ་པཎ་ཆེན་ཞིབ་འཇུག་ལ་འབྲས་བུ་ཏོག་ཙམ་ཐོན་ཟིན་པའི་རྟགས་ཤིག་རེད་འདོད། ཡིན་ནའི། དགག་བཞག་གི་རིམ་པར་གཞི་ནས་འགྲོ་ཡ་འགོ་ཚུགས་འདུག་པས། གཡུལ་ས་འདི་ནས་སུ་ཕམ་སུ་རྒྱལ་ལྟ་བྱར་ལྷག་ཡོད། ཕྱོགས་གཉིས་ཀར་ལས་ཀ་ཇེ་མང་ལ་སོང་བ་རེད། ཡག་པོ་རེད།

    Reply
  3. stiff ross says:
    ལོ་ 12 སྔོན།

    རྒྱལ་མཚན་ནོར་བུ་ལ་་འགྲོ་བ་མིའི་ཐོབས་ཐང་དགོས་་་་རྒྱ་དམར་གྱིས་ཁོའི་འདོད་མོས་མེད་པར་སྟོབས་ཤུགས་དྲག་པོས་བཙན་བཀའ་བཏང་བར་ངོ་རྒོལ་ཡོད།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese