མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡའི་རྡུལ་མཚོན་ཆེད་མཁས་པ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བྱང་ཀོ་རི་ཡས་ལྷོ་བྱང་ཀོ་རི་ཡའི་མཚོ་ཁུལ་དུ་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པའི་རྗེས་ལ། གཞུང་འབྲེལ་ཐོག་བྱང་ཀོ་རི་ཡའི་རྡུལ་འཕྲིན་མཚོན་ཆའི་ཆེད་མཁས་པ་ཇོན་ཧྥེན་ཧོ་ཁ་སང་འདས་གྲོངས་སུ་ཡོད་པ་བསྒྲཊ།

དེ་རིང་སྔ་དྲོ་བྱང་ཀོ་རི་ཡས་ཀོ་རི་ཡ་ལྷོ་བྱང་གི་སྤྱི་གཡར་མཚོ་ཁུལ་ཞིག་ཏུ་ཤུགས་ཚད་སྤྱི་ལེ་ ༥༠༠ ཅན་གྱི་མེ་ཤུགས་འཕུར་མདའི་རིགས་ (missile) ཞེས་པ་གཉིས་ཚོད་ལྟ་བྱས་ཡོད་པ་དང་། དེའི་རྗེས་བྱང་ཀོ་རི་ཡའི་གཞུང་གིས་དེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་དོན་ཉེས་ཆད་ཕོག་མྱོང་མཁན་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ཆེད་མཁས་པ་ཇོན་ཧྥེན་ཧོ་ (Jon Pyong Ho)ལགས་ཁ་སང་སྙིང་རྩ་འགག་སྟེ་རང་ཁྱིམ་ནང་འདས་གྲོངས་ཕྱིན་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་དང་། ཁོང་ལ་ཡུན་རིང་མ་འགོར་བར་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨན་ (Kim Jong-un) གྱིས་སྣེ་འཁྲིད་འོག་རྒྱལ་ས་ཧྥེན་ཡན་ (Pyongyang) ནང་གཞུང་འབྲེལ་མྱ་ངན་གུས་བཏུད་ཀྱི་མཛད་སྒོ་ཞིག་ཀྱང་གཉེར་རྒྱུ་ཡིན་སྐོར་བསྒྲགས་འདུག

འདིའི་ཐད་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨན་གྱིས། “ཇོན་ཧྥེན་ཧོ་ལགས་ནི་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་འཕེལ་རྒྱས་གཏོང་མཁན་གྱི་མི་སྣ་གཙོ་བོ་ཞིག་ཆགས་ཡོད་མོད། འོན་ཀྱང་ཁོང་འདས་གྲོངས་སུ་འགྱུར་བ་དེས་མ་འོངས་པར་རྒྱལ་ཁབ་ལ་གྱོང་གུད་གང་ཡང་ཕོག་མི་སྲིད།” ཅེས་བརྗོད་འདུག

བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ (KCNA) ནང་། “ཇོན་ཧྥེན་ཧོ་ལགས་ནི་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གནང་མཁན་ཞིག་ཡིན་པ་མ་ཟད། བྱང་ཀོ་རི་ཡ་དེང་རབས་ཀྱི་གོ་མཚོན་ལྡན་པའི་རྒྱལ་ཁབ་ཅིག་ཏུ་སྒྱུར་མཁན་རླབས་ཆེན་གྱི་མི་སྣ་ཞིག་ཡིན་སྟབས། ཁོང་ལ་མྱ་ངན་དང་འབྲེལ་ཁོང་གི་གསར་བརྗེའི་སྙིང་སྟོབས་དང་མི་རིགས་ལ་བཅངས་པའི་ལ་རྒྱ་དེ་ཕྱིས་རབས་གཞོན་སྐྱེས་ཚོས་མིག་དཔེར་འཛིན་དགོས” ཞེས་འཁོད་འདུག

༡༩༩༠ ལོར་ཇོན་ཧྥེན་ཧོ་ཡིས་པ་ཀི་སི་ཐན་དང་འབྲེལ་ལམ་བཙུགས་ཏེ། པ་ཀི་སི་ཐན་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་འཕྲུལ་ལས་ལག་རྩལ་ཕྱིར་ཚོང་དང་། བྱང་ཀོ་རི་ཡས་པ་ཀི་སི་ཐན་ནས་རྡུལ་ཕྲན་མཚོན་ཆའི་རྫས་འགྱུར་ཡུ་རེ་ནི་ཡམ་ (uranium) ཉོས་ཏེ། ཤུགས་ཚད་འབྲིང་བའི་མེ་ཤུགས་འཕུར་མདའི་རིགས་ (medium-range ballistic missiles) ཞེས་པ་གསར་བཟོ་བྱས་ཏེ་བྱང་ཀོ་རི་ཡའི་གོ་མཚོན་འཕེལ་རྒྱས་བཏང་ཡོད་འདུག

༢༠༠༦ ལོར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་དང་པོ་བྱས་ཡོད་པ་དང་། ༢༠༠༨ དང་ ༢༠༠༩ ལོར་ལེ་བར་སྟོང་ཕྲག་མང་པོའི་སར་གཏོར་རྒོལ་གཏོང་ཐུབ་པའི་མཚོན་ཆ་ (major long-range missile test) ཞེས་པ་དང་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་གཉིས་པ་བྱས་ཡོད་འདུག

ཇོན་ཧྥེན་ཧོ་ནི་ ༢༠༡༠ ལོར་ཁོ་བྱང་ཀོ་རི་ཡའི་ལས་བཟོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་རྒྱལ་ཡོངས་བདེ་སྲུང་ལྷན་ཚོགས་ཀྱི་ཚོགས་མི། མཚོན་ཆ་བཟོ་སྐྲུན་ཁང་གི་འགན་འཛིན་སོགས་ལས་དགོངས་ཞུ་བྱས་ཡོད་ཀྱང་། དེའི་རྗེས་སུའང་མུ་མཐུད་དེ་ཁོ་རང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་འཕེལ་རྒྱས་གཏོང་ཐབས་ཐོག་འགན་གཙོ་བོ་འཁྱེར་ཡོད་འདུག

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་སྙན་ཐོ་བཏོན་པ་ཞིག་ཏུ། ཇོན་ཧྥེན་ཧོ་ནི་ཨི་རན་དང་སི་རི་ཡ། འབར་མ། པ་ཀི་སི་ཐན་བཅས་ནང་བྱང་ཀོ་རི་ཡས་བཟོ་སྐྲུན་བྱས་པའི་ཤུགས་ཚད་ཆེ་བའི་མཚོན་ཆ་དང་། རྡུལ་ཕྲན་ལྡོག་འགྱུར་ཡོ་ཆས་ (Nuclear Reactor)སོགས་ཕྱིར་ཚོང་བྱེད་མཁན་གྱི་བྱེད་གཏེ་ཡིན་སྟབས། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། ཡུ་རོབ་མཐུན་ཚོགས་བཅས་ཀྱིས་སྲིད་དོན་གྱི་ཉེས་ཆད་བཅད་ཡོད་སྐོར་འཁོད་འདུག

བྱང་ཀོ་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་མཚོན་ཆ་སྔོན་འགོག་བྱ་རྒྱུའི་གྲོས་མཐུན་ (Comprehensive Test Ban Treaty) ཞེས་པར་རྡོག་རོལ་བཏང་སྟེ། འདས་པའི་བདུན་ཕྲག་གཉིས་ནང་ཐེངས་བཞི་ཙམ་ལ་ (short-range missiles) ཞེས་པ་ཚོད་ལྟ་བྱས་ཡོད་པ་མ་ཟད། མ་འོངས་པར་ཡང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་འཆར་ཡོད་འདུག

 ཆབ་སྲིད་དབྱེ་ཞིབ་པ་ཚོས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་པ་ཁོང་འདས་གྲོངས་ཕྱིན་པ་དེས། མ་འོངས་པར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་འཕེལ་རྒྱས་ཐད་ཉམས་གུད་གང་ཡང་འགྲོ་མི་སྲིད་སྐོར་བརྗོད་འདུག

ཇོན་ཧྥེན་ཧོ་ (Jon Pyong Ho) ནི་ ༡༩༢༦ ལོར་བྱང་ཀོ་རི་ཡའི་མུ་སོན་ (Musan) གྲོང་བརྡལ་ཞིག་ཏུ་སྐྱེས་ཤིང་། གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཐོན་རྗེས། ཨུ་རུ་སུའི་ཡུརལ་བཟོ་སྐྲུན་སློབ་ཆེན་ (Ural Engineering College) ཞེས་པའི་ནང་སློབ་སྦྱོང་བྱས་ཡོད་ཅིང་། སློབ་མཐར་ཕྱིན་རྗེས་བྱང་ཀོ་རི་ཡར་ཕྱིར་ལོག་སྟེ་བྱང་ཀོ་རི་ཡའི་དམག་དོན་དང་གཞུང་གི་ལས་གནས་མང་པོ་ཞིག་ཏུ་ལས་ཀ་བྱས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༠ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese