མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཁག་མཐུན་སྒྲིལ་ཡོང་དགོས་ན་ཕན་ཚུན་གྱི་གཞུང་ལ་སྦྱང་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

དུས་དབང་མགོ་འཛུགས་མ་གནང་བའི་སྔོན་དུ་ ༸གོང་ས་མཆོག་གིས་བླ་སློབ་ཀྱི་དམ་ཚིག་གཙང་མ་ཡོང་ཆེད་ཆོས་ཞུ་བའི་ཁྲོད་དོལ་རྒྱལ་བསྟེན་མཁན་བསྡད་ན་འགྲིག་གི་མེད་སྐོར་དང་། བོད་པའི་ཆོས་བརྒྱུད་ཁག་གིས་མཐུན་སྒྲིལ་བྱེད་གལ་ཆེན་པོ་ཡིན་ཚུལ་སོགས་བཀའ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༧། ༤༠ ཙམ་ལ་ ༸ གོང་ས་མཆོག་ལ་དྭགས་རྒྱལ་ས་སླེ་ཞི་བའི་ཚལ་གསུང་ཆོས་རྭ་བར་ཆིབས་བསྒྱུར་གནང་སྟེ་དུས་འཁོར་ཆེན་དང་འབྲེལ་བའི་ཆོ་ག་གསོག་སྒྲུབ་དང་དགེ་འདུན་པ་ཅིག་གིས་མཚན་ཉིད་རྩོད་སྒྲུབ་གནང་བར་གསན་གཟིགས་གནང་ཡོད་པ་དང་། ཉིན་རྒྱབ་དུས་འཁོར་དབང་ཆེན་གྱི་བླ་མ་དང་སློབ་མའི་བཀའ་དབང་གནང་ཡོད། སྐབས་དེར་དགའ་ལྡན་ཁྲི་རིན་པོ་མཆོག་དང་ས་སྐྱའི་གདུང་སྲས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག ཇ་མུ་ཀ་ཤི་མུར་མངའ་སྡེའི་འཛུགས་སྐྲུན་བློན་ཆེན་ངག་དབང་རིག་འཛིན་ཇོ་ར་ལགས། ལ་དྭགས་རང་སྐྱོང་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་བཟོད་པ་ལགས། ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་འགྲུབ་ཚེ་དབང་ལགས། བོད་དོན་རྒྱབ་སྐྱོར་བ་རེ་ཅཱ་ཊི་གྷིར་ (Richard Gere)ལགས་སོགས་གཙོ་བོར་གྱུར་བའི་བླ་སྤྲུལ་དགེ་བཤེས་དང་། ཐེངས་འདིའི་དུས་དབང་ལ་ཆེད་དུ་ཕེབས་པའི་ཆོས་ཞུ་བ་ཆིག་འབུམ་བཞི་ཁྲི་ ༡༤༤༨༨༣ ལྷག་བཅས་འཛོམས་ཡོད།

སྐབས་དེར་༸གོང་ས་མཆོག་གིས་བླ་སློབ་གཉིས་ཀྱི་དམ་ཚིག་གཙང་མ་ཡོང་གལ་ཆེ་སྐོར་གསུངས་དོན། དེ་རིང་དབང་སྐུར་བ་དང་སྡོམ་པ་ཞུ་བ་བྱེད་ཀྱི་ཡོད་སྟབས། བླ་མ་དང་སློབ་མའི་འདུ་ཤེས་ཀྱི་ཐོག་ནས་ཆོས་འཆད་ཉན་བྱེད་དགོས་ཀྱི་ཡོད། ཁྱེད་རང་ཚོས་དགོས་དབང་གིས་བླ་མ་དུས་ཀྱི་འཁོར་ལོར་ཤེས་པར་བྱས་ཏེ་དད་པ་བྱེད་དགོས་པ་དང་། ངའི་ངོས་ནས་ཆ་བཞག་ན་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བདག་པོའི་ཚུལ་དུ་ཡོད་པའི་བསམ་བློ་བཏང་ནས་བྱེད་དགོས་ཀྱི་ཡོད། དེས་བླ་མ་དང་སློབ་མའི་འབྲེལ་བ་ཆགས་ཡོང་དུས་དམ་ཚིག་གཙང་མ་དགོས་ཀྱི་ཡོད། ཅེས་དང་།

ཁོང་གིས་མུ་མཐུད་དུ། རྒྱལ་བོ་ཤུགས་ལྡན་ནམ་དོལ་རྒྱལ་ངས་སྔོན་མ་བསྟེན་པ་ཡིན། ཕྱིས་སུ་ལོ་རྒྱུས་ཡིག་རྙིང་སོགས་ལ་ཞིབ་འཇུག་དང་དོ་སྣང་བྱས་ཡོང་དུས། ༸གོང་ས་ལྔ་ཆེན་པོས་རྒྱལ་བོ་ཤུགས་ལྡན་འདི་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ། བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་པ་ཞེས་གསུང་གི་འདུག དངོས་ཡོད་གནས་ཚུལ་ཐོག་དོལ་རྒྱལ་བསྟེན་མཁན་ཚོས་གྲུབ་མཐའི་ཕྱོགས་ལྷུང་ཞེ་དྲག་བྱེད་བསྡད་པ་དགེ་ལུགས་ནང་ཡོད་པ་རེད་ལ། ས་སྐྱའི་ནང་དུའང་དོལ་རྒྱལ་བསྟེན་མཁན་ཡོད། དགེ་ལུགས་ནང་དོལ་རྒྱལ་བསྟེན་མཁན་ཚོས་སོ་སོའི་ཤག་ནང་རྙིང་མའི་དཔེ་ཆ་ཞིག་བཞག་པ་ཡིན་ན་རྒྱལ་པོ་ཤུགས་ལྡན་གྱིས་གནོད་སྐྱེལ་གྱི་རེད་ཟེར་བ་ཞིག་འདུག ང་རང་ལ་ཆ་བཞག་ན་སྔ་མོ་ངས་དོལ་རྒྱལ་བསྟེན་པ་རེད། དོལ་རྒྱལ་བསྟེན་པའི་རིང་ངས་རྙིང་མའི་ཆོས་ཞུ་བའི་རིགས་བདེ་བོ་མ་བྱུང་བ་རེད་དཱ། དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་བྱས་རྗེས་ངས་རྙིང་མའི་ཆོས་སྐོར་དང་ས་སྐྱའི་ལམ་འབྲས། བཀའ་རྒྱུད་ཀྱི་ཐར་རྒྱན་སོགས་མང་པོ་ཞུས་པ་ཡིན་སྟབས། ང་ལ་རིས་མེད་བྱེད་ཐུབ་པའི་གོ་སྐབས་བྱུང་བ་རེད། གལ་སྲིད། དུས་འཁོར་དབང་ཆེན་ཞུ་བར་ཡོང་བའི་ནང་དོལ་རྒྱལ་བསྟེན་མཁན་ཡོད་ན་འདིར་མ་འདུག་རོགས་ཞེས་འཆར་ཅན་ཞུ་བཞིན་ཡོད། དོལ་རྒྱལ་བསྟེན་དང་མ་བསྟེན་སོ་སོའི་འདོད་པ་རེད། བསྟེན་པ་ཡིན་ན་ངའི་འཁྲིས་སུ་དབང་དང་སྡོམ་པ་ཞུ་པའི་རིགས་བྱས་ན་དམ་ཚིག་ཉམས་འགྲོ་བས་ཡག་པོ་མེད་སྟབས། དམ་ཚིག་གཙང་མ་ཞིག་ཡོང་མེད་དུས་མ་འདུག་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

༸གོང་ས་མཆོག་གིས་འཛམ་གླིང་གི་ཆོས་ལུགས་ཚང་མས་མཐུན་འབྲེལ་བྱེད་དགོས་པ་གལ་ཆེན་ཡིན་པའི་སྐོར་ལ་གསུངས་དོན། སྦྱིར་ང་ཚོ་འཛམ་གླིང་སྟེང་ཡེ་ཤུ་དང་ཁ་ཆེ། ཇེའུ། མུ་རྟག་པ། དེ་དང་དེ་འདྲ་བའི་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་ཀྱི་ཡོད། མི་ལ་ཕན་ན་འགྲིག་པ་རེད། རང་སོ་སོའི་ཆོས་བརྒྱུད་དེར་སེམས་པ་རྣམ་དག་བྱེད་མཁན་འདྲ་འདུག ངས་ངོ་ཤེས་པའི་ཡེ་ཤུ་དང་ཁ་ཆེ། ཧིན་རྡུ། ཇེའུ་སོགས་ཀྱི་ཆོས་པ་མང་པོ་ཡོད། རང་རང་གི་ཆོས་རྣམ་དག་བྱས་ནས་ཕྱིན་ན་སེམས་རྒྱུད་སྤོབས་མདོག་ལྷོད་པོ་ཆགས་པ་དང་། བྱམས་བརྩེའི་བསམ་པས་གཞན་ཕན་སྒྲུབ་པའི་རིགས་ཆོས་བརྒྱུད་ཚང་མར་ཡོད་སྟབས། ཆོས་ལུགས་ཚང་མར་གུས་བརྩི་དང་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

༸གོང་ས་མཆོག་གིས་མུ་མཐུད་དུ་བོད་པའི་ཆོས་ལུགས་ཆོས་བརྒྱུད་ཁག་གིས་མཐུན་འབྲེལ་བྱེད་དགོས་སྐོར་གསུངས་དོན། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་། ཇོ་ནང་བོན་དང་བཅས་པ་ཚང་མ་མཐུན་སྒྲིལ་ཡོང་རྒྱུ་གལ་ཆེན་རེད། དེ་རིང་ཁ་སང་བོན་གྱི་གདན་སའི་ནང་གཞུང་སྦྱོང་རྒྱུ་དང་། རྩོད་པ་དང་བརྟག་གསལ་གཏོང་བ། གཞུང་ཆེན་རིགས་དབུ་མ་འཇུག་པ་ལ་སོགས་པའི་སངས་རྒྱས་ཀྱི་གཞུང་དག་ལ་གཟིགས་པའི་ལམ་སྲོལ་ཞིག་ཆགས་ཡོད་སྟབས། བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་ཆོས་བརྒྱུད་འཛིན་མཁན་ཚང་མར་སྟོན་པ་ཅིག་གི་འགྲིག་འགྲོ་བ་དང་། དེའི་ནང་ཚན་ནས་དཔལ་ན་ལཎྜའི་གཅིག་གྱུར་ཆགས་ཡོད་དུས། དགེ་ལུགས་ཟེར་བ་འདྲ་བོ་དང་རྙིང་མ་ཟེར་བ་འདྲ་བོ། ས་སྐྱ་ཟེར་བ་འདྲ་བོ། བཀའ་རྒྱུད་ཟེར་བ་འདྲ་བོ། བཀའ་བརྒྱུད་ལའང་འབྲི་གུང་པ་ཟེར་བ། འབྲུག་པ་བཀའ་བརྒྱུད་ཟེར་བ། དེ་བཞིན་ཀམ་ཚང་བཀའ་བརྒྱུད་བཅས་ཀྱི་དབྱེ་བ་མང་པོ་དབྱེ་ན་ཡག་པོ་ཡོད་པ་མ་རེད། ཐུགས་མཐུན་ཁྲིམས་གཙང་ཧ་ཅང་གལ་ཆེན་པོ་རེད། ཐུགས་མཐུན་ཁྲིམས་གཙང་ཟེར་བ་དེ་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་གཞུང་དག་ཀློག་པ་དང་ལྟ་བ། བསམ་བློ་བཏང་ནས་དཔྱད་བརྡར་བྱོས། ས་དགེ་བཀའ་རྙིང་སུ་དང་སུ་ཡིན་ནང་བླ་མ་ཚད་ལྡན་ཞིག་ཡིན་ན་དེའི་འཁྲིས་སུ་བཀའ་ཆོས་དང་བྱིན་རླབས་ཞུ། དངོས་གནས་དྲང་གནས་ཆོས་ལུགས་མཐུན་འབྲེལ་འདི་ལྟར་ཡོང་གི་རེད།

ཆོས་ལུགས་མཐུན་འབྲེལ་ཟེར་ནས་འདྲ་ཆགས་པོ་བྱས་ན་ཡོང་རྒྱུ་གང་ཡང་མེད་པར་སེམས་ཀྱི་སྟེང་ནས་ཡིད་ཆེས་དགོས་ཀྱི་ཡོད། ཡིད་ཆེས་མེད་ན་མཐུན་འབྲེལ་ཞིག་གང་ནས་ཡོང་གི་རེད། ཡིད་ཆེས་ཡོང་བར་ཤེས་དགོས་ཀྱི་ཡོད། ཤེས་པར་བརྟག་དཔྱད་བྱེད་དགོས་པ་རེད། འདི་ལྟར་བྱས་ནས་ང་རང་ཚོའི་རིས་སུ་མཆིས་པའི་རྒྱལ་བའི་བསྟན་པ་ཚང་མ་མཐུན་འབྲེལ་དགོས་པ་གལ་ཆེན་པོ་རེད། ང་ཚོས་ལོ་རྒྱུས་ལ་བལྟས་ན། དགེ་ལུགས་དགོན་པ་དེ་འདྲས་རྙིང་མ་དང་བཀའ་བརྒྱུད་ཀྱི་དགོན་པར་ཐུབ་ཚོད་བཏང་བ་དང་། ཡང་བཀའ་བརྒྱུད་པའི་དུས་ཚོད་ཤིག་ལ་བཀའ་བརྒྱུད་པས་དགེ་ལུགས་པར་ཐུབ་ཚོད་བྱས་ཏེ་སྨོན་ལམ་ཚོགས་མ་ཐུབ་པ་བྱུང་བ་རེད། དེ་དག་ཞབས་འདྲེན་དང་སྡིག་པ་བསགས་པ་མ་གཏོགས་ཕན་ཐོགས་གང་ཡང་བྱུང་མེད། ཅེས་སོགས་གསུངས་སོང་།

སང་ཉིན་སྔ་དྲོ་༸གོང་ས་མཆོག་གི་སེམས་བསྐྱེད་ཀྱི་ཆོ་ག་གསོག་སྒྲུབ་དང་ཉིན་གུང་རྗེས་དུས་དབང་གནང་རྒྱུ་ཡིན་འདུག

གསར་འགོད་པ་ལྷ་སྐྱབས་རྒྱལ་གྱིས་ལ་དྭགས་རྒྱལ་ས་སླེ་ནས

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༩ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. ལྷག་བསམ། says:
    ལོ་ 12 སྔོན།

    གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཧ་ཅང་རླབས་ཆེན་པོ་གནང་འདུག སྐྱེས་མཆོག་དམ་པ་ཁོང་གི་གཏིང་ཟབ་ལ་རྒྱ་ཆེ་བའི་བཀའ་བཀོད་རྣམས་ཆོས་བརྒྱུད་ཁག་གི་དགོན་པ་གྲྭ་ཚང་ཁག་དང་བོད་གཞུང་། དེ་བཞིན་སློབ་གྲྭ་ཁག་དང་ཚོགས་པ་སྒྲིག་འཛུགས་ཁག་ཚང་མས་ལག་ལེན་བསྟར་དགོས།
    གདན་ས་ཁག་གི་དགེ་བཤེས་ཚོའི་སློབ་ཚན་ནང་དུ་བོན་གཞུང་དང་ཇོ་ནང་གི་གཞུང་། དེ་བཞིན་རྙིང་མ་དང་བཀའ་བརྒྱུད་སོགས་ཀྱི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་དགོས་ཀྱི་འདུག དེ་བཞིན་སློབ་གྲྭ་ཁག་གི་ཆོས་དགེ་ཚོས་ཀྱང་སློབ་ཕྲུག་ཚོར་བོན་གཞུང་སོགས་སློབ་འཁྲིད་གནང་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese