མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་ས་ནས་གཞིས་རྩེ་བར་ལྕཊ་ལམ་བཟོས་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བཟོ་སྐྲུན་ལེགས་འགྲུབ་བྱུང་སྟེ་ཚོད་ལྟ་ཡང་བྱས་ཡོད་པ་མ་ཟད། ཟླ་རྗེས་མའི་ནང་མེ་འཁོར་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར། ཉེ་ལམ་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་གསར་སྐྲུན་ཟིན་ཏེ་ཟླ་འདིའི་ཚེས་ ༢༢ ཉིན་ཚོད་ལྟ་བྱས་ཡོད་པ་མ་ཟད། ཟླ་རྗེས་མའི་ནང་མེ་འཁོར་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། གནས་ཚུལ་ནང་མུ་མཐུད་དུ། ༢༠༡༦ ལོར་གཞིས་རྩེ་ནས་རྒྱ་གར་དང་བལ་ཡུལ། འབྲུག་བཅས་ཀྱི་ས་མཚམས་སུ་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱེད་མགོ་ཚུགས་ཏེ་ ༢༠༢༠ ལོའི་ནང་ཚུད་དུ་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་སྐོར་ཡང་བསྒྲགས་འདུག

སྲིད་དོན་དབྱེ་ཞིབ་པ་ཚོས། སང་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སུ་ཞི་མཱ (Sushma Swaraj)བལ་ཡུལ་ནང་བསྐྱོད་དེ་བལ་ཡུལ་དུ་གློག་ཁང་གསར་རྒྱག་སོགས་ལས་གཞི་ཁག་ཅིག་གི་ཐོག་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཟླ་རྗེས་མར་སྲིད་བློན་ནཱ་རེན་ཌ་མུ་དྷེ་བལ་ཡུལ་ནང་བསྐྱོད་འཆར་ཡོད་པ་བཅས་ལ་བརྟེན་ཏེ། དེ་རིང་རྒྱ་ནག་གིས་ས་མཚམས་ཁུལ་དུ་ལྕགས་ལམ་རྒྱ་སྐྱེད་གཏོང་འཆར་ཡོད་པ་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་བརྗོད་འདུག

བོད་རང་སྐྱོང་ལྗོངས་མེ་འཁོར་འགྲིམ་འགྲུལ་ལས་ཁང་གི་ངེས་སྟོན་པ་གཞོན་པ་ཡང་ཡུ་ལིན་ (YangYulin)ཟེར་བ་དེས། རྒྱ་ནག་གི་གོ་ལའི་དུས་བབ་ ( Global Times)ཞེས་པའི་གསར་འགོད་པར། ལྷ་ས་ནས་གཞིས་རྩེ་བར་ལྕགས་ལམ་གསར་སྐྲུན་ཟིན་ཏེ། ཟླ་རྗེས་མའི་ནང་བོད་མིའི་ཆོས་ཕྱོགས་ཀྱི་བླ་ཆེན་གཉིས་པ་བཞུགས་ཡུལ་གྲོང་ཁྱེར་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་པ་མ་ཟད། ༢༠༡༦ ལོར་མཚོ་བོད་ལྕགས་ལམ་གྱི་སྣེ་གཉིས་སུ་གྱེས་ཏེ་སྣེ་གཅིག་བལ་ཡུལ་དང་སྣེ་གཞན་དེ་རྒྱ་གར་དང་འབྲུག་གི་ས་མཚམསས་བར་མཐུད་དེ། ༢༠༢༠ ལོར་ཁྱིམ་མཚེས་རྒྱལ་ཁབ་དེ་གཉིས་ཀྱི་ས་མཚམས་བར་མེ་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན། €ཞེས་དང་། ཁོས་རྒྱ་ནག་མི་དམངས་ཉིན་རེའི་གསར་ཤོག་སྟེང་། གོར་མོ་ནས་ལྷ་ས་བར་གྱི་མཚོ་བོད་ལྕགས་ལམ་བཟོ་སྐྲུན་བྱེད་སྐབས་ཁོར་ཡུག་ལ་གནོད་པ་མི་འབྱུང་ཐབས་ལ་འབད་བརྩོན་བྱས་པ་ལྟར། ད་རེབ་ང་ཚོས་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་གསར་བཟོའི་སྐབས་སུ་གང་ཐུབ་ཀྱིས་ཁོར་ཡུག་ལ་མི་གནོད་པ་བྱས་ཡོད་སྟབས། མ་འོངས་པར་ལྕགས་ལམ་འདིས་བོད་ལྷོ་ནུབ་ཁུལ་དུ་གནས་སྡོད་བྱེད་མཁན་གྱི་བོད་རིགས་འབུམ་བདུན་ལྷག་གི་འགྲིམ་འགྲུལ་གྱི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན། ཞེས་སོགས་བརྗོད་འདུག

༢༠༠༦ ལོར་རྒྱ་གཞུང་གིས་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མི་ཌར་ ༥༠༠༠ ལྷག་ཡོད་པའི་གོར་མོ་ནས་ལྷ་ས་བར་གྱི་ ལྕགས་ལམ་སྒོ་ཕྱེ་ཡོད་པ་དང་། ད་རེབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མི་ཊར་ ༣༦༠༠ ནས་ ༤༠༠༠ བར་དང་། རིང་ཚད་ལ་ཀི་ལོ་མི་ཊར་ ༢༥༣ དང་བབས་ཚུགས་ ༡༣ ཙམ་ཡོད་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བཟོ་སྐྲུན་བྱས་ཡོད་ཅིང་། ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་ལྕགས་ལམ་དེ་ཆུ་ཚོད་གཅིག་ལ་ཆ་སྙོམས་སྤྱི་ལེ་ ༡༢༠ ཙམ་རྒྱུག་ཐུབ་ཀྱི་ཡོད་འདུག འདི་ནི་རྒྱ་ནག་གཞུང་གི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་གྲས་ནས་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ལས་འཆར་གལ་ཆེ་ཤོས་ཤིག་ཆགས་ཡོད་འདུག

ཉེ་ལམ་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཡར་རྒྱས་སུ་བཏང་སྟེ་རྒྱ་གར་གྱི་མཐུན་གྲོགས་སུ་འགུག་ཐབས་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཉེ་ལམ་འབྲུག་ནང་ཕེབས་ཏེ་དམག་སྦྱོང་དང་ཚོང་འབྲེལ་ཤུགས་ཆེ་རུ་གཏོང་རྒྱུར་གྲོས་མཐུན་བྱུང་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་མང་པོས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར། རྒྱ་ནག་གིས་འགྲོ་སོང་ཕོན་ཆེན་བཏང་སྟེ་མཚོ་བོད་ལྕགས་ལམ་དེ་གཞིས་རྩེ་བར་མཐུད་ཡོད་པ་དང་། མ་འོངས་པར་བལ་ཡུལ་དང་འབྲུག རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་བར་སླེབས་ཐབས་བྱེད་དོན་གཙོ་བོ། ས་ཁུལ་དེ་དག་བོད་དང་ས་འབྲེལ་ཆགས་ཡོད་པ་མ་ཟད་ཨེ་ཤ་ཡའི་གནད་ས་དག་ཆགས་ཡོད་སྟབས། རྒྱ་གར་དང་བལ་ཡུལ། འབར་མ། འབྲུག་བཅས་ལ་རྒྱ་ནག་གི་ཐབས་ཇུས་བཀོད་སྒྲིག་རྒྱ་སྐྱེད་གཏོང་ཆེད་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. འོ་ཐིགས། says:
    ལོ་ 12 སྔོན།

    བོད་མི་ཆོས་སེམས་ཅན་ཡིན། རྒྱ་མི་དོགས་སེམས་ཅན་ཡིན། བོད་མིས་མནའ་མི་ཟ། རྒྱ་མིས་ལྕགས་མིན་པ་ཚང་མ་ཟ། ཟོག་ཡང་དེ་བཞིན་ཡིན། དེའི་ཕྱིར་༼མི་མིན་ཟོག་མིན་༽་ཞེས་པ་དེ་བོད་པ་ལས་རྒྱ་མི་ལ་མཛའ།
    བོད་པ་ཞིག་ཡིན་ན་བོད་སྐད་དང་བོད་ཡིག་ཤེས་དགོས། གལ་ཏེ་ཁོར་ཡུག་གི་དབང་གིས་ཤེས་མ་ཐུབ་པའི་དབང་དུ་བཏང་ཡང་བོད་ལ་ཞེན་ཁོག་ཡོད་དགོས། བོད་ལ་ཞེན་ཁོག་མེད་པའི་ཁར་བོད་ཡིག་ཞིག་བྲིས་པ་དེ་ཡང་དག་ཆ་མེད་པ་ཞིག་ཡིན་ན་མི་དེ་ལ་བོད་མིན་ཟོག་མིན་ཞེས་བོས་ན་དག་དག་བསྡད་ཡོད་ངེས།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་དེ་རྒྱ་ནག་གིས་ཟ་ཚར་པའི་རྗེས་འདིར་རྒྱ་གར་དང་བལ་ཡུལ་གཙོས་ལྷོ་ཨེ་ཤ་ལ་ཡི་རྒྱལ་ཁབ་མང་ཆེ་བ་རྒྱ་ནག་གིས་བཀོད་བྱུས་ལག་འོག ཏུ་བསྡུ་རྒྱུ་ལས་སླ་ཞེ་པོ་བཟོས་ཚར་པ་འདྲ་ད་དུང་བོད་དོན་ཧཧཧ་བོད་པ་ནི་མི་རྒྱ་ཆ་བཅུ ཙམ་མ་གཏོགས་འགྲོ་པ་མིའི་བཟོ་ཏ་མེད་མཁན་ཞིག་གི་འཛམ་གླིང་ནང མི་འབོར་མང་ཤོས་ཡིན་པ་མ་ཚད་མི་སྤྱང་གྲུང་འཛོམ་ཤོས་རྒྱ་མི་ལ་ཁ་གཏད་ཅོག་རྒྱུ་ནི་ནམ་མཁའ་ལག་པའི་འགེབས་པ་ཅིག་པ་རེད་ཧཧ་མི་མིན་ཟོག་མིན་བོད་པ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese