མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུའི་གྱ་སྟོན་དང་འབྲེལ་ནས་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

ལོ་རྗེས་མར་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པ་དང་བསྟུན་ཏེ། བོད་མིའི་སྒྲིག་འཛུགས་དང་དགེ་ལྡན་ལྷན་ཚོགས། མདོ་སྨད་ཆོལ་ཁ་གསུམ་མཉམ་འབྲེལ་ཐོག་སྐུའི་གྱ་སྟོན་དང་འབྲེལ་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་ཐོག ལོ་རྗེས་མར་༧གོང་ས་མཆོག་དགུང་གྲངས་ ༨༠ ཞེས་སྐབས་སྐུའི་གྱ་སྟོན་བརྟན་བཞུགས་འབུལ་ཕྱོགས་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། གསར་འགོད་ལྷན་ཚོགས་ཐོག་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཆོས་རིག་དྲུང་ཆེ་དོན་འགྲུབ་རྡོ་རྗེ་ལགས་དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་བཅས་ལྷན་བཞུགས་ཐོག སྐུའི་གྱ་སྟོན་སྲུང་གཙི་ཞུ་ཕྱོགས་ཀྱི་རྒྱབ་ལྗོངས་གནས་ཚུལ་སྐོར་ལ་ཆོས་རིག་དྲུང་ཆེ་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་བརྗོད་དོན། ༢༠༡༥ ལོར་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་ཀྱི་ཡོད་སྟབས། ང་ཚོས་དེ་དང་བསྟུན་ཏེ་སྐུའི་འཁྲུངས་སྐར་ཉིན་མོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གཉིས་ནས་བརྟན་བཞུགས་ཤིག་འབུལ་རྒྱུ་སྙན་སེང་ཞུས་པ་དང་ཆབས་ཅིག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་སམ་དགེ་ལུགས་སྤྱི་ཐོག་ནས་ཀྱང་དེ་ལྟར་གསོལ་འདེབས་ཞུས་འདུག

ཉེ་ལམ་ཕྱི་ཟླ་ ༤ ཚེས་ ༧ ཉིན་དགའ་ལྡན་ཕོ་བྲང་ནས་བཀའ་ཡིག་ཕེབས་པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱིས་བརྟན་བཞུགས་འབུལ་རྒྱུའི་སྙན་སེང་བསྒྲོན་པ་དེ། ༧གོང་ས་མཆོག་འཆར་ལོའི་འཁྲུངས་སྐར་སྐབས་དྷ་སར་བཞུགས་འཇགས་གནང་གི་མེད་པ་དང་། འཁྲུངས་སྐར་དེ་ཨ་རིར་ཐུགས་གཏན་འཁེལ་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་བརྟན་བཞུགས་དང་། མདོ་སྨད་ཆོལ་ཁའི་སྐུའི་གྱ་སྟོན་གྱི་བརྟན་བཞུགས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་བརྟན་བཞུགས་རེ་རེ་བཞིན་མི་དགོས་པར་ཐུན་མོང་ཐོག་བསྟར་འབུལ་ཞུས་ན་ལེགས་བཀའ་ཁྲོལ་ཐོབ་པ་ལྟར། ཟླ་འདིའི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་དགེ་ལྡན་ཚོགས་པའི་མཁན་རིན་པོ་ཆེ་དབུས་པའི་ཆོས་འཕེལ་བཟོད་པ་ལགས་དང་ཚོགས་མི་གཞན་ཞིག་བཅས་འཐུས་མི་གསུམ་དང་། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཆུང་དང་ཟུང་དྲུང་། དེ་བཞིན་མདོ་སྨད་ཆོལ་ཁའི་ཚོགས་གཙོ་དབུས་པའི་ཚོགས་མི་གཉིས་བཅས་ཀྱིས་གྲོས་བསྡུར་བརྒྱུད་གསར་འགོད་གསལ་བསྒྲགས་འདི་སྤེལ་རྒྱུ་ཐག་གཅོད་བྱས་པ་ཡིན། ཞེས་བརྗོད་སོང་།

ཆོས་རིག་ལས་ཁུངས་ཀྱིས་བརྟན་བཞུགས་འབུལ་ཕྱོགས་སྐོར་ལ། ང་ཚོ་ཆོས་རིག་ལས་ཁུངས་ལ་མཚོན་ན། བརྟན་བཞུགས་འདི་སྔོན་མ་ནས་ཐུགས་གཏན་འཁེལ་བ་ཞིག་ཆགས་ཡོད་པ་མ་ཟད། བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཐད་ ༢༠༡༤ ལོའི་ཟླ་ ༦ ཚེས་ ༢༤ ཉིན་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་མི་ཡིན་ནོ་ཅོག་གིས་སོ་སོ་ག་པར་གནས་ཡོད་ཀྱང་། རྒྱལ་ཁབ་དང་ཡུལ་ལུང་དེའི་དངུལ་སྒོར་ ༣ རེ་ཞལ་འདེབས་འབུལ་ལམ་ཞུ་དགོས་པ་དང་། དེའི་སྒང་ལ་དང་འབུལ་ཞུ་མཁན་ཡོད་ཚེ་ང་ཚོས་ཞུ་གི་ཡིན་ཟེར་ནས་གསལ་བསྒྲགས་བཏང་ཟིན་ཡང་། རྗེས་སུ་བརྟན་བཞུགས་འདི་ང་ཚོ་ཐུན་མོང་ཐོག་འབུལ་རྒྱུའི་ངོ་བོར་གྱུར་ཡོད་སྟབས། ང་ཚོས་གོ་སྡུར་བརྒྱུད་ཐེངས་དང་པོ་ཚོགས་ཆུང་ཞིག་བཙུགས་ནས་མང་ཚོགས་ཚོར་མཁྱེན་རྟོགས་ཡོང་ཆེད་གསལ་བསྒྲགས་འདི་ཞུས་པ་ཞིག་ཡིན། ཞེས་སོགས་བརྗོད་སོང་།

དེའི་རྗེས་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས། ཐོག་མར་བརྟན་བཞུགས་འདི་གལ་ཆེན་དོན་ཆེན་དུ་གཟིགས་ཏེ་སྙན་སེང་ཞུ་མཁན་དེ་མདོ་སྨད་ཆོལ་ཁ་རེད། མདོ་སྨད་ཆོལ་ཁས་སྔ་ས་ནས་སྙན་སེང་ཞུས་ཏེ་བཀའ་བཞེས་ཟབ་མོ་ཐོབ་པ་མ་ཟད། ཁོང་རྣམ་པས་འཕྱར་བ་གྲུ་འདེགས་ཐོག་ནས་གྲ་སྒྲིག་འཐུས་ཚང་གནང་འདུག དངོས་གནས་རྗེས་སུ་ཡི་རངས་ཞུ་དགོས་པ་ཆགས་འདུག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ལ་གྲྭ་ཚང་ ༡༡ ཡོད་ཁོངས་སུ་རྣམ་རྒྱལ་གྲྭ་ཚང་ཡོད་སྟབས་ངས་ཁོང་རྣམ་པའི་ཚབ་བྱེད་རོགས་ཞེས་བཀའ་མངགས་གནང་བ་ལྟར་ཚབ་བྱས་ཏེ་ཞུ་གི་ཡོད།

ལོ་སྔོན་མའི་ལམ་རིམ་གསུང་ཆོས་སྐབས་སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་གཙོས་གྲྭ་ཚང་ ༡༡ གི་མཁན་ལས་ཟུར་རྣམ་པ་ཚང་མ་མཇལ་ཁར་བཅར་ཏེ། ༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་དུས་སྟོན་དང་འབྲེལ་ནས་བརྟན་བཞུགས་ཤིག་འབུལ་རྒྱུའི་གསོལ་འདེབས་ཞུས་དོན་ལྟར་༧གོང་ས་མཆོག་གིས་འགྲིག་གི་རེད་གསུངས་ནས་ཞལ་བཞེས་ཟབ་མོ་ཐོབ་སྟབས། བརྟན་བཞུགས་ཀྱི་བྱེད་སྒོ་རྣམ་གསུམ་ཕྱི་ཟླ་ ༩ ནང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པའི་ཐོག་གཏན་འབེབས་ཞུ་རྒྱུ་ཡིན། བརྟན་བཞུགས་འབུལ་རྒྱུ་དེ་ཆུ་ཚོད་གཉིས་གསུམ་རིང་ཞལ་འདོན་གནང་རྒྱུ་ཙམ་མིན་པར། ལོ་གཅིག་རིང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་དགེ་ལུགས་པ་སྤྱི་ཡོངས་ཀྱིས་༧གོང་ས་མཆོག་གི་ཐུགས་དགྱེས་པའི་མཆོད་སྤྲིན་ཆེད་ཤེས་ཡོན་དང་ཆོས་ཕྱོགས་སོགས་ལ་བགྲོ་གླེང་བཅས་ཀྱི་མཛད་རིམ་མང་པོ་ཞིག་སྒྲིག་གི་ཡོད། དེ་ཚོ་ཟླ་ ༩ པའི་རྗེས་ལ་གསལ་བསྒྲགས་ཞུ་རྒྱུ་ཡིན། ཞེས་སོགས་བརྗོད་གནང་སོང་།

མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས། གྱ་སྟོན་འཚོགས་རྒྱུ་དེ་མདོ་སྨད་ཆོལ་ཁ་གཅིག་པུ་མིན་པར་དམིགས་བསལ་ཚོགས་ཆེན་མ་སྐོང་སྔོན་ལ་ཆོལ་ཁ་གཞན་ཚོར་སོ་སོས་འབྲེལ་བ་བྱས་ཏེ། སྐད་ཆ་དེ་འདྲ་དྲིས་པ་ཡིན། སྐབས་དེར་ཁོ་ཚོར་གྱ་སྟོན་ཟེར་བའི་ལམ་ལུགས་སྲོལ་དེ་འདྲ་གསལ་པོ་མེད་པའི་རྣམ་པ་ཞིག་མཐོང་སོང་། ཡིན་ཡང་། མདོ་སྨད་ཆོལ་ཁ་ལ་དམིགས་བསལ་གྱིས་སོ་སོའི་ཕ་མ་དང་བླ་མ་ཡན་ཆད་ལ་བཀའ་དྲིན་གསོ་ཆེད་དམིགས་བསལ་ལུགས་སྲོལ་ཞིག་ཡོད་སྟབས། ༢༠༡༢ ལོའི་ཟླ་ ༣ ཚེས་ ༡༥ ཉིན་ཚོགས་ཆེན་ཐོག་མདོ་སྨད་ཆོལ་ཁའི་ངོས་ནས་སྐུའི་གྱ་སྟོན་གོ་སྒྲིག་ཞུ་དགོས་ཀྱི་འདུག་ཅེས་ཐུགས་གཏན་འཁེལ་ཡོད་པ་ལྟར། ༢༠༡༢ ལོའི་ཟླ་ ༣ ནང་༧གོང་ས་མཆོག་ལ་སྙན་སེང་ཞུས་ཏེ། ༢༠༡༢ ལོའི་ཟླ་ ༤ ཚེས་ ༨ ཉིན་ཞལ་བཟང་བསྐལ་བ་ཐོབ་ཡོད་པ་རེད། དེ་བཞིན། ༢༠༡༣ ལོའི་ཟླ་ ༣ ཚེས་ ༡༥ དང་ ༡༦ ཉིན་གཉིས་རིང་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་དམིགས་བསལ་ཚོགས་ཆེན་ཞིག་སྐོང་ཚོགས་བྱས་ཏེ། ཚོགས་ཆུང་ཞིག་གསར་འཛུགས་བྱས་ཏེ་ལས་རིམ་ཚང་མ་གཏན་འབེབས་བྱས་པ་རེད། ༧གོང་ས་མཆོག་གི་སྐུའི་གྱ་སྟོན་ཟེར་སྐབས་གལ་ཆེན་པོ་ཞིག་དང་ལས་ཀ་རྒྱ་ཆེན་པོ་ཞིག་ཡིན་སྟབས། ང་ཚོས་ད་རེབ་གྱ་སྟོན་འདི་བཙན་བྱོལ་ནང་ཡོད་པའི་མདོ་སྨད་གཅིག་པུ་མིན་པར། བོད་ཕྱི་ནང་གཉིས་དང་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཡོད་དོ་ཅོག་ལ་མ་གོ་མ་ཐོས་མེད་པ་ཞིག་བཟོས་ཡོད།

༢༠༡༤ ལོའི་ཟླ་ ༤ ཚེས་ ༧ ཉིན་དགའ་ལྡན་ཕོ་བྲང་ནས་བཀའ་ཡིག་ཟབ་མོ་ཕེབས་ཏེ། སྔ་ལོར་མདོ་སྨད་ཆོལ་ཁས་གསོལ་བ་བཏབས་པ་བཞིན་དེ་ལ་ཐུགས་གཏན་འཁེལ་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་དང་དགེ་ལུགས་སྤྱི་ཐོག་ནས་ཀྱང་དེ་བསྟུན་གནང་ན་ཞེས་བཀའ་ཡིག་ཕེབས་པ་ལྟར། ང་ཚོ་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཚང་མས་ཡིག་ཆུང་དེ་དང་འབྲེལ་བའི་ཐོག་ལ་ཚོགས་འདུ་ཚོགས་ཏེ་མདོ་སྨད་ཆོལ་ཁ་དང་བོད་མིའི་སྒྲིག་འཛུགས། དགེ་ལུགས་སྤྱི་ཐོག་གསུམ་མཉམ་འབྲེལ་བྱེད་རྒྱུའི་ཐག་གཅོད་བྱུང་བ་རེད། བོད་གཞུང་དང་མདོ་སྨད་ཆོལ་ཁ་མཉམ་དུ་བྱས་པ་དེ་གཟི་བརྗིད་ཅིག་རེད་བསམ་གྱི་ཡོད། མཉམ་རུབ་བྱེད་སྐབས་མང་ཚོགས་ཚོར་བྱུང་རིམ་དེ་གསལ་གསལ་ཐིང་ཐིང་ཞིག་བཟོ་དགོས་ཀྱི་འདུག ཅེས་གསར་འགོད་གསལ་བསྒྲགས་འདི་སྤེལ་བ་རེད། ཅེས་སོགས་བརྗོད་སོང་།

དབུས་བོད་མིའི་སྒྲིག་འཛུགས་དང་མདོ་སྨད་ཆོལ་ཁ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཐུན་མོང་གི་བརྟན་བཞུགས་འདི། ༢༠༡༥ ལོའི་ཟླ་ ༦ ཚེས་ ༢༡ དང་། བོད་ལུགས་རྩིས་ན་བོད་ཟླ་ ༥ པའི་ཚེས་ ༥ ཉིན་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 8

  1. གངས་སྲས། says:
    ལོ་ 12 སྔོན།

    ༸སྤྱི་ཚོགས་ནང་༸གོང་ས་མཆོག་གི་མཚན་བེད་སྤྱོད་དང་འབྲེལ་བའི་དུས་དྲན་སོགས་བརྗོད་དུས་མི་མང་པོ་ཞིག་ནས་ཞལ་འདེབས་རང་བཞིན་གྱིས་འབུལ་གྱི་ཡོད། འོན་ཀྱང་དེ་དག་གང་དུ་བཏང་གི་ཡོད་གསལ་པོ་མཁྱེན་དགོས།
    ལྷག་པར་བརྟན་བཞུགས་འབུལ་མཁན་དག་གིས་ཞལ་འདེབས་ཆ་ཤས་ཞིག་ཆོས་ཕྱོགས་ཀྱི་བྱེད་སྒོར་འགྲོ་གི་ཡོད་ནའང་། བཀའ་བཞིན་སྒྲུབ་པ་མཆོད་པས་མཉེས་པར་བྱེད་དགོས་ཞེས་པ་ལྟར། སྤྱི་ཚོགས་ཕན་བདེ་སོགས་དཀའ་ངལ་ཅན་ཚོར་བཏང་ཐུབ་ན་ཧ་ཅང་ལེགས་ཞུ་རྒྱུ་ཡིན།།

    Reply
  2. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    སྐེ་མདུད་ཅན་དེ་མདོ་སྨད་མི་མང་གི་ནང་ན་ཡོད་ལ་མེད་ལ་དེ་ཡིན་པའི་སྐད་ཆ་རེད། དེའི་བཟོ་ལྟའང་བློར་མ་བབས་ན་འདི་ལས་ལྷག་ཅིག་མདོ་སྨད་ལ་མེད་པ་འདྲ། ཨ་རོགས། ཇོ་རུ། ཕོ་གསར་རྫིག་པོ་འདུག་ད།

    Reply
  3. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    གནས་ཚང་། ཉི་ཤུ་རྩ། སུམ་ཅུ་སོ། བཞི་བཅུ་ཞེ། བརྒྱད་ཅུ་གྱ་ཟེར་གི་རེད་ལོ། རྗེས་མ་ནས་ཏག་ཏག་ལབ་ཐུབ་བ་བྱོས་ཤོག་ལོ།

    Reply
  4. སྙིང་རྩ་སྤར་འཛིན། says:
    ལོ་ 12 སྔོན།

    ཝེ། གནས་ཚང་། བརྒྱད་ཅུ་ལ་གྱ་མི་ཟེར་ན་ཅི་ཟེར་གི་རེད། བརྒྱད་ཅུ་གྱ་གཅིག་ལ་བརྒྱད་ཅུ་གཅིག་གི་ཟེར་གི་རེད་དམ། ཡར་མར་མི་ཤེས་ནའང་བཙུམ་མི་ཤེས་སམ།

    Reply
  5. གནས་ཚང་། says:
    ལོ་ 12 སྔོན།

    བརྒྱད་ཅུ་ལ་ཟེར་གྱི་ཡོད་ན། ཅུ་སྟོན་ལབ་ན་ལེམ་པོ་མི་འདུག་གམ། མག་པ་དང་མནའ་མའམ་བག་མ་ཟེར་བའི་རྗེས་སུ་སྟོན་སྦྱར་ན་ཧ་གོ་སླ་ཡང་། བརྒྱད་ཅུ་ལ་གྱ་ཟེར་བ་ཞིག་བོད་སྐད་ནང་འདུག་གམ།

    Reply
  6. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    བརྒྱད་ཅུའི་གྱ་སྟོན་རྒྱ་མིའི་སྐད་འདྲ་བོ་ཡོད་ན། བག་མའི་བག་སྟོན། མག་པའི་མག་སྟོན་ཡང་རྒྱ་མིའི་སྐད་འདྲ་བོར་ཡོད་དགོས་པར་ཐལ། ཉོག་གཏམ་རང་རེད། འོན་ཀྱང་། མདོ་སྨད་དབུས་རྒྱུན་ཚོགས་གཙོས་སྐུའི་བརྟན་བཞུགས་ཀྱི་གསར་འགོད་གསལ་བསྒྲགས་སྐབས། བོད་ལྭ་ཞིག་ཀྱང་མི་གྱོན་པར་ཕྱི་ལྭ་གྱོན་ནས་སྐེ་མདུད་རྒྱག་ཚུལ་བལྟས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་དུ་སླེབས་པ་ཨེ་རེད། གསར་འགོད་གསལ་བསྒྲགས་འདི་བོད་མི་མང་ལ་སྒྲོག་དགོས་པ་ལས་ཕྱི་རྒྱལ་ལ་སྒྲོག་དགོས་པ་མ་རེད། བཟོ་ལྟ་དེ་འདྲ་ཆོ་མེད་པ་བསྟན་ན་ལེགས་པོ་མི་འདུག

    Reply
  7. བསྟན་འཛིན་འགྱུར་མེད། says:
    ལོ་ 12 སྔོན།

    མགོ་ཉོག་པོའི་གནས་ཚུལ་མང་པོ་ཞིག་ཆགས་སོང་། སྔོན་མ་མདོ་སྨད་བསྟན་བཞུགས་གོ་སྒྲིག་ཚོགས་ཆུང་གིས་སྐུའི་གྱ་སྟོན་དང་བརྟེན་བཞུགས་ཆེད་བོད་ཕྱི་ནང་གཉིས་ཀྱི་མདོ་སྨད་མི་མང་ལ་ཞལ་འདེབས་མང་པོ་ཞིག་བསྡུས་པ་རེད། ད་ལྟ་བོད་གཞུང་དང་དགེ་ལུགས་སྤྱི་ཡོངས་ཀྱིས་བརྟེན་བཞུགས་འབུལ་རྒྱུ་ཡིན་སྐོར་ཞིག་ཤོད་བཞིན་འདུག
    མགོ་ཉོག་གཞན་གཅིག་དེ་ག་རེ་རེད་ཟེར་ན། སྔོན་མ་ཤོད་སྟངས་བྱས་ན་སྐུའི་གྱ་སྟོན་སྐབས་བརྟེན་བཞུགས་མ་ཡིན་པའི་མཛད་རིམ་མང་པོ་ཞིག་ཡོད་སྐོར་ཁྱབ་བསྒྲགས་བྱས་པ་རེད། ད་རེས་ལས་རིམ་དེ་དག་སྐོར་ལ་ཁ་གསལ་གང་ཡང་བཤད་མི་འདུག གང་ལྟར་ད་དུང་གསལ་བཤད་ཡག་པོ་ཞིག་མ་བཟོས་པ་ཡིན་ན་མང་ཚོགས་མགོ་འཐོམ་གཞི་ཆེན་པོ་ཞིག་ཆགས་འདུག

    Reply
  8. གནས་ཚང་། says:
    ལོ་ 12 སྔོན།

    གྱ་སྟོན་ལབ་ན་རྒྱ་མིའི་སྐད་འདྲ་བོ་ཞིག་འདུག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese