མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པད་ནོར་རིན་པོ་ཆེའི་ཡང་སྲིད་པདྨ་རྡོ་རྗེ་མཆོག་ཁྲི་འདོན་སྟ་གོན།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༨ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་གསུམ་པ་གྲུབ་དབང་པདྨ་ནོར་བུ་མཆོག་གི་ཡང་སྲིད་པདྨ་རྡོ་རྗེ་མཆོག་སེར་སྐྱ་མི་མང་སྟོང་ཕྲག་མང་པོའི་ཕེབས་སུ་དང་བཅས་བོད་ནང་གི་གདན་ས་དཔལ་ཡུལ་མ་དགོན་བྱང་ཆུབ་ཆོས་གླིང་དུ་ཞབས་སོར་འཁོད་དེ་གསེར་ཁྲིར་མངའ་གསོལ་གྱི་སྟ་གོན་གནང་ཡོད་འདུག

སྔར་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དུ་ཡོད་པའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ནས་གསལ་བསྒྲགས་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༧ པའི་ཚེས་ ༣༡ ཉིན་ཆོས་འཁོར་དུས་ཆེན་ཉིན་བསྟུན་ཏེ། པད་ནོར་རིན་པོ་ཆེའི་ཡང་སྲིད་པདྨ་རྡོ་རྗེ་མཆོག་བོད་ནང་གི་དཔལ་ཡུལ་མ་དགོན་དུ་ཁྲི་འདོན་མངལ་གསོལ་གནང་རྒྱུ་ཡིན་སྐོར་བསྒྲགས་ཡོད།

གྲུབ་དབང་པདྨ་ནོར་བུ་རིན་པོ་མཆོག་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༢༧ ཉིན། རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་གདན་ས་ཆེན་མོ་རུ་སྐུ་གྲོངས་ཡོད་པ་རེད།

༢༠༡༣ ཟླ་ ༡༢ ཚེས་ ༥ ཉིན་རྣམ་གྲོལ་གླིང་ཆོས་སྒར་ནས་གསལ་བསྒྲགས་སྤེལ་བར། བྱ་བྲལ་སངས་རྒྱས་རྡོ་རྗེ་འཆང་གི་ལུང་བསྟན་ནང་། སྙིང་ཐིག་ཡ་བཞིའི་གཏེར་གནས་ལེ་ལེན་ཁྲ་མོ་བྲག་གི་ཉེ་འདབས་སུ། ཞིང་གཤེགས་དམ་པ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུལ་བྲལ་ཞེས་གསུངས་པའི་ཐོག དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་རིན་པོ་ཆེས་ཉམས་སྣང་གཙོ་བོར་མཛད་ནས། བོད་དབུས་ཕྱོགས་དྭགས་པོའི་ཡུལ་དུ་རྙེད་སོན་བྱུང་བ་ངོས་འཛིན་ཐག་གཅོད་བྱུང་ཡོད། ཅེས་གྲུབ་དབང་པདྨ་ནོར་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་གནང་བ་གསལ་བསྒྲགས་སྤེལ་ཡོད།

གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་ལོ་རྒྱུས་མདོ་བསྡུས་འདི་ག་དུས་བབ་ཟིན་བྲིས་པ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་ཟིན་ཐོར་འཁོད་པའི་ནང་། ༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་ནི། ཕྱི་ལོ་ ༡༩༣༢ ལོར་མདོ་ཁམས་སྤོ་བོ་སྟོད་དུ་སྐུ་བལྟམས་ཤིང་། རྫོགས་ཆེན་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གྲུབ་དབང་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། ༡༩༣༦ ལོར་དཔལ་ཡུལ་དགོན་དུ་གདན་འདྲེན་ཞུས་ཏེ་སྐུ་གོང་མའི་གསེར་ཁྲིར་མངའ་གསོལ། མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་ཟླ་བ་རིན་པོ་ཆེ་ལས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ་སྔ་ཕྱི་བར་གསུམ་དུ་མཉེས་པ་གསུམ་གྱིས་བསྟེན་པས་གཙོས་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་བཀའ་གཏེར་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་གནང་།

༡༩༥༥ ལོར་དབུས་ཕྱོགས་སུ་ཕེབས་ཏེ་༧གོང་ས་རྒྱལ་བའི་དབང་པོའི་ཞབས་ལ་བཏུགས་ནས་ཚེ་དབང་ཞུས། སེ་འབྲས་དགེ་གསུམ་གྱིས་གཙོས་རིས་མེད་དགོན་སྡེ་ཁག་ལ་མཆོད་མཇལ་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོར་འགྱེད་མང་ཇའི་བསྙེན་བཀུར་ཞུས། ༡༩༥༩ ལོར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས། ༡༩༦༣ ལོར་དགུང་གྲངས་ ༣༢ ཐོག་ཧིན་སྒོར་སུམ་བརྒྱས་མ་རྩ་གནང་སྟེ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་སྡེ་འདི་གསར་དུ་བཞེངས་མགོ་བརྩམས། སྐབས་དེར་༧ གོང་ས་མཆོག་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་རླབས་ནས་རྣམ་གྲོལ་གླིང་ཅེས་པའི་མཚན་འདི་གནང་། ཁོང་རང་ཉིད་ཀྱང་ཨར་ལས་ལ་ཞུགས་གནང་སྟེ་ཕྱག་འཛུམ་རྩེ་ནས་ཁྲག་དང་ཆུ་སེར་རྡོལ་བཞིན་ཐོག་མའི་ཐུགས་བསྐྱེད་རླབས་པོ་ཆེ་ལྟར་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་ཐོག་རྒྱལ་བསྟན་བཤད་སྒྲུབ་ལས་གསུམ་གྱིས་ད་ལྟའི་བར་བསྐྱངས།

༡༩༩༣ ལོར་སྔ་འགྱུར་བའི་བླ་ཆེན་ཁག་དང་འདུས་པ་སྤྱི་ནས་གསོལ་བ་བཏབ་པ་ལྟར། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་དབུ་འཛིན་དུ་མངའ་གསོལ་གྱིས་ལོ་བཅུ་ཕྲག་གཅིག་ལྷག་ཐུགས་འགན་བཞེས་ཏེ། རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བའི་བསྟན་པ་ལ་ཕྱག་རྗེས་བླ་མེད་འཇོག་གནང་མཛད། ཁོང་གིས་བོད་དང་འབྲུག་འབྲས་ལྗོངས་བལ་ཡུལ་སོགས་ཀྱི་དགོན་པ་མང་པོར་གཟིགས་སྐྱོང་གནང་ཡོད་ཅིང་། ལྷོ་ཕྱོགས་སྦེལ་ཀོབ་བོད་ཀྱི་གཞིས་སྒར་གྱི་གཙོས་རྒྱ་གར་ཡུལ་མི་དག་ལའང་ལམ་དང་ཟམ་པ་སོགས། ཉམ་ཐག་དུ་མ་ལ་རོགས་རམ་གནང་བར་བརྟེན་ ༢༠༠༥ ལོར་ཀ་ན་ཏྲ་ཀའི་མངའ་སྡེ་གཞུང་གིས་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་འབུལ་གཞེས་གནང་ཡོད།

ལོ་འགའི་སྔོན་ནས་ཁོང་གིས་སྐུའི་འབྱུང་ཁམས་མི་བདེ་བའི་ཚུལ་བསྟན་ཅིང་། ལྷག་པར་དུ་ ༢༠༠༩ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༤ ཉིན་སྐུའི་སྙུང་གཞི་ལྕི་རུ་སོང་སྟེ་རྒྱ་གར་ལྷོ་ཕྱོགས་ཀ་ན་ཏྲ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་སྨན་ཁང་དུ་ཕེབས་ཤིང་། ཕྱི་ཚེས་ ༢༧ ཉིན་རྙིང་མའི་བླ་ཆེན་ཁག་སྨན་ཁང་དེར་ལྷན་འཛོམ་གྱིས་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་ངོས་ནས་བརྟན་བཞུགས་ཕུལ་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་དང་འབྲུག་གཞུང་གིས་གཙོས་གནད་ཡོད་མི་སྣ་ཁག་མཇལ་བཅར་ཞུས། ཉིན་དེའི་ཕྱི་དྲོར་སྨན་ཁང་ནས་གདན་ས་རྣམ་གྲོལ་གླིང་དུ་གདན་འདྲེན་ཞུས་ཏེ་དགོན་པའི་མཁན་པོ་བླ་སྤྲུལ་ལས་བྱེད་ཡོངས་ཀྱིས་མཇལ་བཅར་ཞུས་རྗེས་དགོང་མོའི་ཆུ་ཚོད་ ༨ །༢༠ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡོད་འདུག ཅེས་འཁོད་ཡོད་པ་ཟིན་བྲིས་ལས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. བློ་དགའ། says:
    ལོ་ 12 སྔོན།

    སྔར་ལོ་རྣམ་གྲོལ་གླིང་གིས་པད་ནོར་རིན་པོ་ཆེའི་ཡང་སྲིད་ ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༧ པའི་ཚེས་ ༣༡ ཉིན་ཆོས་འཁོར་དུས་ཆེན་ཉིན་བསྟུན་ཏེ་ཁྲི་འདོན་གནང་རྒྱུ་ཡིན་པ་གསལ་བསྒྲགས་བསྐྱངས་ཡོད་པ་ཡིན་ན། ད་རེས་ཚེས་ ༢༨ ་ཉིན་གློ་བུར་ཐོག་རྒྱག་ལ་ཁྲི་འདོན་བྱེད་དོན་ག་རེ་ཡིན་ནམ། ཆོས་ཕྱོགས་ཀྱི་ཆོ་ཁ་འདིའི་ནང་ལའང་རྒྱ་ནག་གཞུང་གི་འདྲེ་ལག་བརྐྱངས་པ་མ་ཡིན་ནམ།

    Reply
  2. བསོད་ནམས། says:
    ལོ་ 12 སྔོན།

    མཆོག་གི་སྤྲུལ་སྐུ་ཁོང་ཁྲོ་འདོན་གནང་བར་བཀྲ་ཤིས་བདེ་ལེགས་ཞུ། དོགས་སློང་ཞིག་ཡོད་པ་ནི། གྲུབ་དབང་པདྨ་ནོར་བུ་མཆོག་ནི་སྔ་འགྱུར་རྙིང་མའི་བླ་ཆེན་རྩ་ཆེན་ཤོས་ཤིག་རེད། ཁོང་གི་ཡང་སྲིད་བོད་ནང་དུ་ངོས་འཛིན་ཁྲི་འདོན་གནང་བ་དེར་འབྲེལ་ཡོད་འགན་འཁུར་བ་རྣམ་པ་ཚོས་དགོས་པ་རྒྱུ་མཚན་ག་འདྲ་ཞིག་ལ་གཟིགས་པ་ཡིན་ནམ། མ་འོངས་པར་རྒྱ་ནག་གི་ལག་ཆ་ཞིག་ཏུ་འགྱུར་གི་མ་རེད་དམ། ལྷག་དོན་དུ་བོད་སྤྱི་བའི་ཆབ་སྲིད་ཐད་ནས་བཤད་ནའང་དོ་ཕོགས་གང་འཚམས་ཤིག་འགྲོ་གི་རེད་ལ། དད་ལྡན་རྗེས་འབྲང་པ་མང་པོ་ཞིག་ཀྱང་དེ་མཚུངས་ཀྱིས་ལམ་ཁ་ནོར་བ་ཐེབས་འགྲོ་བ་རེད་བསམ་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese