མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུས་ཡུག་རེན་གྱེན་ལོག་ཤོག་ཁག་ལ་རྒྱབ་རོགས་བྱེད་ཀྱིན་ཡོད་པར་དཔལ་འབྱོར་ཉེས་ཆད་བཅད་འདུག

ཁ་སང་ཨ་རི་དང་ཡུ་རོབ་མཐུན་ཚོགས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། ཨུ་རུ་སུ་གཞུང་གིས་ཡུག་རེན་གྱེན་ལོག་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ཏེ་མཱ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཨང་རྟགས་ (MH 17) གཏོར་རྒོལ་བཏང་ཡོད་པའི་དོགས་གཞི་ཡོད་པ་མ་ཟད། ཡུག་རེན་གྱི་ས་མཚམས་ཁུལ་དུ་མཚོན་ཆ་དང་དམག་མི་འགྲེམ་འཇོག་བྱས་ཏེ་ཡུག་རེན་གྱི་བརྟན་ལྷིང་སྲུང་སྐྱོབ་ལ་འགོག་རྐྱེན་བཟོ་བཞིན་ཡོད་སྟབས། ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུར་དམག་དོན་དང་། མང་ཚོགས་ཀྱི་བཀོལ་སྤྱོད་འཕྲུལ་རིགས། རྡོ་སྣུམ་སྔོག་འདོན་ཡོ་ཆས། རྒྱལ་ཁབ་ཕན་ཚུན་བར་དམག་གྲུ་འགྲོ་འོང་། ཨུ་རུ་སུའི་ལས་གྲྭ་ཁག་ལ་མ་དངུལ་གཏོང་ཕྱོགས་བཅས་ལ་དམ་དྲག་བྱ་རྒྱུ་ཡིན་པ་དང་། ཨ་རིས་ཨུ་རུ་སུ་གཞུང་གི་ཝུ་ཀྲི་བི་ (VTB) དངུལ་ཁང་དང་མཱོ་སོ་ཀཱོ་ (Bank of Moscow) དངུལ་ཁང་། སོ་ནམ་ཞིང་ལས་ (Russian Agriculture Bank) དངུལ་ཁང་བཅས་སུ་མ་འཇོག་བྱེད་མཚམས་བཞག་སྟེ་ཨུ་རུ་སུའི་དངུལ་རྩའི་ཁེ་ལས་བརྒྱ་ཆ་ ༣༠ ཙམ་ལ་དཔལ་འབྱོར་ཉེས་ཆད་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་ཁྱབ་བསྒྲགས་བྱས་འདུག

འདིའི་ཐད་ཨོ་བྷ་མས།  ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཨུ་རུ་སུ་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་འབྲེལ་ལམ་ལ་འཕེལ་རྒྱས་ཕྱིན་ཡོད་ཀྱང་། དེ་རིང་སླར་ཡང་ཨུ་རུ་སུ་རྒྱལ་སྤྱིའི་སྤྱི་ཚོགས་དང་བྲལ་ཏེ་ཁེར་རྐྱང་དུ་ལུས་པ་རེད། དེ་ནི་ཨུ་རུ་སུ་དང་སྲིད་འཛིན་པུ་ཌིན་གྱིས་ཆེད་དུ་བདམས་པ་ཞིག་ཆགས་ཡོད། ད་རེབ་དཔལ་འབྱོར་ཉེས་ཆད་འདིས་ཨུ་རུ་སུའི་དཔལ་འབྱོར་ཉམས་ཆག་ཆེན་པོ་འགྲོ་རྒྱུ་ཡིན་པ་མ་ཟད། གལ་ཏེ་ཨུ་རུ་སུ་ད་དུང་མུ་མཐུད་ལམ་ཀ་དེར་ཞུགས་པ་ཡིན་ན་དཔལ་འབྱོར་ཐོག་གྱོང་གུད་དེ་བས་ཆེན་པོ་ཕོག་སྲིད་པ་རེད།€ ཅེས་བརྗོད་འདུག

ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཧར་མན་ (Herman Van Rompuy) དང་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་ཇོ་སེ་ (Jose Manuel Barroso)གཉིས་ཐུན་མོང་ཐོག་བསྒྲགས་གཏམ་སྤེལ་བའི་ནང་། ཉེ་ལམ་ཡུག་རེན་ནང་འབྱུང་བཞིན་པའི་གྱེན་ལོག་གཞོལ་འཇགས་བྱེད་མ་ཐུབ་པ་མ་ཟད། ཧོ་ལན་ཌི་ནས་མཱ་ལེ་ཞི་ཡར་འཕུར་སྐྱོད་བྱེད་མཁན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཡུག་རེན་གྱེན་ལོག་ཤོག་ཁག་སྡོད་ཁུལ་དུ་གཏོར་རྒོལ་བྱུང་སྟེ། ཉེས་མེད་མི་སེར་ ༢༩༨ རྐྱེན་འདས་སུ་ཕྱིན་པ་དེར་ལན་འདེབས་ཁ་གསལ་དགོས་པ་མ་ཟད། ཨུ་རུ་སུས་ཡུག་རེན་གྱེན་ལོག་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་ཡུ་རོབ་མཐུན་ཚོགས་ངོས་ནས་བཟོད་སྒོམ་ནམ་ཡང་བྱ་མི་སྲིད། ཅེས་སོགས་བརྗོད་འདུག

ཨུ་རུ་སུའི་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་ཚབ་ཝུ་ལཱ་ཌི་མེར་ (Vladimir Chizhov) ལགས་ཀྱིས། €œངར་ཡུ་རོབ་མཐུན་ཚོགས་ཀྱིས་མཇུག་འབྲས་གང་ཡང་འཐོན་རྒྱུ་མེད་པའི་ཐབས་ལམ་ཞིག་ལ་ཁ་ཕྱོགས་བསྒྱུར་བར་བློ་ཕམ་ཡོད། ཁོང་ཚོས་གནམ་གྲུ་གཏོར་རྒོལ་གྱི་གནད་དོན་དེར་སེམས་འཚབ་བྱེད་བཞིན་ཡོད་པ་ལྟར། ང་ཚོས་ཀྱང་བྱེད་བཞིན་ཡོད་སྟབས་ང་ཚོར་ཁོང་ཚོས་དཔལ་འབྱོར་ཉེས་ཆད་དེ་ལྟར་གཏོང་དགོས་དོན་མེད། ཅེས་སོགས་བརྗོད་འདུག

ཟླ་འདིའི་ཚེས་ ༡༦ ཉིན་ཨོ་བྷ་མས་ཨ་རིའི་ཁེ་ལས་དང་ཨུ་རུ་སུ་གཞུང་གི་སྟངས་འཛིན་འོག་ཡོད་པའི་རོ་སེ་ནཱེབ་རྡོ་སྣུམ་ཁེ་ལས་ (Rosneft oil company) དང་ཝུབ་དངུལ་རྩའི་ཁེ་ལས་ (VEB)། དེ་བཞིན། སྒེར་གཉེར་རྡོ་སྣུམ་ཁེ་ལས་ནཱོ་ཝ་ཌེག་(Novatek) དང་སྒེར་གཉེར་དངུལ་ཁང་གྷ་ཛེ་པོར་རོམ་ (Gazprombank) བཅས་བར་གྱི་མཉམ་ལས་གྲོས་མཐུན་བཀག་སྡོམ་བྱས་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུའི་ནང་ཡུ་རོབ་མ་འཛུགས་དངུལ་ཁང་(European Investment Bank) དང་། ཡུ་རོབ་དངུལ་ཁང་ (European Bank) གཉིས་ཀྱིས་མ་དངུལ་གཏོང་མཚམས་འཇོག་རྒྱུའི་ཐག་གཅོད་བྱས་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། གལ་ཏེ་ཨུ་རུ་སུ་གཞུང་དང་མཱ་ལེ་ཞི་ཡའི་གནམ་གྲུ་གཏོར་རྒོལ་བཏང་བ་དེར་འབྲེལ་བ་མེད་ཚེ། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱ་ངེས་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྔ་བ་རྫོང་མི་དམངས་སྲིད་གཞུང་གི་པར།
Mobile App

རྒྱ་ནག་གིས་རྔ་བ་ཁུལ་དུ་དམར་དམག་རྒྱང་བསྐྱོད་ཀྱི་ལོ་རྒྱུས་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Photo edited by tibettimes
Mobile App

བོད་མི་གསུམ་ལ་ཕྱི་ལོ་ ༢༠༢༦ ལོའི་ལྷག་དཀར་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
BEIJING, CHINA - MARCH 04: Chen Jining, party secretary of Shanghai attends the opening of the fourth session of the 14th Chinese People's Political Consultative Conference (CPPCC) at The Great Hall of People on March 04, 2026 in Beijing, China. The fourth session of the 14th National Committee of the Chinese People's Political Consultative Conference (CPPCC), often referred to in its acronym form as CPCC meetings, begins on Wednesday in Beijing. (Photo by Lintao Zhang/Getty Images)
Mobile App

རྒྱ་ནག་གི་སྐབས་ཉི་ཤུ་བའི་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཞིག་ལ་ཞིབ་བཤེར་བྱེད་བཞིན་འདུག

༢༠༢༦/༡༡/༢༥
international day for the elimination of violence at Macloadganji, Dharamsala,  2026
Mobile App

ཉིན་བཅུ་དྲུག་རིང་བུད་མེད་ཀྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་གོ་རྟོགས་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༡༡/༢༥
Tenzin Lekshay. Photo: CTA
Mobile App

བསྟན་འཛིན་ལེགས་བཤད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

༢༠༢༦/༡༡/༢༤
ཐའེ་ཝན་དུ་ཚོགས་འདུ་འཚོག་སྐབས། པར་ཐའེ་ཝན་དོན་གཅོད་ཀྱི་ངོ་དེབ་ལས་བླངས། ༢༠༢༦།༡༡།༢༣
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ལ་གདོང་ལེན་བྱེད་ཕྱོགས་ཐད་ཚོགས་ཆེན་ཞིག་འཚོགས།

༢༠༢༦/༡༡/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese