མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་རྟོཊ་ཀྱི་སེམས་ཤུགས་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༣༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྩ་དོན་འཐབ་རྩོད་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། མི་མང་གི་ཤེས་ཡོན་དང་སེམས་ཤུགས་དེ་ཧ་ཅང་གལ་ཆེན་ཡིན། ལྷག་པར་དུ་འཐབ་རྩོད་ལས་འགུལ་སྣེ་འཁྲིད་པའི་ཤེས་ཡོན་དང་གདེང་སྤོབས་དེ་ད་ལྟའི་དུས་འདིར་འཐབ་རྩོད་པའི་མི་འབོར་དང་མཚོན་ཆ་ལས་ཀྱང་གལ་ཆེན་ཡིན། ཤེས་ཡོན་དང་སེམས་ཤུགས་གཉིས་ལ་གཙོ་ཕལ་མེད། ཤེས་ཡོན་ཡོད་ཀྱང་སེམས་ཤུགས་མེད་ན་འཐབ་རྩོད་ལ་ཁ་ཕྱོགས་མེད་ལ། སེམས་ཤུགས་ཡོད་ཀྱང་ཤེས་ཡོན་མེད་ན་འཐབ་རྩོད་ལ་རྣོ་ངར་མེད།

བོད་པའི་འཐབ་རྩོད་ཐད་ནས་གླེང་ན། ང་ཚོས་ནམ་རྒྱུན་བོད་གཞིས་བྱེས་རྒྱ་ཆེའི་མི་མང་ལ་སེམས་ཤུགས་ཆེན་པོ་ཡོད་རབས་རྗོད་ཀྱིན་ཡོད་མོད། དོན་དངོས་ཐོག་བོད་པར་ད་དུང་སེམས་ཤུགས་དང་ཤེས་ཡོན་གཉིས་ཀས་ལོང་གི་མེད། ལྷག་པར་དུ་འཐབ་རྩོད་སྣེ་འཁྲིད་པར་ཤེས་ཡོན་ཀྱིས་འཕོངས་ཡོད་ལ། མི་རིགས་ཀྱི་མངོན་འདོད་བསྒྲུབ་པའི་བློས་གཏོང་དང་ཆོད་སེམས་ཀྱིས་ཀྱང་འདང་གི་མེད། ཐ་ན་ལས་འགུལ་སྣེ་འཁྲིད་པ་ཚོས་སོ་སོ་རང་ཉིད་ཀྱི་ལས་འགུལ་ལའང་ཡིད་ཆེས་མེད།

རྩོད་སྒྲུབ་རིག་པའི་རགས་བཤད་བྱས་ན། སེམས་ཤུགས་ལ་ལྟོས་བཅས་གཞན་བརྟེན་གྱི་སེམས་ཤུགས་དང་། ལྟོས་མེད་རང་རྟོགས་ཀྱི་སེམས་ཤུགས་གཉིས་ཡོད་པ་ལས། བོད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ལས་མངོན་པ་ནི། གཞིས་བཞུགས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དེ་དད་འདུན་དང་འབྲེལ་བའི་རང་རྟོགས་ཀྱི་སེམས་ཤུགས་ཉི་ཚེ་བ་ཞིག་དང་། བྱེས་གྱར་བོད་མིའི་སེམས་ཤུགས་དེ་སྐབས་བསྟུན་བབ་སྤྱོད་ཀྱི་སེམས་ཤུགས་འཕྲལ་འཕྲལ་གཞན་བརྟེན་པ་ཞིག་རེད།

གཞན་བརྟེན་གྱི་སེམས་ཤུགས་དེ་འཕྲལ་སེལ་དགོས་མཁོ་དང་འབྲེལ་ནས་ཡོད་ཅིང་། རང་རྟོགས་ཀྱིས་སེམས་ཤུགས་དེ་བསམ་བློའི་སྙིང་སྟོབས་ཤིག་དང་འབྲེལ་ནས་ཡོད། རང་རྟོགས་ཀྱི་སེམས་ཤུགས་དེ་ལའང་དད་འདུན་དང་འབྲེལ་བའི་ཡིད་ཆེས་རང་རྟོགས་ཀྱི་སེམས་ཤུགས་ཤིག་དང་། ཤེས་རབ་དང་འབྲེལ་བའི་གཏན་ཚིགས་རང་རྟོགས་ཀྱི་སེམས་ཤུགས་གཉིས་ཡོད་པ་ལས་བོད་པའི་འཐབ་རྩོད་ལ་མཁོ་བ་ནི་གཏན་ཚིགས་རང་རྟོགས་ཀྱི་སེམས་ཤུགས་དེ་ཡིན།

སྔོན་ཆད་རྒྱ་གར་གྱི་འཐབ་རྩོད་པ་ཞིག་གིས་རྒྱ་གར་མི་མང་ལ། ཁྱོད་ཚོས་ང་ལ་ཁྲག་སྦྱིན་དང་། ངས་ཁྱོད་ཚོར་རང་བཙན་སྤྲོད། ཅེས་བརྗོད་པ་ལྟར། དེང་གི་དུས་སུ་མི་འབོར་དང་མེ་ཤུགས་འཕུར་མདའ་སོགས་ལས་ཀྱང་མི་མང་གི་སྙིང་སྟོབས་ལ་འདྲེས་པའི་རང་རྟོགས་ཀྱི་སེམས་ཤུགས་དེ་གལ་ཆེན་ཡིན་ཞིང་། རང་རྟོཊ་ཀྱི་སེམས་ཤུགས་དེ་ཤེས་ཡོན་སློབ་གསོ་དང་། ཡང་ན། དོན་རྐྱེན་ཞིག་དང་འབྲེལ་ནས་མི་རེ་རེའི་སེམས་པའི་གཏིང་དང་། རུས་བའི་གསེང་དུ་ཀུན་གཞིའི་ངོ་བོར་སྲ་བརྟན་དུ་ཆགས་ཡོད་པའི་སྙིང་སྟོབས་ཤིག་ཡིན།

ང་ཚོའི་མི་མང་ལ་རང་རྟོགས་ཀྱི་སེམས་ཤུགས་སམ། ལྟོས་མེད་ཀྱི་འཐབ་རྩོད་སྙིང་སྟོབས་ཤིག་བསྐྱེད་དགོས་ན། ཐོག་མར་ལས་འགུལ་སྣེ་འཁྲིད་པ་ཚོར་ཤེས་ཡོན་དང་བསམ་བློའི་གནས་ཚད་ངེས་ཅན་དགོས་པ་མ་ཟད། མང་ཚོགས་ལའང་མ་མཐར་ཤེས་ཡོན་གྱི་རིན་ཐང་འདུ་ཤེས་དང་། དྲང་བདེན་གྱི་རིན་ཐང་འདུ་ཤེས། མིའི་རིན་ཐང་གི་འདུ་ཤེས། འགན་འཁུར་གྱི་རིན་ཐང་འདུ་ཤེས་སོགས་བཅོས་མ་མ་ཡིན་པ་ཞིག་ཡོད་དགོས། དེ་ལྟར་བྱས་ན་ད་གཟོད་བོད་པའི་འཐབ་རྩོད་ལ་མི་འབོར་དགོས་དོན་མེད་ལ་དེང་དུས་ཀྱི་མཚོན་ཆའང་དགོས་དོན་མེད། ཐ་ན་དཔལ་འབྱོར་དང་རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་ཡང་དེ་ཙམ་གལ་ཆེན་མིན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༦ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese