མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷིང་འཇགས་མེད་པའི་གྷ་ཛ་ལུང་གཤོང་།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

ད་བར་ཧ་མ་སི་དྲག་སྤྱོད་ཤོག་ཁག་དང་ཨི་ཛི་རལ་བར་གྱི་དམག་འཐབ་ཁྲོད་པ་ལི་སི་ཐན་གྱི་མི་ ༡༥༩༢ དང་ཨི་ཛི་རལ་གྱི་དམག་མི་ ༦༣ དང་ཉེས་མེད་མི་སེར་ ༣ བཅས་ཀྱི་ཚེ་སྲོག་ཤོར་ཡོད་འདུག

ཉེ་ལམ་ཨི་ཇིབ་རྒྱལ་ས་ཁའེ་རོ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་རྣམ་གཉིས་ཀྱིས་གྲོས་མོལ་བྱས་ཏེ། དཀྱིལ་ཤར་ཡུལ་གྲུའི་རྙོག་ཟིང་ཆེ་ཤོས་ཨི་ཛི་རལ་དང་པ་ལི་སི་ཐན་ཧ་མ་སི་དྲག་སྤྱོད་ཤོག་ཁག་བར་གྱི་དམག་འཁྲུག་ཞི་འཇགས་ཡོང་རྒྱུར་བར་འདུམ་བྱས་པ་བརྒྱུད་ཕྱོགས་གཉིས་ཀས་ཟླ་འདིའི་ཚེས་ ༡ ནས་བཟུང་དུས་ཡུན་ཆུ་ཚོད་ ༧༢ རིང་དམག་མཚམས་འཇོག་རྒྱུ་བྱས་ཡོད་ཀྱང་། ཉིན་དེར་ཧ་མ་སི་ཤོག་ཁག་གིས་ཨི་ཛི་རལ་གྱི་ལྡིང་དཔོན་གཞོན་པ་ཧ་དྷར་ (Hadar Goldin) གྷ་ཛ་ལུང་གཤོང་ནས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་ཆགས་ཡོད་སྟབས། ཉིན་དེའི་དགོང་མོ་ཨི་ཛི་རལ་གྱི་མཁའ་དམག་གིས་མཁའ་ཐོག་ནས་དྲག་རྒོལ་བྱས་ཏེ། པ་ལི་སི་ཐན་གྱི་གྷ་ཛ་གྲོང་རྡལ་རའ་ཧྥ་ (Rafah) ཡི་མི་ ༣༥ བསད་ཡོད་པ་མ་ཟད། ཁ་སང་སྔ་དྲོར་སླར་ཡང་གྷ་ཛ་ལུང་གཤོང་ནང་དམག་འཐབ་བྱས་ཏེ་པ་ལི་སི་ཐན་གྱི་མི་ ༡༠༧ ལྷག་བསད་པ་དང་མི་ ༣༥༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

འདིའི་ཐད་ཨི་ཛི་རལ་གྱི་སྲིད་བློན་བྷེན་ཇཱ་མིན་ (Benjamin Netanyahu)གྱིས། “€œདམག་འཁྲུག་དེའི་འགན་ཡོངས་རྗོགས་ཧ་མ་སི་དྲག་སྤྱོད་ཤོག་ཁག་དང་། འབྲེལ་ཡོད་དྲག་སྤྱོད་ཤོག་ཁག་ཚོས་འཁུར་དགོས།” €ཞེས་དང་། དེ་བཞིན་ཨི་ཛི་རལ་ཁྲིམས་འཛིན་བློན་ཆེན་ཛི་པི་ (Tzipi Livni)ཡིས་ཀྱང་། “€œཨི་ཛི་རལ་གྱི་ལྡིང་དཔོན་གཞོན་པ་བཙན་ཁྲིད་བྱས་པའི་འགན་དེ་ཧ་མ་སི་ཤོག་ཁག་གིས་འཁུར་དགོས།” ཞེས་སོགས་བརྗོད་འདུག

ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་དམག་སྡེ་ (Ezzedine al-Qassam Brigade) ཡིས། “ཨི་ཛི་རལ་གྱི་ལྡིང་དཔོན་གར་སོང་ཆ་མེད་ཕྱིན་པ་དེ་ང་ཚོར་འབྲེལ་བ་མེད་པ་མ་ཟད། ང་ཚོ་དང་གྷ་ཛ་ཐང་གཤོང་ནང་དམག་འཐབ་བྱེད་བཞིན་ཡོད་པའི་དམག་སྡེ་བར་འབྲེལ་བ་ཆད་དེ་ཡུན་རིང་ཕྱིན་སྟབས། ང་ཚོའི་དམག་སྡེ་དང་ཨི་ཛི་རལ་གྱི་ལྡིང་དཔོན་དམག་འཐབ་ཁྲོད་རྐྱེན་ལམ་དུ་ཕྱིན་ཡོད་སྲིད།” ཅེས་བརྗོད་འདུག

ཟླ་ ༧ ཚེས་ ༨ ཉིན་པ་ལི་སི་ཐན་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་གྷ་ཛ་ལུང་གཤོང་ནས་ཨི་ཛི་རལ་ལ་མེ་ཤུགས་འཕུར་མདེལ་ ༡༠༠ ལྷག་འཕངས་ཏེ་གཏོར་རྒོལ་བྱེད་མགོ་བཙུགས་ཡོད་པ་ལྟར། ཨི་ཛི་རལ་གྱི་དམག་དཔུང་གིས་གནམ་ས་གཉིས་ནས་ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་རྟེན་གཞི་ཁག་ལ་རྒོལ་ལན་སློག་སྟེ། པ་ལི་སི་ཐན་གྱི་མི་ ༢༣༠ ལྷག་བསད་པ་དང་མི་བརྒྱ་ཕྲག་མང་པོར་རྨས་སྐྱོན་བཟོས་པ་མ་ཟད། མང་ཚོགས་ཀྱི་སྡོད་ཁང་གཏོར་བཤིག་བཏང་བ་དང་། ཟླ་ ༧ ཚེས་ ༡༧ ཉིན་ཨི་ཛི་རལ་མཁའ་དམག་གིས་ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་རྟེན་གཞི་ ༣༧ ལ་གཏོར་རྒོལ་དང་། ཧ་མ་སི་ཤོག་ཁག་གིས་ཨི་ཛི་རལ་ཕྱོགས་སུ་མེ་ཤུགས་འཕུར་མདེལ་ ༡༥ ཙམ་འཕངས་ཏེ་གཏོར་རྒོལ་ཤུགས་ཆེན་བྱས་ཡོད་སྟབས། ཨི་ཛི་རལ་གྱི་རྐང་དམག་དང་ལྕགས་འཁྲབ་འཁོར་ལོ། མེ་སྒྱོགས་དཔུང་སྡེ་བཅས་ཀྱིས་ས་ཐོག་ནས་པ་ལི་སི་ཐན་གྱི་རང་སྐྱོང་ས་ཁུལ་གྷ་ཛ་ལུང་གཤོང་ནང་དྲག་རྒོལ་བྱས་ཏེ། ཟླ་ ༧ ཚེས་ ༡༨ ཉིན་པ་ལི་སི་ཐན་པ་ ༢༣ དང་ཨི་ཛི་རལ་དམག་མི་ ༡ བཅས་རྐྱེན་ལམ་དུ་ཕྱིན་ཡོད་འདུག

ཟླ་ ༧ ཚེས་ ༢༠ ཉིན་ཇོར་ཌན་རྒྱལ་ཁབ་ཀྱིས་སྙན་ཞུ་ཕུལ་བར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ ༡༥ ཡིས་གྷ་ཛ་ལུང་གཤོང་གི་ཧ་མ་སི་ཤོག་ཁག་དང་ཨི་ཛི་རལ་བར་གྱི་དམག་འཁྲུག་ཞི་འཇགས་ཡོང་ཆེད་ཚོགས་འདུ་ཚོགས་ཡོད་ཅིང་། ཚེས་ ༢༡ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་དང་རྒྱལ་ཚོགས་དྲུང་ཆེ་བྷན་ཁེ་མོན་རྣམ་གཉིས་ཨི་ཇིབ་རྒྱལ་ས་ཁའེ་རོ་ (Cairo) རུ་ཕེབས་ཏེ་གྷ་ཛ་ལུང་གཤོང་གི་དམག་འཁྲུག་ཞི་འཇགས་སྐོར་ལ་གྲོས་མོལ་དང་། ཚེས་ ༢༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གི་བར་གྲོས་འཆམ་བྱུང་སྟེ། ཆ་རྐྱེན་གང་ཡང་མེད་པའི་ཐོག་གྷ་ཛ་ལུང་གཤོང་གི་དམག་འཁྲུག་ཞི་འཇགས་བྱེད་དགོས་སྐོར་བསྒྲགས་ཡོད་ཀྱང་། ཨི་ཛི་རལ་དང་ཧ་མ་སི་ཤོག་ཁག་གིས་ངོས་ལེན་བྱས་མེད།

ཟླ་ ༧ ཚེས་ ༢༨ ཉིན་ཨི་ཛ་རལ་གྱིས་གྷ་ཛ་ལུང་གཤོང་ནང་མེ་ཤུགས་འཕུར་མདེལ་ ༦༠ ཙམ་འཕངས་ཏེ། ས་ཁུལ་ནང་ཡོད་པའི་གློག་ཁང་གཏོར་རྒོལ་བཏང་ཡོད་པ་མ་ཟད། ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་མགོ་ཁྲིད་སྡོད་ཁང་སོགས་གཏོར་ཏེ་མི་ ༡༡༤ ལྷག་བསད་པ་དང་། ཚེས་ ༣༠ ཉིན་པ་ལི་སི་ཐན་གྱི་མི་སེར་ཉེན་ཡོལ་དུ་འགྲོ་སའི་རྒྱལ་ཚོགས་ཀྱི་སློབ་གྲྭ་ཞིག་ལ་ཨི་ཛི་རལ་གྱིས་གཏོར་རྒོལ་བྱས་ཏེ་མི་ ༡༥ བསད་པ་དང་མི་ ༩༧ ཙམ་ལ་རྨས་སྐྱོན་བཏང་ཡོད་འདུག

ད་བར་ཧ་མ་སི་དྲག་སྤྱོད་ཤོག་ཁག་དང་ཨི་ཛི་རལ་བར་གྱི་དམག་འཁྲུག་ཁྲོད་པ་ལི་སི་ཐན་གྱི་མི་ ༡༥༩༢ དང་། ཨི་ཛི་རལ་གྱི་དམག་མི་ ༦༣ དང་ཉེས་མེད་མི་སེར་ ༣ བཅས་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་འབུམ་ ༣ ལྷག་སྐྱབས་བཅོལ་འགྲོ་དགོས་བྱུང་ཞིང་། གྷ་ཛ་ལུང་གཤོང་ནང་འཚོ་བ་སྐྱེལ་བཞིན་པའི་པ་ལི་སི་ཐན་གྱི་ཡུལ་མི་ས་ཡ་ ༡ དང་ཁྲི་ ༨༠ ལྷག་གི་ཚེ་སྲོག་དང་ཟས་གོས་གནས་མལ་གཙོས། འགྲོ་འདུག་སྤྱོད་གསུམ་སོགས་ལ་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མས། “ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་དམག་མཚམས་འཇོག་རྒྱུའི་གྲོས་མོལ་ལ་ཁས་ལེན་མ་ བྱས་བར། རྒྱལ་སྤྱིའི་སྒྲིག་འཛུགས་དང་ཨི་ཛི་རལ་གཞུང་གིས་ངོས་ལེན་བྱ་ཐབས་མེད་སྟབས། ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་བཙན་ཁྲིད་བྱས་པའི་ཨི་ཛི་རལ་གྱི་ལྡིང་དཔོན་ཀློད་གྲོལ་བཏང་སྟེ། རྒྱལ་སྤྱིའི་ངོས་ལེན་ཐོབ་ཐབས་བྱ་དགོས།” ཞེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་གྱིས། “€œཧ་མ་སི་དྲག་སྤྱོད་ཤོག་ཁག་གི་བྱ་སྤྱོད་དེས་གྷ་ཛ་དང་ཨི་ཛི་རལ། དེ་མིན་ས་ཁུལ་ཁག་ལ་མཇུག་འབྲས་སྡུག་པོ་འཐོན་རྒྱུ་ཡིན་སྟབས། ཨི་ཇི་རལ་གཞུང་དང་གྲོས་མོལ་བྱས་ཏེ་འཕྲལ་དུ་དམག་མཚམས་འཇོག་ཐབས་བྱ་དགོས།” ཞེས་བརྗོད་འདུག

གཟའ་པ་སངས་ཉིན་པ་ལི་སི་ཐན་གྱི་ཝོ་སེ་བྷེང་ཁཱ་ (West Bank) གཞུང་ལམ་སྟེང་པ་ལི་སི་ཐན་གྱི་མང་ཚོགས་སྟོང་ཕྲག་གཉིས་ལྷག་འདུ་འཛོམས་བྱས་ཏེ། ཨི་ཛི་རལ་གྱིས་གྷ་ཛ་ལུང་གཤོང་ནང་དམག་རྒྱག་བཞིན་པར་ངོ་རྒོལ་བྱས་ཡོད་པ་མ་ཟད། མི་ཁག་ཅིག་ངོ་རྒོལ་ཁྲོད་རྐྱེན་འདས་དང་། ཨ་རིའི་གྲོས་ཚོགས་ཀྱིས་ཨི་ཛི་རལ་གཞུང་ལ་མཁའ་དམག་གི་(Iron Dome) ཞེས་པའི་ལས་འཆར་ཆེད་ཛ་དྲག་རོགས་དངུལ་ཨ་སྒོར་ས་ཡ་ ༢༢༥ སྤྲོད་རྒྱུའི་ཐག་གཅོད་བཅས་བྱས་ཡོད་འདུག

ཨི་ཛི་རལ་གྱི་སྲིད་བློན་བྷེན་ཇཱ་མིན་མཆོག་གིས། “ཨི་ཛི་རལ་གྱི་མི་མང་སྲུང་སྐྱོབ་བྱེད་རྒྱུར་གྷ་ཛ་ལུང་གཤོང་ནང་དྲག་ཟིང་དོན་རྐྱེན་མེད་པའི་ས་གནས་ཤིག་བཟོ་དགོས་པ་མ་ཟད། གྷ་ཛ་ལུང་གཤོང་ནང་ཡོད་པའི་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་ཨི་ཛི་རལ་གྱི་མི་རིགས་རྩ་མེད་བཟོ་རྒྱུར་དམིགས་ཏེ། ས་འོག་ཕུག་ལམ་བཟོས་པ་དེ་དག་གཏོར་བཤིག་མ་བཏང་བར་གཏོར་རྒོལ་ལས་འགུལ་ཁག་མུ་མཐུད་སྤེལ་རྒྱུ་ཡིན།” €™ཞེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཧ་མ་སི་དྲག་སྤྱོད་ཤོག་ཁག་དང་ཨི་ཛི་རལ་བར་གྱི་དམག་འཁྲུག་ཞི་འཇགས་མ་བྱུང་བར། པ་ལི་སི་ཐན་དང་ཨི་ཛི་རལ་གྱི་མང་ཚོགས་ཚོར་བདེ་བ་ཐོབ་རྒྱུ་ཁག་པོ་ཆགས་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་དམག་དཔུང་བཏང་སྟེ། དམག་འཁྲུག་དེར་ཐེ་ཇུས་དང་འབྲེལ་ཞི་འགྲིག་ཡོང་ཐབས་བྱ་དགོས་སྐོར་སོགས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese