མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་བརྒྱད་ཀྱི་རྒྱུན་ལས་ཕྱིར་འཕུད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་ལྔ་པའི་སྟེང་། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལས་ཟུར་དུ་འཐོན་པའི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་བོད་ཀྱི་གཞོན་ནུའི་ཚོགས་མིར་ངོས་ལེན་མེད་པའི་གྲོས་ཆོད་བཞག་འདུག

གྲོས་ཆོད་ནང་དོན་ཚན་ ༤ ཡོད་པ་ཁག་གི་ནང་དོན། དང་པོ། གཞོན་ནུའི་དབུས་སྤྱི་ཁྱབ་ཀྱིས་འདས་པའི་ལོ་གཅིག་རིང་འགྲིག་འཇགས་ཡོང་ཐབས་ལ་འབད་བརྩོན་བྱས་ཀྱང་དོན་འབྲས་སོན་མེད་པ་དང་། ཐེངས་འདིའི་འགན་འཛིན་ལྷན་ཚོགས་སྟེང་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ཚོས་གཞོན་ནུའི་སྒྲིག་གཞིར་རང་འགར་བཟོ་བཅོས་བྱས་པའི་ཐལ་ཆེའི་བྱ་སྤྱོད་དེས་གཞོན་ལྷན་སྒྲིག་འཛུགས་སྣང་མེད་བཏང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་གཏོར་བཤིག་གི་བྱ་སྤྱོད་སྤེལ་བར་ངོས་འཛིན།

གཉིས་པ། ས་གནས་ཁག་བརྒྱད་ཀྱིས་ས་གནས་གཞོན་ལྷན་གྱི་མཚན་བྱང་དང་གཞོན་ནུའི་ངོ་སྤྲོད་ལག་ཁྱེར་གསར་བཟོ་བྱས་པ་དེ་གཞོན་ནུའི་སྒྲིག་གཞིར་ཡོངས་སུ་འགལ་ཡོད་པ་མ་ཟད་བཟང་སྤྱོད་དང་ཡང་འགལ་ཡོད་སྟབས། ད་རེབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་སྐབས་དེའི་ཐལ་ཆེའི་ཐག་གཅོད་གནང་མཁན་གྱི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ད་ནས་བཟུང་གཞོན་ལྷན་ཚོགས་མི་ཡིན་པར་ངོས་ལེན་མེད་པའི་ཐག་གཅོད། གསུམ་པ། ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་པ་དང་ཚོགས་མི་ཚོས་མུ་མཐུད་སྤྱི་དོན་ཐོག་ཕྱག་ལས་གནང་དགོས་པ་དང་། ས་གནས་ཁག་བརྒྱད་ཀྱི་ལས་དོན་རིགས་མ་འོངས་པར་དབུས་ནས་ཐག་གཅོད་དགོས་པ། བཞི་པ། དངོས་ཡོད་གནས་ཚུལ་མཁྱེན་རྟོགས་ཡོད་མེད་ཀྱིས་སྤྱི་ཚོགས་ནང་གཞོན་ལྷན་ལ་མཐོང་ཚུལ་ཡོང་གི་ཡོད་པར། དབུས་སའི་རྒྱུན་ལས་ཚོས་མང་ཚོགས་ལ་གསལ་བཤད་བྱ་དགོས་པ་བཅས་འཁོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ་དེ་ཟླ་འདིའི་ཚེས་ ༡༡ ནས་ ༡༦ བར་གྱི་ཉིན་དྲུག་རིང་འབྲས་ལྗོངས་རྒྱལ་ས་སྒང་ཐོག་གི་ཆོལ་གསུམ་ཚོགས་ཁང་དུ་ཚོགས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 17

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་ལྔ་པ་འདི་ནས། ད་ནས་བཟུང་ས་གནས་ཁག་བརྒྱད་ཀྱི་ཆེད་དུ་རང་བཙན་རྩོད་བགྱིད་མིན་ལབ་པ་དང་གཅིག་མཚུངས་སུ་མི་མཐོང་ངམ། ལགས།

    Reply
  2. རྒྱ་རྙི། says:
    ལོ་ 11 སྔོན།

    དོན་འགྲུབ་ལྷ་དར་གྱིས་སྐལ་ལྡན་བློ་གྲོས་ལ་ཁ་སྟོང་ནང་གི་ཚིག་སྟོང་བཤད་པ་བཞིན་ད་རེས་ཡང་ཚིག་ཚོན་པོ་བཤད་འདུག ངོ་མ་ཡིད་ཆད་སོང་། ལྷག་བསམ་དང་གལ་ཆེ་བའི་མི་མང་མེད་པར་གཞོན་ནུའི་འགོ་ཁྲིད་ཁ་ཤས་ཀྱིས་ཅི་བྱ། ཚིག་ཉོག་རྒྱག་བཤད་ལས་མི་ཕན་པའི་གཞོན་ནུའི་རྒྱབ་སྐྱོར་བ་ཚོས་ཅི་བྱ།

    Reply
  3. བོད་དགའ། says:
    ལོ་ 11 སྔོན།

    ད་རེས་དབུས་གཞོན་ནུའི་གནང་སྟངས་དེ་འགྲིག་འདུག་དྲན། ས་གནས་ཁག་བརྒྱད་ཀྱི་འཐུས་མི་དེ་ཚོ་ཨ་ཡོད་ནང་གི་ད་ཡོད་ཡིན་རྒྱུ་རེད། ཡིན་ནའང་དབུས་ཀྱི་སྒྲིག་གཞི་དང་བཀའ་ཁྱབ་ལ་དང་ལེན་མེད་ཐོག ལས་རྟགས་དང་མིང་བྱང་སོགས་རང་སྣང་གང་དསྲན་གསར་བཟོ་བྱས་པ་ནི་ཆེས་འགྲོ་སྟངས་མེད་པ་དང་མགོ་འོག་ལུས་ཚུད་མེད་པའི་བྱ་སྤྱོད་ཅིག་རེད། མགོ་ཡི་རྗེས་སུ་རྔ་མ་འགྲོ་དགོས་པ་ལས་རྔ་མའི་རྗེས་སུ་མགོ་འགྲོ་སྲོལ་ཞིག་གང་ན་ཡོད།
    སྤྱིར་རང་ཉིད་ཀྱིས་རང་བཙན་དང་རང་སྐྱོང་ཅི་ཞིག་རྩོད་ཀྱང་སྒྲིག་འཛུག་ཅིག་གི་འོག་ཏུ་གནས་ཚེ་སྒྲིག་འཛུག་དེའི་ལྟ་བའི་ལང་ཕྱོགས་ལ་རྒྱབ་བསྐྱོར་དགོས་པ་ནི་རང་ཉིད་ཚོགས་པ་དེའི་འཐུས་མི་ཡིན་པས་རེད། དཔེར་ན་གངས་སྐྱིད་ཁུལ་གྱི་གཞུང་འབྲེལ་གྱི་ཚོགས་སྡེ་གང་མང་ནང་རང་བཙན་གྱི་ལྟ་སྒྲུབ་འདོད་མཁན་མཐོ་ཁྲིམས་བཟོ་ལྷན་ཚོགས་ནས་དམའ་གད་པ་ཡན་ཆད་ནང་དུ་ག་ཚད་ཡོད་པ་ང་ཚོས་ཤེས་ཤེས་པ་རེད། འོན་ཀྱང་ཁོང་ཚོས་ཚོགས་པ་དང་སྒྲིག་འཛུག་དེའི་ལས་དོན་སྐབས་སུ་རང་སྐྱོང་དང་དབུ་མའི་ལམ་སོགས་ལ་རྒྱབ་བསྐྱོར་དང་ཕྱག་ལས་གནང་བཞིན་པ་ནི་ཚོགས་པ་དེའི་སྒྲིག་གཞིར་བརྩི་མཐོང་དང་རང་ཉིད་དེའི་འཐུས་མི་ཞིག་ཡིན་པའི་འགན་ཁུར་བ་ཡིན་སྟབས་ཡིད་རངས་ཞུ་དགོས་པ་ལྟ་བུ་རེད་དོ།།

    Reply
  4. ཇོ་བོ་རྣམས་གཉིས། says:
    ལོ་ 11 སྔོན།

    གུས་པ་བཙན་བྱོལ་དུ་སླེབས་ནས་ལོ་བཅུ་གྲངས་ཞིག་ནང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་གི་གནས་ཚུལ་གོ་ཐོས་གང་ཙམ་བྱུང་། དེ་སྔོན་བཙན་དུ་འབྱོར་ནས་ལོ་གཉིས་གསུམ་ཙམ་རིང་ཚོགས་པ་དེ་དག་གི་ལངས་ཕྱོགས་ལ་ལྟ་སྐབས་དངོས་གནས་རེ་བ་འདུག་བསམ་པ་ཞིག་བྱུང་། འོན་ཀྱང་རྗེས་སུ་གཞོན་ལྷན་ལྟ་བུའི་ཚོགས་པ་ཁག་ཅིག་གི་བྱ་སྤུ་རླུང་ཁྱེར་གྱི་ལངས་ཕྱོགས་དག་མཐོང་དུས་ཡིད་ཐང་ཆད་སོང་། དེ་རིང་ཡང་དྲ་ཐོག་ཏུ་གཞོན་ལྷན་གྱི་བཀྲ་མི་ཤིས་པའི་གནས་ཚུལ་ལོ་གཅིག་གོང་དུ་བྱུང་བ་དེའི་སྐྱག་དྲི་དེ་ཁ་བྱུང་བར་བློ་ཕམ་ཡང་སྐྱེ་རེད་འདུག །

    Reply
  5. རིན་ཆེན་བཟང་པོ། says:
    ལོ་ 11 སྔོན།

    ཚང་མས་ཚོར་བའི་ཐོག་ནས་སྐད་ཆ་མ་བཤད་རོགས། གནས་ལུགས་ཀྱི་ཐོག་ནས་སྐད་ཆ་ཤོད། ས་གནས་གཞོན་ནུ་བརྒྱད་ལོགས་སུ་འཐོན་པ་དེ་འགྲིག་ཡོད་མེད་གནས་སྐབས་རིང་བཞག་རོགས། ད་རེས་འགན་འཛིན་ལྷན་ཚོགས་ཐོག་ས་གནས་བརྒྱད་ཀྱི་རྒྱུན་ལས་རྣམས་གཞོན་ནུའི་ཚོགས་ཁོངས་ནས་ཕུར་འཕུད་བཏང་བ་དེ་འགྲིག་གི་ཡོད་པ་མ་རེད། སྤྱིར་བཏང་གནད་དོན་འདི་ཐོག་མ་གཞོན་ནུས་ཛ་དྲག་གི་དམིགས་བསལ་ཚོགས་ཆེན་ཚོགས་ཏེ་འདི་ལྟར་ཐག་གིས་བཅད་པ་ཡིན་ན་ངོས་ལེན་བྱེད་ཐུབ་པ་ཞིག་རེད། དེ་མ་གཏོགས་འགན་འཛིན་ལྷན་ཚོགས་ཙམ་ཞིག་གི་ཐོག་ནས་འདི་ལྟ་བུའི་གནས་ཚུལ་ཆེན་པོ་ཞིག་བརྒྱ་ཁ་གཅིག་གཅོད་བྱས་པ་དེ་རྩ་བ་ནས་ངོས་ལེན་བྱེད་ཐུབ་པ་ཞིག་མ་རེད། གནས་ཚུལ་འདི་གསར་པ་བྱུང་བ་ཞིག་མ་རེད་ལོ་གཅིག་ལྷག་གི་གོང་ནས་བྱུང་བ་ཞིག་རེད། ས་གནས་བརྒྱད་ཀྱི་གཞོན་ནུའི་རྒྱུན་ལས་དེ་དག་ས་གནས་རང་གི་ཨ་ཡོད་ནང་གི་ད་ཡོད་རྣམས་རེད།
    ང་རང་གི་ལྟ་ཚུལ་བྱས་ན། ས་གནས་བརྒྱད་དེ་ཀས་ལངས་ཕྱོགས་དབུ་མའི་ལམ་ཡིན་པའི་གཞོན་ནུའི་ལྷན་ཚོགས་ཤིག་ལོགས་སུ་བཙུགས་ན་མ་གཏོགས་ལམ་ཁ་གཞན་ཡོད་པ་མ་རེད་བསམ་གྱི་འདུག ང་ཚོས་གཞི་རིམ་གྱི་བསམ་བློ་བཏང་བ་ཡིན་ན་གཞོན་ནུའི་ཚོགས་མིའི་ནང་དབུ་མའི་ལམ་ལ་ཡིད་ཆེས་དང་དགའ་མོས་ཡོད་མཁན་ས་གནས་བརྒྱད་ཙམ་མ་རེད་བསམ་གྱི་འདུག གཞིས་ཆགས་ཁག་དང་ས་གནས་ཁག་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་སྤོ་སྤོ་རྨོ་རྨོ་མང་པོ་ཞིག་ཡོད་པ་རེད། ཁོང་ཚོ་མང་ཆེ་བ་ད་ལྟ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཆགས་བསྡད་ཡོད་པ་རེད། དེ་བཞིན་རྒྱ་གར་མཐོ་སློབ་ཁག་ཏུའང་སྔོན་ཆད་གཞོན་ནུའི་རུ་ཁག་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཀྱི་གནོན་ཤུགས་འོག་ལྟ་བ་རང་བཙན་ཡིན་མདོག་མདོག་ཤོད་ཀྱི་ཡོད་པ་ལས། རྗེས་སུ་སྤྱི་ཚོགས་ཐོག་ལས་ཀ་བྱེད་པ་དང་རང་རང་གི་རྐང་པའི་སྒང་ལ་ལངས་སྐབས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མང་པོ་འདུག དཔེ་མཚོན་ཙམ་ཞུས་ན་ད་ལྟ་གངས་ཅན་སྐྱིད་གཞུང་ལ་ཕྱག་ལས་གནང་གི་ཡོད་པ་བརྒྱ་ཆ་བརྒྱད་ཅུ་ནས་དགུ་བཅུ་སྔོན་མ་གཞོན་ནུའི་ཚོགས་མི་རེད། ད་ལྟ་ཁོ་རང་ཚོའི་ལྟ་བ་ལངས་ཕྱོགས་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་ཀྱི་ཡོད་པ་རེད། དེ་གཞུང་གི་སྲིད་བྱུས་ཡིན་པ་ཙམ་དང་སྒྲིག་གཞིའི་བཅུན་པ་ཙམ་མ་རེད་ཁོ་རང་ཚོ་དངོས་སུ་དབུ་མའི་ལམ་ལ་ཡིད་ཆེས་བརྒྱབ་སྐྱོད་བྱེད་ཀྱི་ཡོད་པ་དེ་འདྲ་རེད།

    Reply
  6. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ཆིག་སྒྲིལ་དགོས་པ་ལས།ཕྱིར་ཕུད་མི་དགོས་པར་མི་ཅིག་ཕུད་ན་མི་ཅིག་ཚོད་ཀྱི་ནུས་སྟོབས་ཆུང་རུ་སོང་རེད།ད་གཞོན ་ནུ་ཚོགས་པ་སྦོ་ལུགས་ཚར་སོང།རྒྱ་མིའི་འདོད་དོན ཅིག་འགྲུབ་ཚར་སོང།

    Reply
  7. གངས་ཀྱི་བུ་ཕྲུག says:
    ལོ་ 11 སྔོན།

    འདས་ལོ་གཞོན་ལྷན་ཚོགས་ཆེན་སྐབས་ས་གནས་ཁག་བརྒྱད་ཀྱིས་མང་གཙོའི་ལམ་སྲོལ་དང་མཐུན་པར་གྲོས་ར་ནས་ཕྱིར་འབུད་བྱས་པ་འགྲིག་གི་ཡོད་པ་རེད། མ་འགྲིག་པ་ཅིག་མ་རེད། ཡིན་ཡང་། མུ་མཐུད་གཞོན་ནུའི་ལས་དོན་ཐད་གུ་བཤང་ཕྱི་བཤོལ་མེད་པར་སྒྲིག་གཞི་བཟོ་བཅོས་དང་། ངོ་སྤྲོད་ལག་འཁྱེར་གསར་བཟོ་སོགས་བྱས་པ་ནི་སྤྱིར་ན་ཚོགས་པར་རྩིས་མེད་དང་སྒོས་སུ་དབུས་རྒྱུན་གྱི་དབང་ཚད་ལ་ཡ་མེད་བྱས་པ་རེད། སོང་ཙང་བྱ་སྤྱོད་ཡག་པོ་མི་འདུག

    ཐེངས་འདིར་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ཕྱིར་འཕུད་བྱས་འདུག་་བྱས་ཟིན་པའི་རྗེས་ལ་ས་གནས་ཁག་བརྒྱད་ནས་གཞོན་ལྷན་ས་རྒྱུན་གསར་འདེབས་བྱེད་ཀྱི་རེད་དམ་མ་རེད། ས་རྒྱུན་རྙིང་པ་ཚོའི་ས་ནས་གཞོན་ལྷན་གྱི་ས་ཁང་དང་ཡིག་ཆའི་རིགས་ཇི་ལྟར་རྩིས་ལེན་བྱེད་ཀྱི་ཡོད་པ་རེད། ཁོ་ཚོས་ཟུར་དུ་ཚོགས་པ་འཛུགས་ཐུབ་པ་ལ་འདི་དག་རྩིས་མི་སྤྲོད་པའི་གནས་སྟངས་ཡོད་སྲིད་པ་ཡིན་པས་ལྟད་མོ་ད་དུང་རྗེས་ན་འདུག

    Reply
  8. ལྷག་རྡོར། says:
    ལོ་ 11 སྔོན།

    ཚ་བའི་སྐར་ཆེན་མིང་ཅན་པོར་ལབ་པ། མང་གཙོའི་ལམ་སྲོལ་ནང་སོ་སོའི་འདོད་པ་དང་མ་མཐུན་ཡང་མང་མོས་ཐོག་ནས་ཐག་བཅད་ཚར་བ་ཡིན་ན་ངེས་པར་དུ་ངོས་ལེན་བྱེད་དགོས་པ་དང་། མི་འདོད་བཞིན་དུ་མགོ་བསྒུར་དགོས་པ་དེ་འདྲ་ཞིག་རྩ་བ་ནས་མ་རེད། མང་གཙོའི་གཞུང་ལུགས་ལ་མྱོང་རྒྱུས་ཞན་པ་དང་སྒེར་སྤྱོད་བསམ་བློར་གོམས་དྲགས་པ་ཚོས་འདི་ལྟར་བསམ་ནས་འདི་ལྟར་ལབ་སྲིད་ཀྱང་། འདི་ལ་གདམ་ག་གསུམ་ཡོད་པ་རེད། དེ་དག་ངེས་པར་དུ་མཁྱེན་དགོས། གཅིག་དེ་མང་མོས་ཐག་གཅོད་དེར་བརྩི་བཀུར་ཞུས་ཏེ་ཤར་སྐྱོད་བྱ་རྒྱུ་དེ་རེད། གཉིས་པ། རང་གི་ལྟ་བར་སྲུང་སྐྱོབ་ཆེད་ཚོགས་ཐོག་དེ་ནས་ཕྱི་ལ་འཐོན་འགྲོ་བ་དང་ལམ་ཁ་གཞན་པ་བཙལ་ནས་བསྐྱར་སྐུལ་གཏོང་རྒྱུ་དེ་རེད། ལམ་ཁ་གསུམ་པ་དེ་ཚོགས་ཁོངས་སམ་སྒྲིག་འཛུགས་དེ་ནས་རྦད་དེ་རྩ་དགོངས་ཞུ་རྒྱུ་སོགས་རེད། ད་རེས་ས་གནས་བརྒྱུད་ཀྱི་རྒྱུན་ལས་ཚོས་ལམ་ཁ་གཉིས་པ་དེ་བདམས་པ་རེད། འདི་མང་གཙོའི་ལམ་སྲོལ་དང་རང་དབང་སྤྱི་ཚོགས་ཀྱི་འགྲོ་སྟངས་གང་ལའང་མཐུན་པ་ཞིག་རེད། གོང་དུ་ངས་མདོར་ཙམ་ཞུས་ཏེ་མང་པོ་བཤད་མ་དགོས་ན་བསམ་པ་ཡིན། ད་དུང་འདི་སྔོག་པ་ཡིན་ན་གནས་ཚུལ་རྫོབ་པོ་མང་པོ་ཡོད་པ་རེད།

    Reply
  9. ཚ་བའི་སྐར་ཆེན། says:
    ལོ་ 11 སྔོན།

    ཐེངས་འདིའི་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཐག་གཅོད་དེར་རྒྱབ་སྐྱོར་གཙང་མ་ཡོད། རང་བཙན་རྩོད་ནས་འཐོབ་མིན་ལ་མ་བལྟོས་པར། དེ་སྔོན་ས་གནས་བརྒྱད་ཀྱི་གཞོན་ནུས་བྱེད་སྟངས་དེ་མཐོང་དོད་པོ་ཞིག་རྩ་བ་ནས་མི་འདུག མི་གང་ཟག་སྒེར་པ་དབུ་མའི་ལམ་ལ་འགྲོ་བསམས་ན་རང་དབང་རེད་དགའ་བསུ་ཡོད། མ་ཚད་དབུས་ཚོགས་ཆེན་སྐབས་མང་མོས་ཐོག་དུས་ཚོད་ངེས་ཅན་ཞིག་གི་བར་དབུ་མའི་ལམ་ལ་བསྐྱོད་རྒྱུ་ཐག་གཅོད་བྱུང་ཚེ་དེར་ཡང་མོས་མཐུན་ཡོད།
    མ་གཏོགས་ངན་ཤུགས་འཐེན་པ་དང་། དཔུང་གྲལ་སྒྲིག་ནས་ཅིག་བྱ་རྒྱུ་ཡོད་མདོག་མདོག མི་མང་གི་མདུན་ནས་ལྷག་བསམ་ཡོད་མདོག དམ་ཚིག་གཙང་མདོག སྐབས་འཚོལ་རིང་ལུགས་ཀྱི་བྱེད་སྟངས་དེ་ཡག་པོ་མ་རེད།

    གཉིས་ནས་ཚོགས་ཆེན་ཐོག་མང་ཉུང་མོས་མཐུན་ལ་མ་བརྩི་བ་དང་། དབུས་ནས་ཆོག་མཆན་མེད་པར་སྒྲིག་གཞི་བཟོ་བཅོས་བྱས་པ། དབུས་དང་མང་མོས་ཀྱི་སྒྲིག་འཛུགས་དང་ལོགས་སུ་གྱེར་བ་གང་ཞིག ད་དུང་གཞོན་ནུའི་མིང་བྱང་དེ་བེད་སྤྱོད་བྱས་པ་ནི་ཁྲིམས་འགལ་རེད། ཡ་རབས་བཟང་སྤྱོད་དང་ཡོངས་སུ་འགལ་བ་རེད།

    མི་བུ་སོ་སོས་བསམ་བློ་བཏང་ནས་ཐག་གཅོད་བྱེད་དགོས་པ་དང་། ལམ་དང་ལུགས་སྲོལ་དང་མཐུན་པ་ཞིག་བྱེད་དགོས་པ་ལས། རྒྱབ་ནས་ཆེན་པོ་ཆེན་པོ་ཞིག་འཁྱེར་ཡོང་ན་དེ་ཡང་དག་པ་ཞིག་མ་རེད།

    ཐེངས་འདིར་ངས་རང་བཙན་རྩོད་དགོས་པ་དང་དབུ་མ་སྤོངས་དགོས་པ་སྒྲུབ་བཞིན་མེད། གང་ཞིག་ལ་རེ་བ་ཡོད་མེད་ལ་མ་བལྟོས་པར་འགྲོ་སྟངས་དང་མཐུན་པ་ཞིག་བྱེད་དགོས་པ་ནི་གལ་ཆེན་རེད།

    ལྷག་རྡོར་ཟེར་བས་”རྒྱུན་ལས་དེ་དག་དམངས་གཙོའི་ལམ་སྲོལ་ལྟར་ས་གནས་ཚོགས་མིའི་ཁྲོད་ནས་དྲག་འདེམས་བྱས་པ་རེད་མ་གཏོགས། ཁོ་རང་ཚོས་དང་བླངས་བྱས་ཏེ་སླེབས་པ་མ་རེད།” ཟེར། དམངས་གཙོའི་ལམ་སྲོལ་ལྟར་ས་གནས་ནས་དྲག་འདེམས་བྱས་ཀྱང་། དབུས་ཚོགས་ཆེན་ནང་མང་མོས་ཐག་གཅོད་ལ་བརྩི་སྲུང་དགོས་མ་པ་རེད་པེ།

    Reply
  10. ལྷག་རྡོར། says:
    ལོ་ 11 སྔོན།

    མི་མང་ཟེར་བ་འདི་ལ་ཁ་ཕྱོགས་ཁྱོན་ནས་མི་འདུག སྔར་ལོར་ས་གནས་བརྒྱད་གཞོན་ནུའི་ཚོགས་ཐོག་ནས་འཐོན་སྐབས་མང་པོ་ཞིག་གིས་དགའ་བསུ་ཞུས་པ་རེད། གང་ལྟར་ད་རེས་ས་གནས་བརྒྱད་ཀྱི་རྒྱུན་ལས་རྣམས་ཚོགས་ཁོངས་ནས་འཕུད་པ་དེ་འགྲིག་ཡོད་པ་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་རྒྱུན་ལས་དེ་དག་དམངས་གཙོའི་ལམ་སྲོལ་ལྟར་ས་གནས་ཚོགས་མིའི་ཁྲོད་ནས་དྲག་འདེམས་བྱས་པ་རེད་མ་གཏོགས། ཁོ་རང་ཚོས་དང་བླངས་བྱས་ཏེ་སླེབས་པ་མ་རེད། རྒྱུན་ལས་ཚོས་ཁ་རེ་ཐག་གཅོད་བྱས་པ་དེས་ས་གནས་ཚོགས་མི་ཡོངས་ཀྱི་བསམ་ཚུལ་མཚོན་དགོས་ཀྱི་ཡོད་པ་རེད། དེ་མང་གཙོའི་འགྲོ་སྟངས་རེད། ང་རང་གི་བསམ་ཚུལ་བྱས་ན་ད་རེས་འགན་འཛིན་ལྷན་ཚོགས་སྟེང་གི་ཐག་གཅོད་དེ་མང་གཙོའི་ལམ་སྲོལ་ལ་འགལ་ཡོད་པ་མ་ཟད་དབུས་ནས་ཐད་ཀར་ས་གནས་ལ་སྟངས་འཛིན་བྱས་ཏེ་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་ཡང་འགལ་ཡོད་པ་རེད་བསམ་གྱི་འདུག

    Reply
  11. གངས་ལྡོམ། says:
    ལོ་ 11 སྔོན།

    ཐེངས་འདིའི་གཞོན་ནུའི་ཐག་གཅོད་ལ་བསྔགས་བརྗོད་ཡོད།

    Reply
  12. སྤགས་ཤར། says:
    ལོ་ 11 སྔོན།

    གཞོན་ནུའི་དབུས་སྤྱི་ཁྱབ་ཡིག་ཚང་གིས་འདས་པའི་ལོ་གཅིག་རིང་འགྲིག་འཇགས་ཡོང་ཐབས་འབད་བརྩོན་བྱས་ཀྱང་དོན་འབྲས་མ་སོན་པ། གཞོན་ལྷན་གྱི་ནོར་འཁྲུལ་མ་རེད། གཞོན་ནུའི་སྒྲིག་འགལ་ས་གནས་བརྒྱད་ཀྱི་ཐལ་ཆ་ཆེ་བའི་ཐག་གཅོད་བྱ་མཁན་གྱི་མི་སྣ་བསམ་མེད་དེ་ཚོའི་ནོར་འཁྲུལ་རེད། རང་བཙན་འདོར་བའི་གཞོན་ལྷན་ང་ཚོ་བོད་མིར་མི་དགོས་ལ། མགོ་མེད་པའི་ལུས་པོ་བཞིན། དབུས་མེད་པའི་ས་གནས་བརྒྱད་ང་ཚོ་བོད་མིར་མི་དགོས། གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐོག་ཐག་གཅོད་ཡག་པོ་གནང་འདུག ངོ་མ་བཀྲིན་ཆེ། བསམ་མེད་མི་སྣ་དེ་ཚོ་གཞོན་ལྷན་སྒྲིག་འཛུགས་ནས་ཕྱིར་བུད་བྱ་རྒྱུ་ཕྱི་མ་དྲག་ཀྱང་སྔ་དྲག་མ་སོང་། ངོ་མ། བཀྲིན་ཆེ།

    Reply
  13. ཨ་མའི་བུ། says:
    ལོ་ 11 སྔོན།

    བོད་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྟེང་དུ་ཐག་གཅོད་ཡག་པོ་གནང་འདུག འགན་འཛིན་པ་ཚོར་ཐུགས་རྗེ་ཆེ་གྲངས་མེད་ཡོད། གཞོན་ལྷན་གྱི་སྒྲིག་ཁྲིམས་དང་འགལ་མི་སྐབས་འཚོལ་བ། སྦེལ་ཀོབ་བྱ་ཉལ་ལྷ་སྐྱབས་ཚེ་རིང་དང་། ཀོ་ལི་གྷལ་གྱི་ཅུང་ཅུང་ལ་སོགས་པའི་མི་དེ་ཚོའི་འཁྲབ་མཚན་ག་རེ་འཁྲབ་ཀྱི་ཡོད་མེད་མི་ཚང་མས་གསལ་པོ་ཤེས་གསལ་རེད། ད་རེས་རླབས་ཆེན་ཚོགས་པའི་དཔའ་རྟགས་ངོམས་འདུག སྐབས་འཚོལ་པ་དེ་ཚོས་གང་ཡང་བྱ་ཐུབ་ཀྱི་མ་རེད།

    Reply
  14. མངའ་རིས་འཕྲིན་ལས། says:
    ལོ་ 11 སྔོན།

    ད་རེས་གཞོན་ལྷན་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ དེ་ཉིད་ལེགས་གྲུབ་བྱུང་བར་དགའ་བསུ་དང་། ལྷག་པར་རྨོངས་དད་དང་གཡམ་རྒྱུག གཞན་དབང་དང་གཡོ་སྒྱུའི་འོག་ཚུད་པའི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་གཞོན་ལྷན་ཚོགས་མི་ནས་ཕྱིར་ཕུད་དང་། ངོས་ལེན་མེད་པའི་ཐག་གཅོད་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་ཡག་ཡིན། ཁོ་ཚོ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་དང་། མི་སྒེར་དང་ཆོས་ལུགས་ཀྱི་གནད་དོན་འོག་ཅལ་འདྲོགས་དང་། གཡམ་རྒྱུག་བྱས་པ་ཞིག་ཡིན་ཙང་དེ་རིགས་སླད་ཕྱིན་བཟང་ངན་ངོ་ཤེས་པ་བྱ་རྒྱུ་གལ་ཆེ་བར་སྣང་། །

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    གཞོན་ནུ་གསར་པའམ། གཞོན་ལྷན་དབུས་ལམ་ལྟ་བར་བཟུང་བའི་གཞོན་ལྷན་གཉིས་པ་ཞིག་བཙུག་རན་པའི་དུས་ལ་བབ་མི་འདུག ལགས།

    Reply
  16. དོན་ཡོད། says:
    ལོ་ 11 སྔོན།

    ད་རེས་གཞོན་ལྷན་གྱིས་སེམས་ཐག་ཆོད་པོའི་ཕྱག་ལས་ཞིག་གནང་འདུག

    Reply
  17. བོད་ཀྱི་བུ། says:
    ལོ་ 11 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་རེས་ནང་འཁྲུགས་འདི་ཞི་འཇགས་གནང་ནས་རང་ཚུགས་བརྟན་པོ་བཟུང་བ། དངོས་དོན་གྱི་ཉམས་མྱོང་ཆབ་སྲིད་མཁས་པ་བཀའ་ཁྲི་ཟུར་བ་རྒྱལ་ལོ་དོན་གྲུབ་མཆོག་སྐུ་མགྲོན་དུ་གདན་འདྲེན་པ་སོགས་ནི་གཞོན་ནུའི་རྒྱལ་ཁ་ཞིག་རྩིས་ཆོག ལྷག་པར་ས་གནས་བརྒྱད་དེ་ཚོ་དང་མཉམ་དུ་ལྟ་བ་གསལ་བཏོན་བྱས་པར་དགའ་བསུ་ཞུས་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese