མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་པའི་མགོ་བཅད་དེ་ཨ་རིར་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་པས་ཨ་རིའི་གསར་འགོད་པ་ཞིག་གི་སྐེ་བཅད་དེ་དམར་གསོད་གཏོང་བཞིན་པའི་བརྙན་ཐུང་ཞིག་ཁྱབ་བསྒྲགས་བྱས་འདུག

ཁ་སང་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) གིས་ ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༢༢ ཉིན་འཛིན་བཟུང་བྱས་པའི་ཨ་རིའི་གོ་ལའི་ཆ་འཕྲིན་ (Global Post)གསར་ཁང་གི་གསར་འགོད་པ་ཇེམ་སེ་ཧྥོ་ལེ་ (James Wright Foley) ཡི་སྐེ་བཅད་དེ་དམར་གསོད་བཏང་ཡོད་པའི་སྐར་མ་ ༡།༢༤ ཅན་གྱི་བརྙན་ཐུང་ཨ་རིར་བརྡ་སྤྲོད་པ་(A Message To America)ཞེས་པ་ཞིག་ཕྱིར་བསྒྲགས་བྱས་ཏེ། ཨ་རིས་མུ་མཐུད་ཨི་རག་གི་གནད་དོན་ལ་ཐེ་ཇུས་བྱས་ཚེ། དུས་ཚོད་ངེས་མེད་ཐོག་ཨ་རིའི་ནང་དྲག་སྤྱོད་ལས་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། ད་ལྟ་ཁོ་ཚོའི་ལག་འོག་ཏུ་ཡོད་པའི་ཨ་རིའི་གསར་འགོད་པ་སེ་ཌེ་ཝན་ (Steven Sotloff) གྱི་ཚེ་སྲོག་ལའང་ཉེན་ཁ་འཕྲད་སྲིད་པའི་བརྡ་བཏང་ཡོད་འདུག

བརྙན་འཕྲིན་ནང་ཇེམ་སེ་ཧྥོ་ལེ་ལགས་ཀྱིས། “€œངས་གྲོགས་པོ་དང་ནང་མི་ཉེ་འདུ་ཚོས་ང་གསོད་མཁན་ལ་ཡར་ལངས་བྱ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ལ། ཨ་རིའི་གཞུང་གིས་ཀྱང་འཇིགས་སྐུལ་རིང་ལུགས་པས་ང་གསོད་དགོས་དོན་ནི་ཁོ་ཚོའི་འདོད་པ་འཚིམ་རྒྱུ་དང་ནག་ཉེས་གསོག་རྒྱུའི་ཆེད་དུ་ཡིན་པ་ཤེས་རྟོགས་ཐུབ་པའི་རེ་བ་རྒྱག་གི་ཡོད” €ཅེས་བརྗོད་ཡོད་འདུག

བརྙན་འཕྲིན་ནང་ཇེམ་སེ་ཧྥོ་ལེ་གསོད་མཁན་གདོང་རས་ནག་པོ་དཀྲིས་པའི་དྲག་སྤྱོད་པ་དེས། “འདི་ནི་ཨ་རིའི་མི་སེར་ཇེམ་སེ་ཧྥོ་ལེ་རེད། ཨ་རིས་ཁ་ཆེའི་རྒྱལ་ཁབ་ནང་བཙན་འཛུལ་བྱས་པ་མ་ཟད། མཁའ་དམག་བཏང་སྟེ་ཨི་རག་ནང་ཉིན་ལྟར་བཙན་རྒོལ་གྱིས་ཁ་ཆེ་གང་མང་ལ་གནོད་འཚེ་བཏང་ཡོད། ཨ་རིས་ང་ཚོར་མུ་མཐུད་འཐབ་རྩོད་བྱེད་ཐབས་མེད། ང་ཚོ་ནི་ཁ་ཆེའི་དམག་དཔུང་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ཁ་ཆེའི་མང་ཚོགས་མང་ཆེ་བས་ངོས་ལེན་ཡོད་པའི་སྒྲིག་འཛུགས་ཤིག་ཀྱང་ཡིན་སྟབས། ད་ལྟ་ང་ཚོའི་ལག་འོག་ཏུ་ཡོད་པའི་ཨ་རིའི་གསར་འགོད་པ་སེ་ཌེ་ཝན་ (Steven Joel Sotloff) གྱི་ཚེ་སྲོག་ཀྱང་རྗེས་ལ་ཨོ་བྷ་མས་ཐག་གཅོད་གང་འདྲ་བྱེད་མིན་ལ་རག་ལུས་ཡོད” €ཅེས་བརྗོད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་སྲུང་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཧེ་ཌིན་ (Caitlin Hayden) ལགས་ཀྱིས། “€œཁ་སང་ཨི་རག་གི་དྲག་སྤྱོད་ཤོག་ཁག་གིས་འགྲེམས་སྤེལ་བྱས་པའི་བརྙན་ཐུང་དེར། ད་ལྟ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཁུངས་ལྡན་ཡིན་མིན་རྟོག་ཞིབ་བྱེད་བཞིན་ཡོད། གལ་ཏེ་བརྙན་འཕྲིན་དེ་ངོ་མ་ཡིན་ཚེ། ཨ་རིའི་གཞུང་གིས་དེ་ནི་གདུག་རྩུབ་མནར་གཅོད་བཏང་སྟེ། ཉེས་མེད་མི་སེར་དམར་གསོད་བཏང་བ་ཞིག་ལ་ངོས་འཛིན་འོག ཁོང་གི་ནང་མི་ཉེ་འདུ་ཚོར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན” €ཞེས་བརྗོད་འདུག

ཟླ་འདིའི་ཚེས་ ༡༦ ཉིན་ཨ་རིའི་དམག་དཔུང་གིས་ཨི་རག་གི་མོ་སོལ་ཆུ་རགས་དང་ཀར་ཌེ་ཤིའི་རྒྱལ་ས་ཨེར་བྷེལ་(Kurdish Erbil) ལ་འཇབ་རྒོལ་བྱེད་མཁན་འཇིགས་སྐུལ་རིང་ལུགས་པར་མཁའ་ཐོག་ནས་གཏོར་རྒོལ་ཐེངས་ ༩ དང་ཚེས་ ༡༧ ཉིན་ ༡༥ བཅས་བྱས་ཏེ་དྲག་སྤྱོད་པ་ ༡༥ བསད་ཡོད་པ་དང་། དྲག་སྤྱོད་པའི་དམག་རྒྱག་འཕྲུལ་འཁོར་ ༡༩ ཙམ་གཏོར་ཡོད་སྟབས། ཐེངས་འདིར་ཨ་རིའི་གསར་འགོད་པ་ཇེམ་སེ་ཧྥོ་ལེ་དམར་གསོད་བཏང་བ་ཞིག་ཡིན་འདུག

ཁ་སང་དྲག་སྤྱོད་པའི་ལག་འོག་ནས་འདས་གྲོངས་ཕྱིན་པའི་ཨ་རིའི་གསར་འགོད་པ་ཇེམ་སི་ཧྥོ་ལེའི་སྐྱེད་མ་ཌལ་ནེ་ (Diane Foley) ལགས་ཀྱིས་ངོ་དེབ་ཐོག “ངའི་བུ་ཇེམ་སི་ཧྥོ་ལེ་ནི་མི་བཟང་པོ་ཞིག་ཡིན་ལ་གསར་འགོད་པ་ཡག་པོ་ཞིག་ཀྱང་ཡིན། ད་ལྟ་དྲག་སྤྱོད་པས་འཇུ་བཟུང་བྱས་པའི་མི་སྣ་དག་ལ་ཨི་རག་དང་སི་རི་ཡ་གཙོས་རྒྱལ་སྤྱིའི་ནང་ཆབ་སྲིད་ཇི་ལྟར་བཟུང་མིན་གྱི་དབང་ཆ་གང་ཡང་མེད་སྟབས། འཇུ་བཟུང་བྱེད་མཁན་ཚོས་ཁོ་ཚོ་ཀློད་གྲོལ་གཏོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། ངའི་བུ་ཇེམ་སེ་ཧྥོ་ལེ་ཡིས་རྒྱལ་སྤྱིའི་སྟེང་སི་རི་ཡའི་མི་མང་ཚོས་དཀའ་སྡུག་གནས་ཚུལ་རྒྱལ་སྤྱིའི་ཐོག་གསལ་སྟོན་བྱས་ཏེ་མང་ཚོགས་ཚོས་དགའ་མོས་ཆེན་པོ་ཐོབ་ཡོད་སྟབས། ང་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག” ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨི་རག་གི་དྲག་སྤྱོད་ཤོག་ཁག་གིས་ཨ་རིའི་གསར་འགོད་པ་ཞིག་གི་སྐེ་བཅད་ནས་བསད་པ་དེས་ཨ་རིར་ཁོང་ཁྲོ་ཆེན་པོ་བསླངས་ཡོད་སྲིད་ཀྱང་། ད་ལྟ་ཁོ་ཚོའི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ཨ་རིས་དམག་རྒྱག་རྒྱུའི་ཚབ་ཏུ་བསམ་བློ་གཉིས་པ་ཞིག་གཏོང་སྲིད་སྐོར་བརྗོད་འདུག

༢༠༠༦ ལོར་ཨི་རག་ནང་ཟིང་འཁྲུག་ལངས་པ་ནས་བཟུང་ད་བར་སུ་ནེ་དྲག་སྤྱོད་རིང་ལུགས་པས་མི་སེར་ ༢༦༩༧༤༨ ལྷག་དམར་གསོད་དང་། ཡུལ་མི་མང་པོ་སྐྱབས་བཅོལ་འགྲོ་དགོས་བྱུང་ཡོད་ཅིང་། དེ་དག་ལས་ ༢༠༡༢ ལོ་ནས་ ༢༠༡༣ ལོའི་བར་མི་སེར་ ༡༢༦༨༧ ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་། ཟླ་ ༦ ཚེས་ ༡༠ ཉིན་ཨི་རག་དྲག་སྤྱོད་ཤོག་ཁག་གིས་གྲོང་ཁྱེར་བྷ་ཁེའུ་བྷ་(Baqubah) ནང་འབར་གས་དོན་རྐྱེན་བཟོས་ཏེ། དགེ་རྒན་ཆེན་མོ་བ་གཅིག་ཐེ་བའི་མི་ ༢༠ ཙམ་བསད་པ་ཟད། དྲག་སྤྱོད་པ་ ༡༣༠༠ ཙམ་གྱིས་ཨི་རག་ནཱི་ནེ་ཝེ་མངའ་སྡེའི་མཱོ་སོལ་ ( Mosul) གྲོང་ཁྱེར་ནང་འཇབ་རྒོལ་བྱས་ཏེ། མངའ་སྡེའི་གཞུང་ལས་ཁང་དང་བརྙན་འཕྲིན་ཁང་། དངུལ་ཁང་སོགས་བཙན་འཕྲོག་དང་བཙོན་པ་ ༢༤༠༠ ལྷག་བཙན་འཕྲོག་བྱས་ཡོད། ཟླ་འདིའི་ཚེས་ ༨ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨི་རག་གི་ཡཱ་ཛི་ཌི་སི་(Yazidis) དང་སེན་ཇར་ (Sinjar) རི་ཁྲོད་གཉིས་སུ་འཇིགས་སྐུལ་རིང་ལུགས་པར་ཉེན་ཡོལ་བྱེད་མཁན་ཨི་རག་ཡུལ་མི་ཚོར་མཁའ་དམག་གནམ་གྲུ་བཏང་ནས་རོགས་རམ་བྱས་ཡོད།

༢༠༡༡ ལོའི་ཟླ་ ༣ ནས་ད་བར་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་ཨི་རག་དང་སི་ར་ཡའི་གནས་ཚུལ་མཁོ་གཏོང་བྱེད་མཁན་རྒྱལ་སྤྱིའི་གསར་འགོད་པ་ ༤༠ ལྷག་བསད་ཡོད་པ་མ་ཟད། ཨ་རིའི་གསར་འགོད་པ་སེ་ཌེ་ཝན་གཙོས་པའི་གསར་འགོད་པ་ ༡༧༨ ལྷག་བཙོན་འཇུག་བྱས་ཡོད་འདུག

ཇེམ་སེ་ཧྥོ་ལེ་ (James Foley) ལགས་ནི་ཨ་རིའི་ཧམ་ཤེར་ (New Hampshire) མངའ་སྡེའི་ནང་སྐྱེས་ཤིང་། འབྲིང་རིམ་དང་མཐོ་རིམ་སློབ་གྲྭ་ཐོན་རྗེས། ཨ་རིའི་གསར་འགྱུར་བརྒྱུད་ལམ་འདྲ་མིན་ནང་ཕྱག་ལས་གནང་ཡོད་འདུག ༢༠༡༡ ལོར་ལེ་བྷེ་ཡ་ (Libya) ནང་གནས་ཚུལ་མཁོ་སྒྲུབ་བྱེད་སྐབས་ལེ་བྷེ་ཡ་གཞུང་གིས་བཀག་བསྐྱིལ་དང་། ༢༠༡༢ ལོའི་ལོ་མཇུག་ཏུ་ཨ་རིའི་གོ་ལའི་ཆ་འཕྲིན་གྱི་གསར་འགོད་པའི་འགན་བླངས་ཏེ། ཨི་རག་ནང་གནས་ཚུལ་མཁོ་སྒྲུབ་བྱེད་པར་སྐྱོད་སྐབས་ཨི་རག་གི་དྲག་སྤྱོད་པས་འཇུ་བཟུང་བྱས་ཏེ། ཟླ་འདིའི་ཚེས་ ༡༩ ཉིན་བསད་ཡོད་ཅིང་ད་ལྟ་རང་ལོ་ ༤༠ ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

༢༠༢༥/༡༡/༡༥
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

༢༠༢༥/༡༡/༡༥
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤
1,500-year-old Yongqing Temple in China hit by massive fire  on 12th November 2025.
Mobile App

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

༢༠༢༥/༡༡/༡༤
Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G
Mobile App

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

༢༠༢༥/༡༡/༡༤
India operationalised its new Nyoma airbase close to the frontier with China
Mobile App

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

༢༠༢༥/༡༡/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese