མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཚོགས་དུས་ ༨ པར་སྟ་གོན།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྐོ་ཕྱོགས་ཀྱི་གནད་དོན་སོགས་ལ་བགྲོ་གླེང་ཡོང་གི་རེད་ཟེར།

ལོ་ལྟར་ཕྱི་ཟླ་དགུ་བ་དང་གསུམ་པ་སོ་སོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་གཏན་འབེབས་དང་ལས་བསྡོམས་བསྐྱར་ཞིབ་ཀྱི་གྲོས་ཚོགས་ཚོགས་སྲོལ་ཡོད་པ་ལྟར། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བརྒྱད་པ་ག་དུས་མགོ་འཛུགས་གནང་གི་ཡོད་མེད་ཐད། དེ་རིང་གསར་འགོད་པ་སྤྱི་འཐུས་ཚོགས་དྲུང་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་གྲོས་ཚོགས་ཚོགས་དུས་ ༨ པ་དེ་ཕྱི་ཟླ་ ༩ ཚེས་ ༡༢ ནས་ ༢༤ བར་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་གཟའ་ཉི་མ་ཕུད་ཉིན་ ༡༡ རིང་ཚོགས་རྒྱུ་ཡིན་སྐོར་དང་། མཚམས་རེར་ཉིན་ཕྱེད་རིང་སྤྱི་འཐུས་ནང་ཁུལ་གྱི་ཚོགས་འདུ་ཡང་ཚོགས་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཐེངས་འདིའི་གྲོས་ཚོགས་ནང་ལས་རིམ་གཙོ་བོ་གང་དག་ཡོད་མེད་དྲིས་པར། ད་རེབ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་གྱི་ཁྱབ་ཁོངས་སུ་ལས་ཁུངས་ཁག་མང་པོ་ཞིག་ཡོད་པ་རེད། ༢༠༡༣ དང་ ༢༠༡༤ ལོའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བ་གྲོས་ཚོགས་ནང་བསླེབས་ནས་དྲི་བ་དྲི་ལན་གྱིས་བགྲོ་གླེང་ཤུགས་ཆེན་པོ་གནང་གི་རེད། གཞན། ལས་རིམ་གལ་ཆེ་ཤོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ལྔ་པའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱིས་ ༢༠༡༠ དང་ ༢༠༡༡ ལོ་ལ་སོགས་པའི་སྙན་ཐོ་ལ་ཞིབ་འཇུག་གནང་བའི་མཐའ་བསྡོམས་འབྲུ་དོན་སྙིང་པོ་དེ་གྲོས་ཚོགས་ཚོགས་དུས་ ༦ པར་སྙན་སྒྲོན་ཞུས་ཚར་བ་རེད། དེ་ཕྱག་ལེན་བསྟར་ཤོག་ཟེར་དུས། བཀའ་ཤག་གིས་མཇུག་སྐྱོང་ག་ཚོད་གནང་མིན་ལ་བཀའ་ལན་ཞིག་གནང་ཡོད་པ་རེད། བཀའ་ཤག་གིས་མཇུག་སྐྱོང་ག་ཚོད་གནང་ཡོད་མེད་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཀྱང་ཞིབ་འཇུག་དང་མཇུག་སྐྱོང་ཞིབ་ཚགས་གནང་བའི་གྲོས་ཆོད་ཅིག་ཚོགས་དུས་སྔོན་མའི་ནང་བཞག་པ་རེད། དེར་བརྟེན། ད་རེབ་སྤྱི་འཐུས་རྒྱུན་ལས་ཀྱིས་བཀའ་ཤག་གིས་མཇུག་སྐྱོང་གནང་བར་ལྷག་མ་ག་ཚོད་ཡོད་མེད་ལས་ཁུངས་ཡོངས་རྫོགས་ལ་འབྲེལ་བ་བྱས་ཏེ་མཇུག་སྐྱོང་ཞིབ་ཚགས་གནང་ཡོད་པ་རེད། གནད་དོན་འདི་ཚང་མ་གྲོས་ཚོགས་ནང་ལས་བསྡོམས་སྙན་སྒྲོན་གྱི་ངོ་བོར་བཞག་སྟེ་སྙན་འབུལ་དང་བགྲོ་གླེང་གནང་གི་རེད། དེ་ཡང་ལས་དོན་གལ་ཆེན་པོ་དང་རྒྱ་ཆེན་པོ་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

སྟོབས་རྒྱལ་ལགས་སུ་ད་རེབ་གཞུང་སྒེར་གྱི་གྲོས་ཆོད་གྲོས་འཆར་གལ་ཆེན་གང་དག་ཡོང་གི་ཡོད་མེད་དྲིས་པར་ཁོང་གིས། སྦྱིར་བཏང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཁག་གཅིག་གཉིས་ཤིག་དང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཡང་བསླེབ་རྒྱུ་ཡིན་སྐོར། དཔེར་ན། ད་ལྟའི་ཆར་སྤྱི་འཐུས་རྒྱུན་ལས་གྱི་གྲོས་ཆོད་གྲོས་འཆར་ནང་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་བྱུས་སྐོར་ལ་གྲོས་ཆོད་གྲོས་འཆར་ཡོང་གི་རེད། དེ་མཚུངས་ཆེས་མཐོ་ཁྲིམས་ཞིབ་ཁང་དང་ཚོགས་དྲུང་ལས་ཁུངས་གཉིས་ཀྱི་ལས་བྱེད་ནང་རིགས་གཉིས་དབྱེ་ཡོད་པའི་ནང་ཆེས་མཐོ་ཁྲིམས་ཞིབ་ཁང་དང་ཚོགས་དྲུང་ལས་ཁུངས་ཀྱིས་ཐད་བསྐོས་བྱེད་པའི་ལམ་ལུགས་དེ་འདྲ་ཡོད་པ་རེད། དེ་འདྲའི་ཐོག་ཏོག་ཙམ་བདེ་དང་མ་བདེ་བའི་གནས་ཚུལ་མང་པོ་དང་། ལས་བྱེད་ཕར་ཚུར་གནས་སྤོར་གཏོང་བ་དང་ཐོབ་ཐང་། འགྲོ་ལུགས་འགྲོ་སྟངས་གནད་འགག་མང་པོ་ཞིག་ཡོད་པའི་གྲོས་གཞི་གྲོས་ཆོད་ཁག་ཅིག་འདུག སྐབས་རེར་དགོས་མཁོའི་དབང་གིས་གྲོས་གཞི་གྲོས་ཆོད་འདྲ་ཡོང་གི་རེད། བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་བསྐྱར་བཅོས་ཀྱང་རེ་ཟུང་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་ད་རེབ་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་ལས་བསྡོམས་ནང་རྩིས་ཉོག་ག་ཚོད་ཅིག་གཙང་མ་བཟོ་ཐུབ་ཡོད་མེད་དྲིས་པར་ཁོང་གིས། བརྒྱ་ཆར་བཀུག་ན་མང་ཤོས་གཙང་མ་ཆགས་ཚར་བ་རེད། ཡིན་ནའང་ད་དུང་གཙང་མ་བཟོ་མ་ཐུབ་པ་ཉུང་ཤས་ཤིག་ཡོད་པ་རེད། རྒྱུ་མཚན་གང་ཡིན་ཟེར་ན། ཁ་ཤས་ལམ་སེང་ཐག་གཅོད་བྱེད་ཐུབ་ཀྱི་མེད་པ་དང་མི་ཁ་ཤས་གང་དུ་ཡོད་མེད་རྙེད་ཐུབ་ཀྱི་མེད་པ། གཙང་མ་བཟོ་མ་ཐུབ་པའི་རིགས་མུ་མཐུད་མཇུག་སྐྱོང་ཇི་ལྟར་བྱེད་ཀྱི་ཡོད་མེད་སོགས་སྙན་ཐོའི་ནང་གསལ་ཡོང་གི་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་ད་ལོར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་འཆར་ཡོད་མེད་དྲིས་པར་ཁོང་གིས། ད་སྔ་དེ་འདྲ་ཚོགས་པའི་དགོངས་འཆར་གང་ཡང་མེད། གྲོས་ཚོགས་ཚོགས་དུས་བདུན་པའི་སྐབས་བཀའ་མོལ་གནང་བ་རང་འཇགས་འདྲ་བོ་མ་གཏོགས་དམིགས་བསལ་དོན་གནད་དེ་འདྲ་མེད་སྟབས། ལོ་གཉིས་རེའི་ནང་དམིགས་བསལ་ཚོགས་ཆེན་འཚོགས་མི་དགོས་པར་དགོས་གལ་ལ་ཐུག་ན་འཚོགས་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད། རྗེས་མ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཟེར་བའི་ཚོགས་འདུ་མིང་བརྗེ་བོ་རྒྱག་སྲིད་པ་རེད། ང་ཚོའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ནང་བོད་གཞུང་ཞེས་པའི་ཐ་སྙད་ལ་བཅོས་བསྒྱུར་གཏོང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

སྐར་མ ༣༨ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༤/༢༣

མཆན། 3

  1. འཇིོགས་མེད་སེངྒེ། says:
    ལོ་ 12 སྔོན།

    ད་ཐེངས་གཞུང་འབྲེལ་གྲོས་འཆར་ནང་། ཤེས་ཡོན་སྲིད་བྱུས་སྐོར་ཡོང་གི་ཡོད་འདུག
    དེར་བརྟེན། གྲོས་ཚོགས་མ་ཚུགས་གོང་མི་མང་ཚོས་འདིའི་སྐོར་ལ་བསམ་འཆར་ཏོག་ཙམ་ཕུལ་ཐུབ་ན་ཡག་པོ་འདུག

    Reply
  2. སྡེ་དགེ་སྲས། says:
    ལོ་ 12 སྔོན།

    སྐུ་ངོ་སྟོབས་རྒྱལ་མཆོག་གིས་(ཆེས་མཐོ་ཁྲིམས་ཞིབ་ཁང་དང་ཚོགས་དྲུང་ལས་ཁུངས་གཉིས་ཀྱི་ལས་བྱེད་ནང་རིགས་གཉིས་དབྱེ་ཡོད་པའི་ནང་ཆེས་མཐོ་ཁྲིམས་ཞིབ་ཁང་དང་ཚོགས་དྲུང་ལས་ཁུངས་ཀྱིས་ཐད་བསྐོས་བྱེད་པའི་ལམ་ལུགས་དེ་འདྲ་ཡོད་པ་རེད། དེ་འདྲའི་ཐོག་ཏོག་ཙམ་བདེ་དང་མ་བདེ་བའི་གནས་ཚུལ་མང་པོ་འདུག ) གསུངས་སྟངས་ལ་བལྟས་ན། ད་རེས་སྤྱི་འཐུས་གྲོས་ཚོགས་ཧ་ཅང་འཁྲུག་པོ་ཡོང་ས་རེད་

    Reply
  3. གངས་ཀྱི་བུ་ཕྲུག says:
    ལོ་ 12 སྔོན།

    བོད་ཀྱི་གྲོས་ཚོགས་དྲུང་ཡིག་ཆེན་མོ་ཁོང་གི་ལས་ཁུངས་དང་སྐུ་བརྗིད་ཉམས་དོོད་པོ་འདུག་པས་གཞན་ལ་སྟོན་ཆོག་པའི་པར་ཞིག་རེད་འདུག་འདི་ལ་ཧ་ཅང་དགའ་སོང་།

    གཞན་གྲོས་ཚོགས་ཚོགས་ཐེངས་རེ་ལ་གངས་སྐྱིད་ནང་ཁུལ་གྱི་ལས་དོན་ཙག་ཙིག་ཁག་རྩ་ཆེན་དང་གལ་ཆེན་དུ་བརྩིས་ནས་དུས་ཚོད་མང་པོ་གཏོང་བ་ལས་རྩ་བའི་རྩ་དོན་བོད་རྒྱའི་གནད་དོན་ཐད་དང་། གཞིས་བཞུགས་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་དངོས་མ་ཞིག་ཆགས་པའི་ཆེད་དུ་གྲོས་ཆོད་གང་བཞག་ཐད་ཅི་བྱས་ཀྱི་ལས་བསྡོམས་དང་། མ་འོངས་པར་ཅི་བྱ་ཅི་འགབ་ཀྱི་གྲོས་གཞི་དག་ཟུར་དུ་ཡོད་པ་ནི་ཕྱག་ལས་ཕྲ་ལ་ཕྲན་བུ་གནང་གིན་ཡོད་མེད་ལ་མ་ལྟོས་པར་མཐོང་སྣང་ལའང་ཉམས་དམའ་བོ་ཞིག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese