མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཟུར་པར་འདྲི་གཅོད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨི་ཇིབ་གཞུང་གིས་སྲིད་འཛིན་ཟུར་པ་མོར་སི་ཡིས་རྒྱལ་ཁབ་ཀྱི་དམག་དོན་གསང་བ་ཕྱི་གྱར་བྱས་པའི་ཉེས་མིང་འོག་འདྲི་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཁ་སང་ཨི་ཇིབ་གཞུང་གིས་འདས་ལོའི་ཟླ་ ༧ ཚེས་ ༣ ཉིན་གནས་དབྱུང་བཏང་བའི་ཨི་ཇིབ་སྲིད་འཛིན་མོར་སི་ (Mohamed Morsi ) ཡིས་དེ་སྔོན་དབང་ཆ་འཛིན་སྐབས་ཁཱ་ཌར་ (Qatar)རྒྱལ་ས་ཌོ་ཧཱ་ (Doha) ནང་རྟེན་གཞི་བྱས་པའི་ཨལ་ཇཱ་ཛེ་ར་ (al-Jazeera TV) བརྙན་འཕྲིན་བརྒྱུད་རྒྱལ་ཁབ་ཀྱི་དམག་དོན་གསང་བ་ཕྱིར་གྱར་བྱས་པའི་དོགས་གཞིར་རྩད་གཅོད་རྟོག་ཞིབ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

འདིའི་ཐད་ཨི་ཇིབ་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་ཅིག་གིས་རོའུ་ཊར་གསར་ཁང་ཐོག་བརྗོད་དོན། ང་ཚོས་མོར་སི་ཡི་དྲུང་ཡིག་བུ་མོ་དང་ཨལ་ཇཱ་ཛེ་ར་གསར་ཁང་གི་ཨི་ཇིབ་གསར་འགོད་པའི་བར་གྱི་སྐད་ཆར་ལྐོག་ཉན་བྱས་སྐབས། ཁོ་མོས་གསར་འགོད་པར་ཨི་ཇིབ་ཀྱི་རྒྱལ་སྲུང་དང་འབྲེལ་བའི་ཡིག་ཆ་གལ་ཆེན་ཞིག་ མཁོ་སྤྲོད་བྱ་རྒྱུ་ཡོད་སྐོར་ལབ་ཡོད་སྟབས། ད་ལྟ་ང་ཚོས་མོར་སི་ལ་ཁོའི་དྲུང་ཡིག་བུ་མོ་དེའི་སྐད་ཆའི་ནང་དོན་གང་ཡིན་དང་ཡིག་ཆ་དེ་དག་དྲུང་ཡིག་བརྒྱུད་ཕྱི་ཕྱོགས་སུ་གྱར་ཡོད་མེད་བཅས་ཀྱི་ཐོག་རྟོག་ཞིབ་བྱེད་བཞིན་ཡོད། ང་ཚོས་བུད་མེད་དེས་ཨི་ཇིབ་ཀྱི་གསང་བའི་ཡིག་ཆ་དག་ཁཱོ་ཌར་གསང་བའི་ལས་ཁུངས་ལ་གཏོང་རྒྱུའི་ཐབས་ཤེས་བྱས་པ་ཤེས་ཀྱི་ཡོད། €ཅེས་སོགས་བརྗོད་འདུག

ཨལ་ཇཱ་ཛེ་ར་གསར་ཁང་གིས་རོའུ་ཊར་གསར་ཁང་ལ་བརྗོད་པར། “ང་ཚོས་གསར་འགོད་ཀུན་སྤྱོད་དང་མཐུན་པའི་གནས་ཚུལ་བསྡུ་རུབ་དང་འགོད་སྤེལ་བྱེད་ཀྱི་ཡོད་ཡོད་སྟབས། གནས་ཚུལ་དེའི་སྐོར་ལ་འགྲེལ་བཤད་རྒྱག་དགོས་པ་གང་ཡང་མེད” €ཅེས་བརྗོད་འདུག

༢༠༡༢ ལོའི་ཟླ་ ༦ ཚེས་ ༣༠ ཉིན་ནས་མོར་སི་ཡིས་ཨི་ཇིབ་ཀྱི་དབང་ཆ་བཟུང་པ་ནས་བཟུང་ཁོས་འཇིགས་སྐུལ་རིང་ལུགས་པ་དང་མཉམ་ལས་བྱས་པ་མ་ཟད། ཁོ་རང་ལ་ཁ་གཏད་གཅོག་མཁན་ཁག་ལྐོག་གསོད་དང་འབྲེལ་བཙོན་འཇུག་བྱས་པའི་བཙོན་པ་དག་ཀློད་གྲོལ་བཏང་སྟེ། ཨི་ཇིབ་ནང་ཟིང་འཁྲུག་བརྒྱུད་སྐུལ་བྱས་ཏེ་སྲིད་འཛིན་མོ་བྷ་རག་ (Hosni Mubarak) གི་དབང་ཆ་བཙན་འཕྲོག་བྱས་པ་སོགས་ཀྱི་ནག་ཉེས་བསགས་ཡོད་སྟབས། ༢༠༡༣ ལོའི་ཟླ་ ༧ ཚེས་ ༣ ཉིན་ཨི་ཇིབ་དམག་མིས་མོར་སི་ཡི་སྲིད་དབང་མགོ་རྟིང་བསློགས་པ་མ་ཟད། ཁོར་རྒྱབ་སྐྱོར་བྱེད་མཁན་ཁ་ཆེ་གྲོགས་པོ་མཐུན་ཚོགས་ཀྱི་མགོ་ཁྲིད་ཁག་ཅིག་བཀག་བསྐྱིལ་བྱས་པ་དང་། མང་པོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་སྟབས། གཞུང་འཛིན་ཤོག་ཁག་དང་ཁ་ཆེ་གྲོགས་པོ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་བར་ནང་འཁྲུག་ཤོར་ཏེ། ལོ་གཅིག་ནང་མི་ ༡༤༠༠ ལྷག་རྐྱེན་འདས་དང་གཞན་མི་ ༡༦༠༠ ཙམ་བཀག་ཉར་བྱས་ཡོད་འདུག

༢༠༡༤ ལོའི་ཟླ་ ༣ ནང་ཨི་ཇིབ་ནང་སྲིད་བློན་ཆེན་གྱིས་མོར་སི་ཡི་དྲུང་ཡིག་ཨ་མེན་ཨལ་སེ་ཧྥ་ཧྥེ་ (Amin al-Sefafi) ཡིས་ཨལ་ཇཱ་ཛེ་ར་གསར་ཁང་གི་རྩོམ་སྒྲིག་པ་དང་ཁ་ཆེ་གྲོགས་པོ་མཐུན་ཚོགས་ཀྱི་ཚོགས་མི་གཅིག་ལྕོགས་ལ་རྒྱལ་ཁབ་ཀྱི་དམག་དོན་གསང་བ་ཕྱི་གྱར་བྱས་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ༢༠༡༣ ལོའི་ ༦ ནང་ཨལ་ཇཱ་ཛེ་ར་གསར་ཁང་གི་གསར་འགོད་པས་གསར་འགྱུར་རྫུན་མ་ཁྱབ་སྤེལ་དང་འབྲེལ། ཨི་ཇིབ་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱེད་བཞིན་ཡོད་པའི་ཁ་ཆེ་གྲོགས་པོ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་ཉེས་མིང་བཀལ་ཏེ། གསར་འགོད་པ་ཧྥ་མི་ (Mohamed Fahmy) དང་པི་ཊར་ (Peter Greste)། བྷ་ཧར་(Baher Mohamed) བཅས་འཛིན་བཟུང་གིས་ལོ་ ༧ ནས་ ༡༠ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་སོགས་ཁཱ་ཌར་གཞུང་ལ་ཁོང་ཁྲོ་སློང་གཞིའི་བྱ་སྤྱོད་མང་པོ་ཞིག་སྤེལ་ཡོད་སྟབས། ད་ལྟ་ཨི་ཇིབ་དང་ཁཱ་ཌར་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་འདུག

ཨི་ཇིབ་གནད་དོན་ཆེད་མཁས་པ་མཱོ་མཱ་ཋ་གྷ་རེག་ལགས་ཀྱིས། “€œམོར་སི་འཛིན་བཟུང་བྱས་པར་བརྟེན་ཨི་ཇིབ་ནང་སྔར་ལྷག་ནང་འཁྲུག་ལངས་བཞིན་ཡོད་སྟབས། ད་ལྟ་ང་ཚོས་ནང་ཁུལ་གྱི་དཀའ་རྙོག་སེལ་དགོས་པ་ལས་གཅིག་གིས་གཅིག་ལ་ཁ་གཏད་གཅག་ཚེ། མ་འོངས་པར་ཕན་ལས་གནོད་ཆེ་བ་ཡོང་རྒྱུ་ཡིན” €ཞེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཁ་སང་ཨི་ཇིབ་གཞུང་གིས་མོར་སི་ཡིས་རྒྱལ་ཁབ་ཀྱི་དམག་དོན་གསང་བ་ཕྱི་གྱར་བྱས་ པའི་ཉེས་མིང་འོག་འདྲི་གཅོད་བྱ་རྒྱུ་ཐག་གཅོད་བྱས་ཡོད་སྟབས། ཁོར་རྒྱབ་སྐྱོར་བྱེད་མཁན་གྱི་ཁ་ཆེ་གྲོགས་པོ་མཐུན་ཚོགས་ཀྱིས་གཞུང་ལ་འཁོན་ལན་སློག་སྲིད་པ་མ་ཟད། གནད་དོན་དེས་ཁཱ་ཌར་རྒྱལ་ཁབ་ལའང་ཕོག་ཐུག་ཕྱིན་ཡོད་པར་བརྟེན། མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་འགོག་རྐྱེན་དང་། རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོབ་ལའང་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༥ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༦ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༧ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༨ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese