མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་བར་གྱི་ཉི་ཧོང་གི་ཁེ་བཟང་།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་བློན་མུ་དྷེ་ཉི་ཧོང་ལ་གཟིགས་སྐོར་དུ་ཕེབས་ཏེ་ཉི་ཧོང་སྲིད་བློན་ཤིང་ཛོ་ཨ་བྷེ་དང་རྒྱ་གར་དང་ཉི་ཧོང་བར་ཚོང་ལས་དང་དམག་དོན་བར་གྲོས་མཐུན་མང་པོ་ཞིག་བཞག་ཡོད་འདུག

གཟའ་སྤེན་པའི་ཉིན་ནས་བཟུང་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཉི་ཧོང་ནང་གཟིགས་སྐོར་མགོ་འཛུགས་གནང་ཡོད་ཅིང་། ཁ་སང་ཚེས་ ༣༡ ཉིན་ཁེའུ་ཀྲོ་ (Kyoto )གྲོང་ཁྱེར་གྱི་ནང་པའི་དགོན་རྙིང་ཌོ་ཇི་ (Toji ) དང་ཁེན་ཁཱ་ཁུ་ཇི་(Kinkakuji) རུ་གཟིགས་སྐོར་སྐབས། ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཆེད་མངགས་ཁེའུ་ཀྲོ་གྲོང་ཁྱེར་དུ་རྒྱ་གར་སྲིད་བློན་ལ་ཕེབས་བསུར་བཅར་ཡོད།

ཐེངས་འདིར་རྒྱ་གར་སྲིད་བློན་ཉི་ཧོང་ནང་ཉིན་ ༥ རིང་གི་ལས་རིམ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་བློན་བར་རྒྱ་གར་ཝ་ར་ཎཱ་སི་ཡར་ཐོན་ཅན་གྱི་གྲོང་ཁྱེར་ཞིག་ཏུ་འགྱུར་ཐབས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་པ་མ་ཟད། ལོ་རེར་རྒྱ་གར་གྱིས་ཉི་ཧོང་གི་བཟོ་གྲྭ་ཁག་ལ་མཁོ་བའི་རྒྱུ་ཆ་ (rare earths material) ཏུན་ ༢༠༠༠ ནས་ ༢༣༠༠ བར་ཚོང་འབྲེལ་བྱ་རྒྱུ་དང་། ཉི་ཧོང་གིས་རྒྱ་གར་ནང་བཟོ་གྲྭ་གསར་འཛུགས་ཀྱིས་ལོ་རེར་ཨ་སྒོར་ཐེར་འབུམ་ ༢ ཀྱི་མ་འཛུགས་བྱ་རྒྱུ། དེ་བཞིན། རྒྱ་གར་ལ་རྡུལ་ཕྲན་གློག་ཤུགས་ཀྱི་རྒྱུ་ཆ་རིགས་ཉི་ཧོང་ནས་ནང་འདྲེན་བྱ་རྒྱུ། ཉི་ཧོང་གིས་རྒྱ་གར་གྱི་མཚོ་དམག་ལ་མཁོ་བའི་འཚོལ་ཞིབ་དང་དམག་རྒྱག་གནམ་རྒྱུ་ཕྱིར་ཚོང་བྱ་རྒྱུ། ལོ་རེའི་ནང་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་བར་དམག་སྦྱོང་དང་། ཉི་ཧོང་གི་རྒྱབ་སྐྱོར་འོག་རྒྱ་གར་ནང་མྱུར་མགྱོགས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་བཅས་ལ་གྲོས་འཆམ་བྱུང་ཡོད་འདུག

རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཡིས། “ད་རེབ་ཉི་ཧོང་ནང་སྐོར་སྐྱོད་འདིས་ཨེ་ཤ་ཡའི་དམངས་གཙོའི་རྒྱལ་ཁབ་རྙིང་ཤོས་གཉིས་ཀྱི་འབྲེལ་ལམ་ཤོག་ལྷེ་གསར་པ་ཞིག་ཕྱེ་མགོ་བརྩམས་ཡོད་སྟབས། རྒྱལ་སྤྱིའི་ཐོག་རྒྱལ་ཁབ་གཉིས་ཀྱི་ཐབས་ཇུས་དང་ཚོང་དོན་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད” €ཅེས་བརྗོད་འདུག

ཉི་ཧོང་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས། “ངས་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་མཉམ་དུ་ཌོ་ཇི་དགོན་པར་ལྟ་སྐོར་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ལ་ལྟ་སྐབས། ལོ་རྒྱུས་ཐོག་རྒྱ་གར་དང་ཉི་ཧོང་གི་འབྲེལ་ལམ་དེ་གཏིང་ཟབ་པོ་ཡོད་པ་དྲན་སྐུལ་བྱས་ཡོད་སྟབས། ད་རེབ་འབྲེལ་མོལ་འདི་བརྒྱུད་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་དང་རྒྱལ་སྤྱིའི་དཀའ་རྙོག་སེལ་ཐབས། ལྷག་དོན་དུ་ཨེ་ཤ་ཡའི་བརྟན་ལྷིང་སྲུང་སྐྱོབ་ཐོག་ནུས་པ་གལ་ཆེན་ཐོན་ཡོད” ཅེས་བརྗོད་འདུག

རྒྱ་གར་གྱི་ཐབས་ཇུས་ཆེད་མཁས་པ་བྷ་ར་ཋ་ཁར་ནཱ་ཌེ་ (Bharat Karnad) ལགས་ཀྱིས། “€œརྒྱ་གར་དང་ཉི་ཧོང་གི་འབྲེལ་ལམ་ཡར་རྒྱས་གཏོང་དོན་གཙོ་བོ་ནི། ཉེ་ལམ་རྒྱ་ནག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དྲག་རྩུབ་བཀོལ་ཏེ། ཨེ་ཤ་ཡའི་བརྟན་ལྷིང་ཐོག་དཀའ་ངལ་བཟོ་བཞིན་ཡོད་སྟབས། རྒྱལ་ཁབ་གཉིས་མཉམ་འབྲེལ་བྱས་ཏེ་རྒྱ་ནག་ལ་གདོང་ལེན་བྱེད་འཆར་ཡོད་པ་དང་། རྒྱ་ནག་གི་ཕྱོགས་གཅིག་ལ་ཉི་ཧོང་དང་ཕྱོགས་གཞན་དེར་རྒྱ་གར་ཡོད་སྟབས་རྒྱལ་ཁབ་འདི་གཉིས་རྒྱ་ནག་དང་དཔལ་འབྱོར་མཉམ་ལས་རྒྱུན་འཁྱོངས་བྱ་དགོས་ཀྱང་། རྒྱ་ནག་གི་དྲག་རྩུབ་དང་རྒྱ་སྐྱེད་རིང་ལུགས་ལ་རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་མཉམ་འབྲེལ་ཐོག་ཁ་གཏད་གཅོག་དགོས་པ་ཆགས་ཡོད” €ཅེས་བརྗོད་འདུག

རྒྱ་གཞུང་དང་ཉི་ཧོང་གི་འབྲེལ་ལམ་ཡག་པོ་ཡོད་སྐབས། ཉི་ཧོང་གི་བཟོ་གྲྭ་ཁག་གི་རྒྱུ་ཆ་(rare earths material) རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་ཡོད་ཀྱང་། ཉེ་ལམ་རྒྱལ་སྤྱིའི་ཐོག་དཔལ་འབྱོར་ཡར་རྒྱས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་པ་དང་གསུམ་པའི་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་སྟབས། དེ་རིང་ཉི་ཧོང་སྲིད་བློན་གྱིས་རྒྱ་གར་གྱི་སྲིད་བློན་དང་ (2+2 dialogue) ཞེས་པའི་གྲོས་མོལ་གནང་སྟེ། མ་འོངས་པར་ཉི་ཧོང་གི་བཟོ་གྲྭ་ཁག་ལ་མཁོ་བའི་རྒྱུ་ཆ་དག་རྒྱ་གར་ནས་ནང་འདྲེན་བྱ་རྒྱུ་བྱས་ཡོད་འདུག

རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་རྒྱ་གར་གྷུ་ཅུ་ར་ཌེ་མངའ་སྡེའི་བློན་ཆེན་གནང་སྐབས། ཉི་ཧོང་ལ་ཐེངས་གཉིས་ཙམ་ཕེབས་ཏེ། སྲིད་བློན་ཤིང་ཛོ་ཨ་བྷེ་དང་ཐུག་འཕྲད་གནང་མྱོང་ཡོད་པ་དང་། ཤིང་ཛོ་ཨ་བྷེ་ཡིས་སྤྱི་ཚོགས་དྲ་རྒྱ་བརྒྱུད་ཁོང་གིས་རྒྱལ་སྤྱིའི་ཐོག་མོས་གུས་བྱེད་ཡུལ་གྱི་མི་སྣ་གསུམ་ཡོད་པའི་ཁྲོད་ནས་གཅིག་ནཱ་རེན་ཌ་མུ་དྷེ་ཡིན་སྐོར་བརྗོད་ཡོད་འདུག

ཉི་ཧོང་གི་སྲིད་ཇུས་ཉམས་ཞིབ་པ་ཨཱ་ལིན་ཛཱ་ཌེ་རི་ལགས་ཀྱིས། “€œཉི་ཧོང་གིས་རྒྱ་གར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ་དེས། ཉི་ཧོང་གིས་རྒྱ་ནག་གཞུང་དང་ཚོང་འབྲེལ་བྱེད་འདོད་མེད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་བར་འབྲེལ་ལམ་ཇེ་ཞན་དུ་འགྲོ་རྒྱུ་ཡིན་སྟབས། གོ་སྐབས་འདི་བརྒྱུད་ནས་རྒྱ་གར་ལ་ཁེ་ཕན་ཆེན་པོ་རག་རྒྱུར་རེ་བ་ཡོད” €ཅེས་བརྗོད་འདུག

ལོ་སྔ་ཕྱིར་རྒྱ་ནག་གི་མཐའ་སྲུང་དམག་མིས་རྒྱ་གར་གྱི་ས་མཚམས་ཁག་ལ་འཇབ་རྒོལ་ཡང་ཡང་བྱེད་བཞིན་ཡོད་པ་དང་། སྔ་ལོར་རྒྱ་ནག་གིས་ཉི་ཧོང་དང་རྩོད་རྙོག་ཡོད་པའི་སིང་ཁཱ་ཁཱོ་ (Senkaku) མཚོ་གླིང་དང་། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་གླེང་ཤུགས་ཆེ་རུ་བཏང་བ། ཉི་ཧོང་གི་སྲིད་བློན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྒྱ་ནག་དང་ཀོ་རི་ཡའི་མི་སེར་དམར་གསོད་གཏོང་མཁན་གྱི་དམག་མིའི་དྲན་རྟེན་ལྷ་ཁང་ལ་མཆོད་འབུལ་བྱས་ཏེ་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་བསླངས་པ་བཅས་ལ་བརྟེན་ཏེ། ཉི་ཧོང་དང་རྒྱ་ནག་བར་གྱི་འབྲེལ་ལམ་མངོན་གསལ་དུ་ཇེ་སྡུག་ཏུ་ཕྱིན་པ་དང་བསྟུན་ཏེ། རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་འབྲེལ་ལམ་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་ཚོང་འབྲེལ་དང་ཆབ་སྲིད་ཐབས་ཇུས་དང་དམག་ཆས་སོགས་ཀྱི་ཐོག་འབྲེལ་ལམ་གསར་པ་ཞིག་མགོ་འཛུགས་བྱས་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༦ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. མི་རྒོད། says:
    ལོ་ 12 སྔོན།

    འདིའི་ནང་བོད་ལུགས་ཚིག་ལྷད་ཞུགས་ཡོད་དམ ༽ ཡོད་ཚེ་དགའ་ལྡན་ཕོ་བྲང་གིས་རེ་བོ་དང་འགལ་ཡོད་པ་རེད་དོ།

    ༼ material) ཏུན་ ༢༠༠༠ ནས་ ༢༣༠༠ བར་ཚོང་འབྲེལ་བྱ་རྒྱུ་དང་། ཉི་ཧོང་གིས་རྒྱ་གར་ནང་བཟོ་གྲྭ་གསར་འཛུགས་ཀྱིས་ལོ་རེར ༽

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese