མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་སི་ཀྲོ་ལི་ཡའི་སྲིད་བློན་རྒྱ་གར་ནང་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དང་སང་ཉིན་བཅས་ལ་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་རྒྱ་གར་ནང་སྐོར་སྐྱོད་བྱས་ཏེ་རྒྱ་གར་གཞུང་དང་རྡུལ་ཕྲན་གློག་ཤུགས་ཀྱི་མཉམ་ལས་སྐོར་ལ་གྲོས་མཐུན་མིང་རྟགས་འགོད་རྒྱུ་ཡིན་འདུག

དེ་རིང་དང་སང་ཉིན་གཉིས་རིང་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀྲོ་ནི་ཨ་བྷོ་ཌེ་ (Tony Abbott) དང་ཚོང་དོན་བློན་ཆེན་ཨན་ཌེའུ་རོབ་ (Andrew Robb)རྣམ་གཉིས་ཀྱི་སྣེ་ཁྲིད་འོག་ཚོང་དོན་ལྷན་ཚོགས་ཤིག་རྒྱ་གར་ནང་སྐོར་སྐྱོད་བྱེད་བཞིན་ཡོད་ཅིང་། དེ་རིང་རྒྱ་གར་མོམ་བྷེ་ (Mumbai) ནང་བསྐྱོད་དེ་བཟོ་གྲྭ་དང་ཁེ་ལས་ཁག་ལ་ལྟ་སྐོར་དང་། ཉེ་ལམ་ཨོ་སི་ཀྲོ་ལི་ཡ་གཞུང་གིས་གསར་འཛུགས་བྱས་པའི་ (New Colombo Plan) ཞེས་པའི་ལས་འཆར་དབུ་འབྱེད་སོགས་བྱས་ཡོད་འདུག

སང་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་སྲིད་བློན་ནཱ་རན་ཌ་མུ་དྷེ་དང་སྲིད་འཛིན་པར་ནཱབ་མུ་ཁར་ཇི་ (Pranab Mukherjee)དང་སྲིད་འཛིན་གཞོན་པ་ཨན་སཱ་རི་ (Hamid Ansari)སོགས་ལ་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་བར་ཞི་བའི་ལས་དོན་ཆེད་དུ་མཁོ་བའི་རྡུལ་ཕྲན་གློག་ཤུགས་ཀྱི་མཉམ་ལས་གྲོས་མཐུན་ (Civil nuclear co-operation agreement)ཞེས་པ་ཞིག་ལ་མིང་རྟགས་འགོད་རྒྱུ་ཡིན་པ་དང་། གཞན། ཨོ་སི་ཀྲོ་ལི་ཡས་རྒྱ་གར་ལ་ཡུ་རེ་ནི་ཡམ་ (uranium) ཕྱིར་ཚོང་། ཤེས་ཡོན། རིག་གཞུང་བརྗེ་ལེན། བཟོ་གྲྭ་གསར་འཛུགས། དམག་དོན་བཅས་ཀྱི་མཉམ་ལས་ཁག་ལ་གྲོས་མཐུན་འཇོག་རྒྱུ་ཡིན་འདུག

ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀྲོ་ནི་ཨ་བྷོ་ཌེ་ཡིས། “ཨོ་སི་ཀྲོ་ལི་ཡས་ཨུ་རུ་སུར་ཡུ་རེ་ནི་ཡམ་ཕྱིར་ཚོང་གི་ལས་འཆར་ཡོད་པ་ལྟར། དམངས་གཙོའི་ལམ་ལུགས་ཐོག་ཤར་སྐྱོད་བྱེད་བཞིན་པའི་རྒྱ་གར་ལའང་ཡུ་རེ་ནི་ཡམ་བཙོང་རྒྱུ་གལ་ཆེན་པོ་ཆགས་ཡོད་སྟབས། ད་རེབ་སྐོར་སྐྱོད་འདི་བརྒྱུད་རྒྱ་གར་དང་མཉམ་དུ་རྡུལ་ཕྲན་གློག་ཤུགས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་ཡིན” ཞེས་བརྗོད་འདུག

རྒྱ་གར་ཕྱི་སྲིད་ལྷན་ཁང་གི་ཟུང་དྲུང་སན་ཇེ་ (Sanjay Bhattacharya)ཡིས། “རྒྱ་གར་དང་ཨོ་སི་ཀྲོ་ལི་ཡའི་བར་རྡུལ་ཕྲན་གློག་ཤུགས་མཉམ་ལས་ཐོག་གྲོས་མོལ་ཐེངས་ ༥ ཙམ་བྱས་པ་བརྒྱུད། ད་ཐེངས་ཨོ་སི་ཌོ་ལི་ཡ་གཞུང་གིས་རྒྱ་གར་ལ་ཡུ་རེ་ནི་ཡམ་ཕྱིར་ཚོང་བྱ་རྒྱུའི་ཐག་གཅོད་བྱས་ཡོད་སྟབས། སང་ཉིན་དབུ་ཁྲིད་རྣམ་གཉིས་ཀྱིས་གནད་དོན་དེའི་ཐད་མཉམ་ལས་བྱ་རྒྱུའི་གྲོས་ཆོད་འཇོག་རྒྱུ་རེད། དེ་ནི་གཉིས་ཕན་མཉམ་རྒྱལ་གྱི་གྲོས་ཆོད་ཅིག་ཆགས་ཡོད” ཅེས་བརྗོད་འདུག

ཨོ་སི་ཀྲོ་ལི་ཡ་ནི་རྒྱལ་སྤྱིའི་ཐོག་ཡུ་རེ་ནི་ཡམ་གྱི་ཐོན་ཁུངས་བརྒྱ་ཆ་ ༤༠ ལྷག་གི་ཐོན་ཁུངས་དང་ཕྱིར་ཚོང་བྱེད་མཁན་མང་ཤོས་ཀྱི་གྲས་ཤིག་ཆགས་ཡོད་ཅིང་། ༢༠༡༡ ནས་ ༢༠༡༢ ལོ་བར་ཨོ་སི་ཀྲོ་ལི་ཡས་ཨ་སྒོར་ས་ཡ་ ༧༨༢ ལྷག་གི་མ་གནས་ཡུ་རེ་ནི་ཡམ་ཌོན་ (tonne) ༧༥༢༩ ཙམ་སྔོག་འདོན་བྱས་ཡོད་འདུག

ད་ལྟ་རྒྱ་གར་གྱིས་རྡུལ་ཕྲན་ལྡོག་འགྱུར་ཡོ་ཆས་ (Nuclear reactors) ༢༠ ཙམ་བཀོལ་སྤྱོད་བྱས་ཏེ། རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཁག་ལ་གློག་ཤུགས་ཀྱི་ཚད་རིམ་ ༤༧༨༠ (Mw)ཙམ་བརྒྱུད་གཏོང་བྱེད་བཞིན་ཡོད་འདུག

རྒྱ་གར་གྱིས་ ༢༠༣༢ ལོའི་ནང་ཚུད་དུ་ཨ་སྒོར་ཐེར་འབུམ་ ༨༥ ཡིས་འགྲོ་གྲོན་བཏང་སྟེ་ཨོ་སི་ཀྲོ་ལི་ཡ་དང་མཉམ་འབྲེལ་བྱས་ཏེ་རྡུལ་ཕྲན་ལྡོག་འགྱུར་ཡོ་ཆས་ ༣༠ ཙམ་གསར་འཛུགས་བྱས་པ་བརྒྱུད་རྒྱ་གར་ནང་གློག་ཤུགས་ཀྱི་ཚད་རིམ་ ༦༣༠༠༠ (Mw) ལ་འཕེལ་རྒྱས་གཏོང་ཐབས་བྱེད་འཆར་ཡོད་འདུག

༢༠༠༡ དང་ ༢༠༠༦ ལོ་སོ་སོར་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཇོན་ཧོ་ཝར་ཌི་ (John Howard)རྒྱ་གར་ནང་ཕེབས་ཏེ། ཚོང་དོན་དང་དམག་དོན་ཐད་གྲོས་ཆོད་མང་པོ་བཞག་ཡོད་པ་དང་། ༢༠༠༩ ལོར་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཁེ་ཝུན་ (Kevin Rudd)རྒྱ་གར་ནང་ཕེབས་ཏེ་རྡུལ་ཕྲན་གློག་ཤུགས་གཙོས་ཚོང་དོན་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་བཀོད་ཡོད་འདུག

རྒྱ་གར་དང་ཨོ་སི་ཀྲོ་ལི་ཡའི་བར། ༢༠༠༨ ནས་ ༢༠༠༩ ལོར་ཨ་སྒོར་ས་ཡ་ ༡༢༥༣༧།༣༩ ཙམ་གྱི་ཚོང་འབྲེལ་དང་།

༢༠༠༩ ནས་ ༢༠༡༠ ལོ་བར་ཨ་སྒོར་ས་ཡ་ ༡༣༧༩༢།༣༣།

༢༠༡༠ ནས་༢༠༡༡ ལོ་བར་ཨ་སྒོར་ས་ཡ་༡༢༥༠༦།༠༣།

༢༠༡༡ ནས་ ༢༠༡༢ ལོ་བར་ཨ་སྒོར་ས་ཡ་ ༣༩༦༡།༩༨།

༢༠༡༢ ནས་ ༢༠༡༣ ལོ་བར་ཨ་སྒོར་ས་ཡ་ ༢༨༦༡།༧༤ བཅས་ཀྱི་ཚོང་འབྲེལ་བྱས་ཡོད་འདུག

༢༠༠༩ ལོར་ཨོ་སི་ཀྲོ་ལི་ཡར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་གར་གྱི་སློབ་མ་ཁག་ཅིག་དང་ཡུལ་མིའི་བར་འཁྲུག་འཛིང་གིས་རྒྱ་གར་གྱི་སློབ་མ་ཞིག་བསད་པ་སོགས་ལ་བརྟེན་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐོག་ཕྲན་བུ་གནོད་སྐྱོན་ཕྱིན་ཏེ། ཨོ་སི་ཀྲོ་ལི་ཡའི་གཞུང་གིས་རྒྱ་གར་ལ་ཡུ་རེ་ནི་ཡམ་ཕྱིར་ཚོང་མཚམས་འཇོག་གིས་ཨུ་རུ་སུར་ཚོང་ཁ་སྐོར་ཡོད་ཀྱང་། ཉེ་ལམ་ཨུ་རུ་སུས་ཡུག་རེན་གྱེན་ལོག་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྤྱིའི་བརྟན་ལྷིང་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་དང་། ཨ་རི་གཙོས་ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་པ་སོགས་ལ་བརྟེན་ཏེ། ཨོ་སི་ཀྲོ་ལི་ཡའི་གཞུང་གིས་རྒྱ་གར་ལ་ཡུ་རེ་ནི་ཡམ་ཕྱིར་ཚོང་བསྐྱར་དུ་སྒོ་འབྱེད་བྱས་ཡོད་འདུག

ད་རེབ་ཀྱི་ཨོ་སི་ཀྲོ་ལི་ཡ་དང་རྒྱ་གར་བར་གྱི་རྡུལ་ཕྲན་གློག་ཤུགས་མཉམ་ལས་གྲོས་མཐུན་བརྒྱུད་ཨོ་སི་ཀྲོ་ལི་ཡ་གཞུང་གིས་ལོ་རེར་རྒྱ་གར་ལ་ཡུ་རེ་ནི་ཡམ་ཌོན་ ༧༠༠༠ ཙམ་ཕྱིར་ཚོང་བྱ་རྒྱུ་ཡིན་འདུག

ཉེ་འཆར་ཨོ་སི་ཀྲོ་ལི་ཡ་དང་རྒྱ་གར་མཉམ་འབྲེལ་ཐོག་འདོན་སྤེལ་བྱས་པའི་ “འདས་མ་འོངས་ད་ལྟ་གསུམ་གྱི་ཨོ་སི་ཀྲོ་ལི་ཡ་དང་རྒྱ་གར་བར་གྱི་ཚོང་འབྲེལ” ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། ༢༠༠༩ ནས་ ༢༠༡༣ ལོ་བར་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་བརྒྱ་ཆ་ ༢༦ ཙམ་ཉམས་རྒུད་ཕྱིན་ཡོད་སྐོར་དང་། དེ་ནི་སྐབས་དེར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་པོ་མེད་པ་ལས་བྱུང་བ་ཞིག་ཡིན་སྐོར་སོགས་འཁོད་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༧/༡༨
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

༢༠༢༥/༠༧/༡༧
པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཝུའུ་ཡེན་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ། Lianhe Zaobao གསར་ཁང་གིས་པར།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

༢༠༢༥/༠༧/༡༧
༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦
Mobile App

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

༢༠༢༥/༠༧/༡༦
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མས་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་སྤྱི་མོས་གཏན་འབེབས་གནང་།

༢༠༢༥/༠༧/༡༦
Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border
Mobile App

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༡༥

མཆན། 2

  1. ནང་ཆེན་གླུ་བ། says:
    ལོ་ 11 སྔོན།

    རྒྱ་གར་གྱི་སྲིད་བློན་གསར་པ་བསྡད་རྗེས་ཚ་ཚ་འུར་འུར་འདྲ་བོ་ཞིག་ཆགས་སོང་། ད་རེས་ཀྱི་སྲིད་བློན་མུ་ངྷེ་ཡིས་རྒྱ་གར་ཡར་རྒྱས་སུ་གཏོང་རྒྱུར་རེ་བ་ཆེན་པོ་འདུག སང་ཉིན་གནིང་ཉིན་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ལ་ཡོངས་སྐབས། ཁོ་རང་གིས་རྒྱ་ནག་དང་ལང་ཕྱོགས་ག་འདྲ་ཞིག་འཛིན་ཐུབ་མིན་ལ་ལྟ་རྒྱུ་བསྡད་ཡོད་པ་རེད།

    Reply
  2. བསྟན་ཆོས། says:
    ལོ་ 11 སྔོན།

    ཞོར་ལ་དགུ་བཅུ་གསུམ་ལ་གཟུགས་ཞིབ་གནང་ཡ་མིན་འགྲོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese