མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བརྒྱུད་དོན་འགྲུབ་ལགས་ཁྲིམས་ཞིབ་པ་ཆེ་བར་བསྐོ་བཞག

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་པའི་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཉིན་གཉིས་པར། འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་དབུས་གཙང་སྤྱི་འཐུས་ལས་ཐོག་པདྨ་འབྱུང་གནས་ལགས་དང་། བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་བཀའ་བརྒྱུད་དོན་འགྲུབ་ལགས་རྣམ་གཉིས་འོས་མིར་མཚན་འདོན་གནང་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཙམ་གྱི་ཐོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འོས་མི་གཉིས་མིང་དང་ལོ་རྒྱུས་མདོར་བསྡུས་གྲོས་ཚོགས་ནང་སྙན་སྒྲོན་ཞུས་པ་བརྒྱུད། གྲོས་ཚོགས་ནང་གསང་བའི་འོས་བསྡུ་གནང་བ་བརྒྱུད་བཀའ་བརྒྱུད་དོན་འགྲུབ་ལགས་སུ་འོས་གྲངས་ ༡༩ དང་། པདྨ་འབྱུང་གནས་ལགས་སུ་འོས་གྲངས་ ༡༤ བཅས་ཐོབ་སྟེ། བཀའ་བརྒྱུད་དོན་འགྲུབ་ལགས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བསྐོ་བཞག་བྱུང་སོང་།

བཀའ་བརྒྱུད་དོན་འགྲུབ་ལགས་ནི། ཕྱི་ལོ་ ༡༩༥༧ ལོར་སྟོད་མངའ་རིས་སུ་ཕ་ཚེ་བརྟན་དོན་འགྲུབ་ལགས་དང་མ་བསོད་ནམས་མཚོ་མོ་གཉིས་ཀྱི་བུར་སྐྱེས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་ཕ་མ་སྤུན་མཆེད་དང་ལྷན་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༦༥ ལོར་སིམ་ལ་གཏན་སློབ་ཏུ་འཛུལ་ཞུགས་ཀྱིས་འཛིན་གྲྭ་ ༦ པ་བར་སློབ་སྦྱོང་གནང་ཡོད་པ་དང་། དེ་ནས་རིམ་བཞིན་མོན་གྷོར་གཞིས་ཆགས་སློབ་གྲྭར་འཛིན་གྲྭ་ ༩ པ་དང་། མ་སུ་རི་གཏན་སློབ་ཏུ་འཛིན་གྲྭ་ ༡༠ པ་ཐོན། ཕྱི་ལོ་ ༡༩༧༦ ལོར་རྡོར་གླིང་གཏན་སློབ་ནས་འཛིན་གྲྭ་ ༡༡ ཐོན་རྗེས། ཕྱི་ལོ་ ༡༩༧༦ ནས་ ༡༩༧༩ བར་སི་རི་མཐོ་སློབ་ཏུ་ཕྱིན་ཏེ་མཐར་ཕྱིན། ཕྱི་ལོ་ ༡༩༨༠ ལོར་གཞུང་ཞབས་ནང་ཚུད་དེ་ ༡༩༨༡ ལོའི་ཕྱི་ཟླ་ ༦ པ་བར་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱི་གཞོན་དྲུང་གནང་ཡོད་པ་དང་། དེ་རྗེས་ལོ་ ༣ རིང་བྷང་ལོར་དུ་(K. V Hariharan & company Charter Accountant )ཆེས་མཐོའི་རྩིས་ཞིབ་པའི་ཉམས་གསོའི་སྦྱོང་བརྡར་གནང་། དེ་ནས་རྩིས་ཞིབ་ལས་ཁུངས་ཀྱི་རྒན་དྲུང་དང་དྲུང་གཞོན། ཟུང་དྲུང་། དྲུང་འཕར། དྲུང་ཆེ་བཅས་སུ་རིམ་བཞིན་གནས་འཕར་བྱས་ཡོད་པ་དང་། དེ་རྗེས་ལོ་གཅིག་རིང་ཨ་རིའི་རོ་ཆི་སུ་ཊིར་(The University of Rochester)མཐོ་སློབ་དུ་རྩིས་དང་དཔལ་འབྱོར་རིག་པའི་ཐོག་སློབ་སྦྱོང་གནང་། ཕྱི་ལོ་ ༢༠༠༢ ནས་ ༢༠༠༤ བར་རྩིས་ཞིབ་ཁང་གི་དྲུང་ཆེའི་འགན་འཁུར་བ་དང་། ༢༠༠༤ ལོའི་ཕྱི་ཟླ་ ༩ པ་ནས་ ༢༠༡༤ ལོའི་ཕྱི་ཟླ་ ༩ པ་བར་སྤྱི་ཁྱབ་རྩིས་ཞིབ་ཀྱི་འགན་འཛིན་བཅས་གནང་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

ཆུ་ཚོད་ ༦ སྔོན་ལ།
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 1

  1. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    དེ་སྔོན་ཡིན་ན། ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་ལ། ཁྲིམས་ཀྱི་སྦྱངས་པ་དགོས་སྐོར་ཚད་བཀག་མང་པོ་ཞིག་ཡོད་བསམ་སོང་། ད་ནི། དེ་དག་ཚང་མ་མེད་པ་བཟོས་ཚར་རེད་བེ།
    ཁྲིམས་སློབ་སྦྱོང་ཅན་གྱི་མི་བསྐྱེད་བསྲིང་བྱེད་མ་ཐུབ་པར། ཁྲིམས་དཔོན་གྱི་རྐུབ་སྟེགས་སྲུང་མཁན་གྱི་ཆེད་དུ་ཁྲིམས་ལ་འགྱུར་བ་བཏང་འགྲོ་བ་འདི། ཅུང་ཙམ་མཚར་བོ་འདྲ་འདུག་གཱ།
    མདོར་དེད་ན། འདིའང་དཔེར་མཚོན་ཅན་གྱི་ཉམས་ཆག་གི་རྣམ་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese