གཟའ་ལྷག་པའི་ཉིན་ཀན་ལྷོ་གཙོད་ཉེན་རྟོག་ཁང་གི་སྒོ་ཁར་བོད་རིགས་སློབ་ཕྲུག་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
ད་ལྟ་རང་གནས་ཚུལ་འབྱོར་གསལ་ལ། ཟླ་འདིའི་ཚེས་ ༡༧ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ སྟེང་། ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁ་རུ། གཙོད་གྲོང་ཁྱེར་དུ་སློབ་གྲྭར་འགྲོ་བཞིན་པའི་རང་ལོ་ ༢༢ ཡིན་པའི་སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག
དེ་རིང་ཞོགས་པར་བོད་ཕྱི་ལོགས་སུ་ཡོད་པའི་ཁོང་གི་གཉེན་ཉེ་ཞིག་གིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྐབས་དེའི་ཁོང་གི་འབོད་ཚིག་དང་། ཤུལ་དུ་ཞལ་ཆེམས་སོགས་བཞག་ཡོད་མེད་ད་ལྟ་གསལ་ཁ་བྱུང་མེད་ཀྱང་། ས་གནས་མི་མང་ཚོས དོན་རྐྱེན་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་བསྟུན་ཏེ། ལྷ་མོ་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ཕུང་བོ་འཁྱེར་ཡོད་པ་དང་། ནང་མི་ཚོ་ཉེན་རྟོག་ཁང་དུ་བསྐྱོད་དེ་ཕུང་བོ་ཕྱིར་ནང་མིར་སྤྲོད་དགོས་པའི་རེ་སྐུལ་ཇི་ལྟར་ཞུས་ཀྱང་ཉན་འཇོག་བྱས་མེད་པར། ཁ་སང་ཚེས་ ༡༩ ཉིན་ནང་མིར་ཕུང་བོ་མེར་བསྲེགས་བཏང་ཟིན་པའི་ཐལ་བ་ཞིག་སྤྲད་ཡོད་འདུག
རྒྱལ་གཅེས་དཔའ་བོ་ལྷ་མོ་བཀྲ་ཤིས་ལགས་ནི། ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་། དེང་སྐབས་རྒྱ་གཞུང་གིས་བཅད་བསྒོས་ལྟར་འབོ་རྭ་ཡུལ་ཚོའི་འོག་ཡོད་པའི་ཨ་མཆོག་སྒྲོག་མདོ་སྡེ་བའི་ཕ་གཅོད་པ་ཚེ་རིང་དང་། མ་གདུགས་དཀར་མཚོ་གཉིས་ཀྱི་བུ་ཡིན་པ་དང་། ད་ལྟ་རང་ལོ་ ༢༢ དང་། ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དུ་སློབ་གྲྭར་སྐྱོད་བཞིན་ཡོད་འདུག
ཁོང་ནི་བོད་པའི་བདེན་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་ ༡༣༡ པ་དེ་ཆགས་ཡོད་འདུག
ཞི་ཅིང་ཧྥིང་ལྡི་ལིར་སླེབས་པ་དང་བོད་ནས་ལྷ་མོ་བཀྲ་ཤིས་ལགས་ནས་རང་ལུས་མེར་སྲེག་གི་ལས་འགུལ་དུས་བསྟུན་གནང་དགོས་པ་གང་ཡིན་ནམ། ང་ཚོས་དབུ་མའི་ལམ་ནས་ཞི་ཅིང་ཧྥིང་ལ་ཕེབས་བསུ་ཞུས་ཡོད་དམ་ཕེབས་སྐྱེལ་ཞུས་ཡོད། ད་ལན་ཞི་ཅིང་ཧྥིང་ལྡི་ལིར་འབྱོར་སྐབས་དབུ་མའི་ལམ་ལ་ཡ་ལན་བྱས་འདུག་གམ། ང་ཚོས་གཞོན་ནུ་ཚོགས་པ་གཙོས་རང་བཙན་འཐབ་རྩོད་པ་དང་། རང་བཙན་ལྟ་གྲུབ་ཅན་དག་ལ་ངན་སྨྲས་དང་དངོས་ཤུགས་རྒྱུད་གསུམ་ནས་གནོན་ཤུགས་སྤྲད་དང་སྤྲད་བཞིན་པ་དེར་ཞི་ཅིང་ཧྥིང་གིས་འགྲིག་རྟགས་རྒྱབ་འདུག་གམ། ནམ་རྒྱུན་༧གོང་ས་མཆོག་ཁ་ལ་ཁྱེར་ནས་བོད་མིའི་ནང་ཁུལ་དཀྲུག་ནས་གསང་ལམ་ཁག་ལ་ཁྱི་བཞིན་ཟུག་སྟེ་འཁྱམས་མྱུལ་བྱེད་སྡད་མཁན། རྒྱ་དམར་གྱི་དགོངས་དོན་སྒྲུབ་མཁན་དབུ་མའི་མཁན་པོ་དག་གི་བློ་མཐུན་ཞི་ཅིང་ཧྥིང་ཁོ་པས་ཁོང་རྣམས་ལ་ཕྱག་རྟགས་ལེགས་སྐྱེས་འདྲ་གནང་ཡོད་དམ།
གངས་ཅན་དཔའ་བོས་བོད་འདི་སྲུང་གྱུར་ཅིག
དཔའ་བོ་ཚོས་འདི་ལྟར་རྒྱ་གཞུང་ལ་ངོ་རྒོལ་གནང་།
སྡར་མ་ཚོས་རྒྱ་གཞུང་ཡག་རབ་རྒྱན་རབ་བཤད།
མགོ་སེར་ཚོ་མགོ་ཡོམ་འཁོར་ནས་བོད་ལ་གྱེས།
ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ།
སླར་ཡངག་ཆོས་ལྡན་བོད་ནས་སྐྱེས་པར་ཤོག
༣༡ པ་ཡིན་ནམ
བོད་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཚོ་དང་བཙན་བྱོལ་སྒྲིག་འཛུགས་ནས་དེ་དག་ལ་མྱ་ངན་གྱི་མཆོད་འབུལ་ཁོ་ན་མ་ཡིན་པར་ང་ཚོའི་སྲིད་བྱུས་འདིར་བསྒྱུར་བ་ངེས་པར་དུ་གཏོང་དགོས་པའི་དུས་ཤིག་ལ་སླེབས་འདུག
རྒྱལ་གཅེས་པ་ལྷ་མོ་བཀྲིས་ལགས། ཁྱེད་ཀྱི་ཕུགས་འདུན་འགྲུབ་ངེས་ཡིན་ནོ།
ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ།
བརྒྱ་ལ་ཨུ་ཐུག་ཀྱང་རང་ལུས་མེར་སྲེག་ལས་བོད་རིགས་གཅིག་གིས་སྐྱེས་འཕེལ་ཐུབ་ནའང་བོད་མི་རིགས་གསོན་གནས་ལ་ཕན་པ་ཡིན། རླབས་ཆེན་མ་རེད་ཟེར་ཀྱི་མེད་མོད། ད་ལྟ་དུས་དང་སྐབས་མ་རེད་བསམས། དཔའ་བོ་གང་ཉིད་མྱུར་དུ་གངས་ཅན་ཁ་བའི་ལྗོངས་ནས་སྐྱེས་པའི་སྨོན་ལམ་འདེབས།
ངོ་མ་སེམས་སྐྱོ་དགོས་པ་ཞིག་རེད། ཁ་སང་དེ་རིང་གངས་སྐྱིད་ན་སྤྱི་འཐུས་ཀྱི་ཚོགས་འདུ་ཚོགས་བཞིན་ཡོད་པས། ད་རེས་ག་རེ་གནང་དགོས་ན་གནང་བའི་དུས་ལ་སླེབས་འདུག
ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ། ཨོཾ་མ་ཎི་པ་དྨེ་ཧཱུྃ།
ཡང་རང་ལུས་མེར་བསྲེགས་གནང་འགོ་བཙུགས་པ་ཨེ་ཡིན་ནམ།
རྒྱ་ནག་གི་སྲིད་འཛིན་རྒྱ་གར་ལ་ཡོང་བ་དེས་བོད་ནང་ལ་མེ་སྤར་སོང་།