མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱིས་མུ་དྷི་ལ་ཚོད་ལྟ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དམག་གིས་ལ་དྭགས་ཆུ་དམར་ནང་བཙན་འཛུལ་གྱིས་གཏན་སྡོད་བྱས་སྟབས། རྒྱ་གར་གཞུང་གིས་གཟའ་འཁོར་འདིའི་ནང་རྒྱ་ནག་གི་རྩོམ་སྒྲིག་ཁག་ཅིག་རྒྱ་གར་ནང་ཡོང་རྒྱུ་ཕྱིར་འཐེན་བྱས་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གི་དམག་མི་ ༥༠ ལྷག་གིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་གནས་ཆུ་དམར་ (Chumar) ནང་ཚུར་བརྒལ་ནས་སྡོད་གུར་ ༧ བརྒྱབ་སྟེ་གཏན་སྡོད་བྱས་པར་བརྟེན། གཟའ་འཁོར་འདིའི་ནང་རྒྱ་ནག་གི་གསར་ཤོག་དང་དུས་དེབ་རྩོམ་སྒྲིག་པ་ཁག་ཅིག་རྒྱལ་ས་ལྡི་ལིར་ཡོང་རྒྱུ་དེ་ཕྱིར་འཐེན་བྱས་ཡོད་འདུག

ཐེངས་འདིར་རྒྱ་དམག་གིས་ཐད་འཕུར་གནམ་གྲུས། ཆུ་དམར་ས་གནས་སུ་ཡོད་པའི་རྒྱ་དམག་ ༥༠ དང་ལས་བཟོ་པ་ ༣༥ ལྷག་ལ་རྒྱུན་སྤྱོད་འཚོ་བའི་བཟའ་ཆས་རིགས་མཁོ་སྤྲོད་བྱས་སྟབས། རྒྱ་གར་བྱང་ཕྱོགས་ཀྱི་དམག་སྡེ་ཨང་ ༡༥ པས་ཛ་དྲག་གྲ་སྒྲིག་བྱེད་བཞིན་ཡོད་འདུག

གཟའ་འཁོར་སྔོན་མའི་ནང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་གཞུང་འབྲེལ་གཟིགས་སྐོར་སྐབས། རྒྱ་དམག་ ༣༠༠ ལྷག་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་གནས་བདེན་མཆོག་དང་ཆུ་དམར་གཉིས་ནང་བཙན་འཛུལ་གྱིས་ཉིན་འགར་གཏན་སྡོད་བྱས་ཏེ་ཛ་དྲག་ཆགས་དུས། སྲིད་བློན་མུ་དྷི་མཆོག་གིས་སྲིད་འཛིན་ཞི་ཅིན་ཕིན་ལ་ས་མཚམས་གནས་ཚུལ་གླེང་སློང་བྱས་པ་དང་བསྟུན་ཏེ། ཟླ་འདིའི་ཚེས་ ༡༧ ཉིན་ཕྱོགས་གཉིས་ཀྱི་དམག་དཔོན་བར་གྲོས་མོལ་བརྒྱུད་ཕྱི་ཉིན་རྒྱ་དམག་ཕྱིར་ལོག་བྱས་ཡོད་འདུག

ན་ནིང་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་སྲིད་བློན་ལི་ཁེ་ཆིང་རྒྱ་གར་ནང་གཟིགས་སྐོར་ལ་མ་ཡོང་སྔོན་ལ། རྒྱ་དམག་གིས་ལ་དྭགས་བདེ་གཙང་ས་ཁུལ་ནང་བཙན་འཛུལ་བྱས་ཏེ་བདུན་ཕྲག་གཉིས་ལྷག་རིང་བསྡད་ཡོད་པ་དང་།  ཟླ་འདིའི་ནང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་མ་ཡོང་བའི་སྔོན་ལའང་ལ་དྭགས་ས་གནས་བདེན་མཆོག་དང་ཆུ་དམར་གཉིས་ནང་བཙན་འཛུལ་བྱས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གིས་སྲིད་བློན་མུ་དྷི་ཡིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློ་ལ་ཁ་གཏད་ཅོག་རྒྱུ་ཡིན་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་ཡོད་སྟབས། བཤད་སྤྱོད་དེ་རྒྱ་གཞུང་གི་སྣང་བར་མ་སོང་བར་ད་རེབ་དེ་ལ་རྣམ་འགྱུར་གྱི་བརྡ་ལན་བསྟན་པ་ཞིག་ཡིན་པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་མཚམས་དང་ཧིན་རྡིའི་རྒྱ་མཚོ་གཉིས་ནང་གི་དཀའ་རྙོག་ཐད་མུ་དྷི་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ཚུལ་བརྗོད་འདུག

ཆུ་དམར་ས་གནས་ནི་ལ་དྭགས་རྒྱལ་ས་སླེ་ནས་སྤྱི་ལེ་ ༣༠༠ ལྷག་གི་སར་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཆེ་བའི་ས་གནས་ཤིག་ཆགས་ཡོད།  ལོ་འགའི་སྔོན་ནས་བཟུང་རྒྱ་གར་གཞུང་གིས་ས་ཁུལ་དེར་རྒྱལ་མཚམས་སྲུང་སྐྱོབ་ས་ཚིགས་ (30-R Post) བརྒྱབ་སྟེ་རྒྱ་དམག་གི་འགུལ་སྐྱོད་ལ་ལྟ་རྟོགས་བྱེད་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༣ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

མཆན། 2

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    གོང་གི་པར་རིས་དེ་ལ་བལྟས་ན་རྒྱ་གར་གྱིས་བདེན་པའི་ལོ་རྒྱུས་ལ་ཁ་ཕྱིར་སྐོར་ཏེ་ས་མཚམས་འདི་ནི་བོད་དང་འཕགས་ཡུལ་གཉིས་ཀྱི་ས་མཚམས་ཡིན་པ་ལས།ཧིན་དུ་ཅི་ན་སྤུན་གཉིས་ཀྱི་ས་མཚམས་མིན་པར་སྤུན་ཅི་ན་ཁྱོད་རང་ཁ་རོག་བཞུགས་རོགས་གནང་ལབ་དགོས་པའི་དུས་ལ་སླེབས་ཡོད་རེད།

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    འཕྲེད་དར་སྟེང་གི་བོད་ཡིག་དེ་ནི། བོད་ཡིག་ཤེས་མཁན་ཞིག་གིས་ཀློག་ཤེས་ས་མ་རེད། འདི་ནི་རྒྱ་ནག་གི་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་ངོ་གདོང་རེད། ༼ང་ཚོ་ཙ་བ་གཉིད་ནས་༽ཚིག་འདིར་ལྟོས་དང་། བྱིས་པ་ལོ་གསུམ་ཅན་ཞིག་གིས་བཤད་པ་ལོས་ཡིན་བསམ་སྤྱད་ཅིག ཟ་འདྲེ་འགོང་བོ་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese