མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་ངེས་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོའི་ལུས་སེམས་གཉིས་ཀར་དཀའ་ངལ་ཆེ་ཡང་སྤྱི་དོན་གྱི་འགན་འཁྲི་དུས་ནམ་ཡང་བརྗེད་མི་སྲིད་པ་མ་ཟད་ང་ཚོ་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལའང་དོ་སྣང་དང་གཟབ་ནན་བྱེད་ངེས་ཡིན།

ཁ་སང་ཡུ་རོབ་སྦེལ་ཇམ་ནང་བོད་མི་སྐྱབས་བཅོལ་རག་གི་མེད་པའི་ཚོགས་པའི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡ ཉིན་ནས་ད་བར་སྦེལ་ཇམ་ནང་བོད་མི་སྐྱབས་བཅོལ་དུ་འབྱོར་ཏེ་ཡིག་ཆ་རག་མེད་མཁན་ ༣༤༢ ཙམ་ཡོད་པ་ལས། ༢༢༣ ཙམ་ལ་སྦེལ་ཇམ་གཞུང་གིས་སྐྱབས་བཅོལ་སྤྲོད་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་པ་དང་། གཞན་མི་ ༡༥༠ ཙམ་སྦེལ་ཇམ་ནང་བསྡད་ཀྱང་མི་ཆོག་པའི་གནས་བབ་འོག འགྲོ་ས་སྡོད་ས་མེད་པ་དང་། ཐ་ན་ཉིན་རེའི་འཚོ་བར་ཡང་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཀྱི་ཐུགས་འཁུར་རྒྱབ་སྐྱོར་འོག ད་ལྟའི་བར་དཀའ་ངལ་དེའི་འོག་སེམས་ཁམས་ནད་པ་དང་ར་བཟི་བ་དང་། རྐུན་རྐུ་བ་སོགས་མ་རབ་བྱ་སྤྱོད་རིགས་བྱུང་མེད་པ་དང་། མ་འོངས་པར་ཡང་དེ་རིགས་མི་འབྱུང་ཚུལ་འཁོད་འདུག

གསལ་བསྒྲགས་ནང་འཁོད་དོན། ང་ཚོར་སྐྱབས་བཅོལ་མི་སྤྲོད་པའི་རྒྱུ་མཚན་གཙོ་བོ་ནི། དང་པོ་ང་ཚོས་སྐྱབས་བཅོལ་དང་པོ་རྒྱ་གར་དུ་ཞུས་འདུག་ཅེས་པ་དང་། གཉིས་པ་ང་ཚོར་ RC དང་IC འདུག་པ་དང་རྒྱ་གར་དུ་སྲུང་སྐྱོབ་དང་གནས་བབ་ཡག་པོ་འདུག་ཅེས་སོགས། མདོར་ན་རྒྱ་གར་དུ་བོད་པ་ཚོར་དཀའ་ངལ་མི་འདུག་ཅེས་པ་དེ་རེད། ང་ཚོར་དཀའ་ངལ་འཕྲད་པ་ནས་བཟུང་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་དང་། ས་གནས་སྐུ་ཚབ་དོན་གཅོད་བཅས་སུ་འབྲེལ་བ་བྱས་དང་བྱེད་བཞིན་པ་དང་། ང་ཚོའི་དཀའ་ངལ་བྱུང་བའི་ཕྱོགས་ཡོངས་ཀྱི་གནས་བབ་ཆ་ཚང་རང་གཞུང་བཀའ་སྤྱི་གཉིས་དང་འབྲེལ་ཡོད་དོན་གཅོད་བཅས་ལ་དུས་ཐོག་སྙན་གསན་དང་ལམ་སྟོན་ཞུ་བཞིན་ཡོད་ལ། ད་བར་གཞུང་ངོས་ནས་ཀྱང་ཐུགས་ཁུར་ཆེན་པོའི་ངང་ནས་ལྟ་རྟོག་དང་། དཀའ་ངལ་སེལ་ཐབས་ལ་འབད་བརྩོན་གནང་དང་གནང་བཞིན་པར་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། མ་འོངས་པར་ཡང་རང་གཞུང་ཁོ་ན་ལ་ཡིད་ཆེས་དང་རེ་བ་བྱེད་ཀྱིན་ཡོད།

ང་ཚོ་རྒྱུན་ལས་རང་ངོས་ནས་ཀྱང་སོ་སོ་རང་མགོ་ཐོན་གྱི་ཡོད་མིན་ལ་མ་ལྟོས་པར། བོད་མིའི་རྩ་དོན་དང་འབྲེལ་བའི་ཐོག་ནས་ས་གནས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེ་མཐོའི་སྐྱབས་བཅོལ་ལྷན་ཁང་དང་། རྒྱལ་སྤྱི་རིང་བཞིན་ཚོགས་པ་མང་དག་ཅིག་ལ་བོད་མི་སྤྱིའི་གནས་བབ་དང་། ལྷག་པར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སོགས་ཞུ་གཏུག་དང་འབྲེལ་ས་གནས་ཀྱི་སྐྱབས་བཅོལ་རག་མིན་གྱི་དཀའ་ངལ་སྐོར་ཞུ་བཞིན་ཡོད།

ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་དེང་སང་ཡུ་རོབ་ཁུལ་དུ་སྐྱབས་བཅོལ་རག་མིན་གྱི་དཀའ་ངལ་ལ་བརྟེན་ཏེ། བོད་མི་མང་པོ་ཞིག་སེམས་ཁམས་ནད་པར་གྱུར་བ་སོགས་གནས་ཚུལ་འཐོན་བཞིན་འདུག་པ་དང་། ང་ཚོར་ཡང་ཐོག་མར་དཀའ་ངལ་འཕྲད་སྐབས་གནས་ཚུལ་དེ་རིགས་བསླེབ་སྲིད་པའི་ཉེན་ཁ་མཐོང་སྟེ་རང་གཞུང་གི་འབྲེལ་ཡོད་ཚོས་ལམ་སྟོན་སློབ་གསོ་བྱུང་སོང་ཡང་། རང་རེས་ཡིད་ཆེས་བྱེད་ས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་། རང་གཞུང་འབྲེལ་ཡོད་དང་བཅས་པས་ང་ཚོར་རྒྱབ་སྐྱོར་དང་ལྟ་རྟོག་བཅས་ལ་བརྟེན་ཏེ། ད་བར་ང་ཚོའི་ཁྲོད་སེམས་ཁམས་ནད་པ་དང་ར་བཟི་བ། རྐུན་འཕྲོག་བྱེད་མཁན་སོགས་ཀུན་སྤྱོད་མ་རབ་རིགས་བྱུང་མེད་ལ། མ་འོངས་པར་ཡང་ང་ཚོའི་ལུས་སེམས་གཉིས་ཐོག་ནས་བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་རིགས་མི་འབྱུང་བར་རེ་བ་དང་ཡིད་ཆེས་བྱེད་ཆོག འདི་ནི་ང་ཚོས་དཀའ་ངལ་གདོང་ལེན་བྱས་པའི་རྒྱལ་ཁ་ཞིག་ལ་ཡང་བརྩི་ཆོག་པར་འདོད།

དེང་སྐབས་ང་ཚོ་སྦེལ་ལྗམ་གཅིག་པུ་མ་ཡིན་པར་ཡུ་རོབ་ཁུལ་སོགས་ཕྱོགས་སོ་སོར་བོད་མིར་སྐྱབས་བཅོལ་མ་རག་པའི་དཀའ་ངལ་འཕྲད་བཞིན་པར་གདུང་སེམས་མཉམ་བསྐྱེད་ཡོད་པ་དང་། ང་ཚོས་སུད་སུ་དང་ཧོ་ལན་ཌི་སོགས་ཀྱི་དཀའ་ངལ་འཕྲད་ཡུལ་ཁག་ཅིག་ལ་སྒྲིག་འཛུགས་ཡོད་མེད་དང་། འབྲེལ་བ་བྱེད་ས་རག་མིན་ཚོད་ལྟ་མང་པོ་བྱས་ཀྱང་དེ་ལྟར་གང་ཡང་རག་མ་སོང་བས། རྗེས་ཕྱོགས་ཡུ་རོབ་ཁུལ་གྱི་བོད་མི་སྐྱབས་བཅོལ་ཡིག་ཆའི་ཐད་དཀའ་ངལ་ཡོད་མཁན་ཚང་མ་མཉམ་རུབ་ཡོང་ན་ཡག་པོ་ཡོད་སྐོར་འཁོད་འདུག

ད་ལྟའི་ང་ཚོ་རྒྱུན་ལས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་དོན་གཅོད་དང་། དེ་མིན་ས་གནས་ཀྱི་བོད་མིའི་ཚོགས་སྡེ་ཁག་དང་། མི་སྒེར་བཅས་འབྲེལ་ཡོད་མང་པོ་ཞིག་ལ་དུས་ནས་དུས་སུ་རེ་སྐུལ་གང་ཞུས་པ་ལ། ཚང་མས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཞེས་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese