མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་ལས་འཆར་དུས་ལྟར་མཇུག་བསྒྲིལ་ཐུབ་མིན་ལ་སེམས་ཚབ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ན་ཅཱལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་གནས་སྤོར་ལས་གཞིའི་ཐོག་གྲོས་ཚོགས་ནང་གླེང་སློང་བར། ནང་སྲིད་བཀའ་བློན་མཆོག་གིས་ལས་གཞི་འདི་དང་འབྲེལ་ནས་ནང་སྲིད་དྲུང་འཕར་གྱིས་དངུལ་ལྐོག་ཟ་བྱས་པའི་གནས་ཚུལ་དེ་བདེན་པ་མིན་སྐོར་གསལ་བཤད་དང་། བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་ཀྱིས་ཕྱོགས་གཉིས་ཀས་འབད་བརྩོན་བྱས་ཏེ་ལས་གཞི་དེ་དུས་ཚོད་ནང་མཇུག་བསྒྲིལ་ཐུབ་དགོས་སྐོར་བརྗོད་བྱུང་།

ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་ཞུས་བ་དང་འབྲེལ་ཏེ། སྤྱི་འཐུས་ཤིག་གིས་ད་ལྟ་ཨ་རུ་ན་ཅཱལ་གྱི་བོད་མི་ཁེ་ཎ་ཌར་གནས་སྤོར་བྱེད་བཞིན་པའི་གནས་སྟངས་གང་འདྲ་ཆགས་ཡོད་པ་དང་། ཁེ་ན་ཌ་གཞུང་གི་འཆར་གཞི་ལྟར་ ༢༠༡༦ ལོའི་ཟླ་ ༥ པའི་བར་ལས་གཞི་དེ་མཇུག་བསྒྲིལ་ཐུབ་ཀྱི་ཡོད་མེད་སྐོར་ལ་དོགས་འདྲི་གནང་བའི་ལན་དུ། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། ང་ཚོ་ནང་སྲིད་ལས་ཁུངས་ཀྱིས་ ༢༠༡༦ ལོའི་ཟླ་ ༥ པའི་ནང་ཚུད་ད་ལས་གཞི་མཇུག་བསྐྱང་ཐུབ་ཀྱི་ཡོད་ཞུས་ཡོད་པ་མ་རེད། ལས་གཞི་དེ་ཁེ་ཎ་ཌའི་ཁྲིམས་འཆར་ཞིག་གི་ངོ་བོའི་སྟེང་ནས་སླེབས་པ་ཞིག་ཡིན་སྟབས། དེའི་ནང་ལས་ཡུན་དུས་ཚོད་ ༢༠༡༦ ལོའི་ཟླ་ ༥ པ་བརྒྱབ་ཡོད་སྟབས་དེའི་ནང་ཚར་དགོས་ཀྱི་ཡོད་པ་རེད། དུས་ཚོད་དེའི་ནང་ལ་མཇུག་བསྒྲིལ་ཐུབ་མིན་ཐོག་ང་ཚོར་ཡང་བློ་འཚབ་ཡོང་གི་འདུག ཕར་གཏོང་མ་ཐུབ་པ་དེ་ཡང་དོ་བདག་སོ་སོའི་ཡིག་ཆ་འགྲིག་མིན་དང་། གཟུགས་པོའི་འཕྲོད་བསྟེན་དཀའ་ངལ་དེ་འདྲ་མིན་པར། གཙོ་བོ་ཁེ་ཎ་ཌའི་ནང་འགན་བཞེས་མཁན་ཚོགས་པ་(Project Tibet Society) ཟེར་བས་ཕར་ཕྱོགས་ནས་ལས་ཀ་འཚོལ་བ་དང་སྡོད་གནས་གྲ་སྒྲིག་བྱེད་སོགས་ཀྱི་ཐོག་གང་ཐུབ་གནང་གི་ཡོད་ཀྱང་། ང་ཚོས་རེ་བ་བརྒྱབ་པ་བཞིན་ལྡབ་གཅིག་ལ་མི་མང་པོ་ཞིག་འགྲོ་ཐུབ་ན་བསམ་པ་དེ་ཡོང་ཐུབ་ཀྱི་མི་འདུག ང་ཚོར་བློ་འཚབ་ཡོད་པ་བཞིན་འབྲེལ་ཡོད་ལས་བྱེད་ཚོ་ལའང་བློ་འཚབ་ཡོང་གི་ཡོད་པ་རེད། འོན་ཀྱང་དེའི་ཐོག་ང་ཚོས་འབད་བརྩོན་གནང་དགོས་ཀྱི་འདུག་ཟེར་ནས་སྙན་སེང་དང་ཡིག་འབྲེལ་བྱེད་བཞིན་ཡོད། ཅེས་གསུངས་སོང་།

ནང་སྲིད་བཀའ་བློན་མཆོག་གིས་ས་གནས་བོད་མི་ཞིག་གིས་ནང་སྲིད་དྲུང་འཕར་ལགས་སུ་སྐྱོན་འཛུགས་བྱས་པའི་སྐོར་ལ་གསལ་བཤད་གནང་དོན། སྤྱིར་ང་ཚོའི་ནང་ཁུལ་དུ་ལས་དོན་བྱེད་ཕྱོགས་ཐོག་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བྱུང་བའི་རིགས་རྩ་བ་ཉིད་ནས་བཟོད་ཐབས་མེད་པ་ཞིག་ལ་ངོས་འཛིན་དང་ལག་བསྟར་བྱེད་ཀྱིན་ཡོད། དེ་བཞིན། བོད་མིའི་སྒྲིག་འཛུགས་ནང་འགན་འཁུར་མཁན་དང་ལས་ཀ་བྱེད་མཁན་ཞིག་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ཡིན་ན། ལས་བྱེད་ལ་སྲུང་སྐྱོབ་བྱེད་པ་དེ་ཡང་སྒྲིག་འཛུགས་ཀྱི་ལས་འགན་ཆགས་ཡོད་སྟབས། ནང་སྲིད་བཀའ་བློན་འབུམ་སྡེ་ལར་ཕྱོགས་སྐྱོད་སྐབས་མི་མང་གི་ཚོགས་འདུའི་སྟེང་རྙོག་གླེང་དེ་དག་སྐྱེལ་ཡོང་ཐབས་ལ་འབད་བརྩོན་བྱས་པ་ཡིན། སྦྱིར་ཁེ་ཎ་ཌའི་ལས་གཞི་ཟེར་ན་ལབ་བདེ་བོ་ཡོད་པ་རེད། ཡིན་ནའང་ས་གནས་དེའི་ནང་འགྲོ་དུས་འོས་ཆོས་ཚང་དང་མ་ཚང་སོགས་ཀྱི་གནས་སྟངས་འོག་མི་ཞིག་གི་མིང་མར་འདོན་དགོས་ན་གདོང་ལེན་མང་པོ་ཞིག་བྱེད་དགོས་ཀྱི་འདུག དེར་བརྟེན། དྲུང་འཕར་དང་ས་གནས་མགོ་འཛིན་ཚོའི་སྟེང་ལ་དངོས་གནས་དྲང་གནས་སྐད་ཆ་བཤད་རྒྱུ་ཞིག་ལྷག་མེད་བསམ་ཀྱི་ཡོད། ངན་པ་བྱེད་དགོས་སར་ངན་པ་དང་བཟང་པོ་བྱེད་དགོས་སར་བཟང་པོ་བཤད་ནས་ལས་དོན་ཏག་ཏག་འགྲོ་ཐུབ་པ་བྱས་ཡོད། ཅེས་དང་།

ཁོང་མོས་མུ་མཐུད་དུ་གསུངས་དོན། ད་ལྟ་མི་གཅིག་གིས་ནང་སྲིད་དྲུང་འཕར་ལགས་ཀྱིས་མི་ཞིག་གི་ལག་ནས་དངུལ་ཟས་ཏེ་ཁོ་ཕར་འགྲོ་མཁན་ནང་བཞག་པ་རེད་ཅེས་མི་མང་ཚོགས་འདུའི་ནང་བཤད་པ་རེད། དེ་འདྲ་བཤད་ཡོང་དུས་ང་ཚོས་ལམ་སང་ཁོ་རང་གིས་བཤད་པ་དེ་གཞི་རྩ་མེད་ཅེས་ཞུས་མེད། སྐབས་དེར་ང་ཚོས་འབྲེལ་ཡོད་ཁོ་རང་ལ་བཤད་རྒྱུ་བྱུང་། སྤྱིར་བཏང་ང་ཚོ་ནང་ཁུལ་ལ་ཡིད་ཆེས་གཙང་མ་ཡོད། ང་ཚོས་དང་པོ་ནང་ཁུལ་དུ་རྩད་གཅོད་གཙང་མ་གཅིག་བཟོས་ཏེ་ར་སྤྲོད་གསལ་བོ་བྱེད་རྒྱུ་ཡིན་ཞེས་ཞུས་པ་ཡིན། ང་ཚོས་ཐོག་མ་ཕར་ཕྱོགས་ལ་ཁ་མཆུ་རྒྱག་འདོད་པ་རྩ་བ་ནས་མེད། ཁོ་རང་གིས་གཞི་རྩ་མེད་པའི་ར་སྤྲོད་ག་རེ་བྱས་པ་རེད་ཟེར་ན། ཁོ་རང་ལ་བཤད་མཁན་མི་ཞིག་གི་མིང་བཏོན་པ་རེད། མི་དེས་ཁོས་དེ་འདྲ་ཞིག་རྩ་བ་ཉིད་ནས་བཤད་མ་མྱོང་ཞེས་ནང་སྲིད་ལས་ཁུངས་དང་ས་གནས་མགོ་འཛིན་ལས་ཁུངས་བརྒྱུད་ཡིག་ཐོག་ནས་གཙང་མ་བཟོས་སྟབས། མི་དེ་ལ་ཁྱོད་རང་གིས་མང་ཚོགས་འཛོམས་ས་ནས་ངས་སྐད་ཆ་བཤད་པ་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་ལབ་དགོས་པ་རེད་མ་གཏོགས་གཞུང་གི་ལས་བྱེད་ལ་གཞི་མེད་སྐྱོན་འཛུགས་བྱས་ན་གཞུང་ཡོངས་རྫོགས་ལ་སྐྱོན་འཛུགས་ཆགས་འགྲོ་བཞིན་ཡོད་པ་རེད་ཅེས་ཞུས་ཀྱང་། ཁོས་ཐོག་མ་ཁས་ལེན་མ་བྱས་པ་རེད། དེ་ནས་ང་ཚོས་བཀའ་འཁྲོལ་ཞུས་པ་ལྟར་བཀའ་ཤག་ནས་བཀའ་འཁྲོལ་ཐོབ་སྟེ། བྱང་ཤར་ཁུལ་གྱི་ཁྲིམས་བཤེར་ཁང་དུ་ཁྲིམས་གཏུགས་བྱེད་པའི་ཡིག་ཆ་ཆ་ཚང་གྲ་སྒྲིག་བྱེད་སྐབས། དེའི་བར་དུ་ནང་སྲིད་དྲུང་ཆེ་ས་གནས་སུ་ཕེབས་སྐབས། གཞི་ནས་ཁོ་རང་གིས་ང་ལ་གཞི་རྩ་གང་ཡང་མེད་པ་དང་། ངས་བཤད་པ་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་ཞུས་ཡོད་སྟབས། ད་ལྟའི་ཆར་ཁྲིམས་ཁང་ནང་འགྲོ་མི་དགོས་པར་མི་མང་ཁྲོད་ཁོ་རང་གིས་ཡིག་ངག་གཉིས་ཐོག་ནས་གསལ་བསྒྲགས་བྱེད་ཐུབ་པ་བྱུང་སོང་། ཞེས་གསུངས་སོང་།

གྲོས་ཚོགས་མཇུག་བསྒྲིལ་བ་དང་བསྟུན་ཏེ་འདི་གའི་གསར་འགོད་པས། བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་སུ། ད་བར་ཁེ་ཎ་ཌའི་ནང་བོད་མི་ག་ཚོད་འབྱོར་ཡོད་མེད་དང་། ཁོང་ཚོའི་ཡིག་ཆ་དང་སྡོད་གནས། ལས་ཀ་སོགས་ཀྱི་སྐོར་བཅར་འདྲི་ཞུས་པར། སྤྱི་འཐུས་ནོར་བུ་ཚེ་རིང་ལགས་ཀྱིས་འདི་ལྟར་བརྗོད་བྱུང་། ན་ནིང་ཕྱི་ཟླ་ ༡༡ པའི་ནང་བོད་མི་ ༡༧ ཙམ་ཁེ་ཎ་ཌའི་ནང་ཐོག་མར་འབྱོར་ཏེ། ད་ལྟའི་བར་ཁེ་ཎ་ཌའི་ནང་ཕལ་ཆེར་བོད་མི་ ༢༥༠ ལྷག་འབྱོར་ཡོད་ས་རེད། ཁོང་ཚོ་ཁེ་ཎ་ཌའི་གནམ་ཐང་དུ་བསླེབས་པ་དང་མཉམ་དུ་དགོས་ངེས་ཀྱི་ཡིག་ཆ་ཁག་སྤྲོད་བཞིན་ཡོད་པ་རེད། ད་ལྟ་ས་གནས་གལ་ཆེ་ཤོས་ཊོ་རོན་ཊོན་ (Toronton) དང་ཨོ་ཊ་ཝ་ (Ottawa)། ཝན་ཀོ་ཝར་ (Vancauver)ཝེ་ཁུ་ཌོབ་ར་ཡ་ (Victoria)། ཁེལ་གྷེད་རེ་ (Calgary )བཅས་ཀྱི་ནང་གཏོང་གི་ཡོད་པ་དང་། ད་ལྟའི་བར་བོད་རིགས་ལས་འཆར་ཚོགས་པས་ཁོང་རང་ཚོར་སྡོད་གནས་དང་ཟ་མ། ལས་ཀ་འཚོལ་བ་སོགས་གོ་སྒྲིག་ཡག་པོ་གནང་གི་འདུག ཉེ་ལམ་ང་རང་ཁེལ་གྷེད་རེ་ལ་ཕྱིན་ཏེ་འབྲེལ་མཐུད་པ་དང་གསར་དུ་འབྱོར་ཚོར་ཐུག་སྐབས། ད་ལྟ་ཕར་འབྱོར་ཡོད་པ་ཚོར་ལས་ཀ་བཟང་ངན་ལ་མ་ལྟོས་པར་མི་བརྒྱ་ཆ་ ༩༠ ཙམ་ལ་ལས་ཀ་རག་འདུག སྤྱིར་བཏང་ཁེ་ཎ་ཌའི་མི་སེར་ཆགས་པའི་ཚད་དེ་ལོ་གསུམ་རེད། ཡིན་ནའང་ལོ་གཅིག་གཉིས་རིང་ཁེ་ཎ་ཌའི་མི་སེར་ཆགས་པར་ཁྲིམས་དམ་དུ་བཏང་ཏེ། དབྱིན་ཡིག་གི་ཤེས་ཚད་དང་ཡིག་རྒྱུགས་གཏོང་སྟངས་སྔོན་མ་དང་བསྡུར་ན་དམ་དུ་བཏང་སྟེ་ད་ལྟ་བརྒྱ་མཐོན་པོ་ལོན་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

༢༠༡༦ ལོའི་ཟླ་ ༥ པའི་བར་བོད་མི་ཆིག་སྟོང་ཚང་མ་ཁེ་ཎ་ཌའི་ནང་གནས་སྤོར་ཚར་ཐུབ་མིན་དྲིས་པར། ཁོང་གིས་གཞུང་གི་འཆར་གཞི་ལྟར་ན། ༢༠༡༦ ལོའི་ཟླ་ ༥ པའི་བར་ལས་གཞི་འདི་ཚར་དགོས་པའི་ཆ་རྐྱེན་ཡོད་ས་རེད། ཐོག་མ་མགོ་བཙུགས་དུས་འགྲོ་ལུགས་འགྲོ་སྟངས་གསར་བ་ལྟ་བུ་ཡིན་དུས་དཀའ་ངལ་ཏོག་ཙམ་ཡོད་ཀྱང་། ད་ལྟ་ཉམས་མྱོང་དང་འབྲེལ་ལམ་གང་ཐད་ནས་ལས་སླ་རུ་ཕྱིན་ཡོད་པ་རེད། རྒྱ་གར་ནང་དང་ང་ཚོ་ཕར་ཕྱོགས་གཉིས་ངོས་ནས་འབད་བརྩོན་བྱས་ཏེ། དུས་ཚོད་ནང་ཏག་ཏག་ལས་གཞི་མཇུག་བསྒྲིལ་ཐུབ་དགོས་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ལས་གཞི་འདིའི་ཐོག་དཀའ་ངལ་གཙོ་བོ་ག་རེ་ཡིན་པ་དང་། ཁེ་ན་ཌའི་ཕྱོགས་ནས་ཕར་འགྲོ་མཁན་ཚོར་སྦྱིན་བདག་མང་པོ་ཞིག་འཚོལ་དགོས་ཀྱི་ཡོད་སྟབས་དེའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་དྲིས་པར་ཁོང་གིས། གནས་ཚུལ་དེའི་ཐོག་ཏན་ཏན་དཀའ་ངལ་ཞིག་འཕྲད་བསྡད་ཡོད་པ་རེད། དཀའ་ངལ་གཉིས་པ་ཕར་ཕྱོགས་ནས་ལས་ཀ་རག་མིན་དེ་རེད། སྤྱིར་བཏང་ཨ་རུ་ན་ཅཱལ་ནས་ཕར་གནས་སྤོར་གཏོང་མཁན་མི་གཅིག་རེ་ལས་ཉུང་མཐར་བོད་པ་གཅིག་ཚུད་པའི་སྦྱིན་བདག་མི་ལྔ་རེ་འཚོལ་དགོས་པ་དེ། གཙོ་བོ་ཕར་གནས་སྤོར་རྗེས་ལ་ལས་ཀ་རག་མིན་སོགས་ཀྱི་དཀའ་ངལ་རིགས་བྱུང་སྐབས་འགན་ལེན་མཁན་ཞིག་དགོས་པ་དེ་རེད། དེ་ལ་ཐབས་ཤེས་གཞན་ཡང་ཡོད་པ་རེད། དཔེར་ན། དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་དང་ཡེ་ཤུ་ཆོས་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་དང་མཉམ་དུ་གན་རྒྱ་བཞག་སྟེ། ཁོང་ཚོས་དཔལ་འབྱོར་མཐུན་སྦྱོར་གནང་བ་ཡིན་ན་འདྲ། གཙོ་བོ་འགན་ལེན་བྱ་རྒྱུ་དེ་རེད། ལས་གཞི་འདི་སྐྱབས་བཅོལ་གྱི་ངོ་བོ་རང་མིན་སྟབས། ཁེ་ཎ་ཌ་གཞུང་གིས་དཔལ་འབྱོར་མཐུན་སྦྱོར་གནང་གི་ཡོད་པ་མ་རེད། ཅེས་བརྗོད་སོང་།

ལས་གཞི་འདི་ནི། ༢༠༠༦ ལོར་༧གོང་ས་མཆོག་གིས་ཁེ་ཎ་ཌའི་སྲིད་བློན་མཆོག་ལ་བཀའ་མོལ་གནང་བ་ལྟར། ཁེ་ཎ་ཌའི་གཞུང་གིས་དམིགས་བསལ་གྲོས་འཆར་འོག་བོད་མི་ཆིག་སྟོང་ཁེ་ཎ་ཌར་གནས་སྤོར་བྱེད་ཆོག་པའི་བཀའ་འཁྲོལ་ཐོབ་པ་ཞིག་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

སྐར་མ ༢༦ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese