མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་བྷེལ་རྩོམ་རིག་གཟེངས་རྟཊ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཇེའུ་མི་རིགས་ཀྱི་ལོ་རྒྱུས་དང་སྙིང་སྟོབས་གདེང་འཇོག་གནང་མཁན་ཧྥ་རན་སིའི་རྩོམ་པ་པོ་པཱ་ཌེག་མོ་ཌི་ནཱོ་ལགས་སུ་ཐོབ་ཡོད་འདུག  

ནོ་བྷེལ་རྩོམ་རིག་གཟེང་རྟགས་ཚོགས་ཆུང་གིས་ཟླ་འདིིའི་ཚེས་ ༩ ཉིན། ད་ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཧྥ་རན་སིའི་རྩོམ་པ་པོ་པཱ་ཌེག་མོ་ཌི་ནཱོ་ (Patrick Modiano) ལགས་སུ་ཐོབ་ཡོད་པ་གསལ་བསྒྲགས་བསྐྱངས་འདུག དེ་ནི་ཁོ་བོས་འདས་པའི་ལོ་ངོ་ ༤༦ ཙམ་རིང་རྩོམ་རིག་བྱ་བར་བཞུགས་ཏེ། ད་བར་རིགས་མི་འདྲ་བའི་དཔེ་དེབ་ ༤༠ ཙམ་འདོན་སྤེལ་བྱས་པ་མ་ཟད། དཔེ་དེབ་དེ་དག་གི་བརྗོད་བྱ་གཙོ་བོ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ནཱ་ཛིའི་ (Nazi) དབང་སྒྱུར་འོག་ཇེའུ་མི་རིགས་ཀྱིས་དཀའ་སྡུག་གང་མྱངས་ཡོད་མེད་དང་། ལྷག་པར་བཙན་འོག་ཏུ་ཡོད་པའི་མི་རིགས་ཚོས་སོ་སོའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་ཆེད་ལས་དོན་གང་བསྒྲུབས་ཡོད་མེད་བཅས་ཀྱི་གནས་ཚུལ་དག་གཙོ་དོན་བྱས་ཏེ་བྲིས་པའི་བརྩམས་ཆོས་ཤ་སྟག་ཡིན་སྟབས། ཐེངས་འདིར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཕུལ་བ་ཞིག་ཡིན་འདུག

འདིའི་ཐད་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ལྷན་ཚོགས་ཀྱི་དྲུང་ཆེ་པི་ཌར་ (Peter Englund) གྱིས་བརྗོད་དོན། “རྩོམ་པོ་པོ་འདིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ཉམ་ཆུང་ནུས་མེད་ཚོའི་དཀའ་སྡུག་དག་རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་གསར་བཏོན་དང་། ཁོང་གིས་ད་བར་རྒྱ་ཆེའི་ཀློག་པ་པོ་ཚོར་དྲན་འཆར་གསར་པ་ཞིག་དང་། སྐུལ་སློང་བརྣལ་མ་ཞིག་གི་འཆར་སྣང་སྤྲད་ཡོད་པ་མ་ཟད། རྩོམ་རིགས་གང་ཞིག་བརྩམས་ཀྱང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ནང་དོན་དང་ཚིག་སྦྱོར་ལྡན་སྟབས་འཛམ་གླིང་རྩོམ་རིགས་འཕེལ་རྒྱས་ཐོག་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཁོང་གིས་བརྩམས་པའི་དེབ་མང་ཆེ་བ་ཀློག་བདེ་ཞིང་ཚིག་དོན་གོ་སླ་བ་མ་ཟད། ཤོག་གྲངས་ཀྱང་ ༡༥༠ ཙམ་ལས་མེད་སྟབས། ཁྱེད་ཀྱིས་ཉིན་གཅིག་ནང་ཉུང་མཐར་ཁོང་གི་དེབ་གཉིས་ཀློག་ཐུབ་ཀྱི་ཡོད། ད་ལྟ་ཁོང་ནི་ང་ཚོའི་དུས་སྐབས་ཀྱི་སྙན་གྲགས་ཆེ་ཤོས་ཀྱི་རྩོམ་པ་པོ་མར་སལ་ཧྥོར་སི་ (Marcel Proust) ཞེས་པ་དེ་ཆགས་ཡོད་སྟབས། མ་འོངས་པར་ང་ཚོས་ཁོང་ནས་ལེགས་ཆ་ལེན་ཐུབ་པ་བྱ་དགོས།”ཞེས་བརྗོད་འདུག

༡༩༦༨ ལོར་ཁོང་གིས་ཧྥ་རན་སིའི་སྐད་ཡིག་ཐོག་ཇེའུ་མི་རིགས་ཚོས་ནཱ་ཛི་མངའ་འོག་ནས་དཀའ་སྡུག་གང་འདྲ་མྱངས་ཡོད་མེད་ཀྱི་བརྗོད་དོན་གཙོར་བཟུང་ཐོག་བྲིས་པའི་བརྩམས་སྒྲུང་ཐོག་མ་ (La place de l’étoile) ཞེས་པ་ཞིག་འགྲེམས་སྤེལ་བྱས་རྗེས། རྒྱ་ཆེའི་ཀློག་པ་པོ་ཚོས་ཁོང་ལ་གདེང་འཇོག་ཚད་མཐོན་པོ་ཐོབ་ཡོད་པ་མ་ཟད། བརྩམས་སྒྲུང་དེ་སྐད་ཡིག་འདྲ་མིན་ནང་བསྒྱུར་ཡོད་པ་དང་། ༡༩༧༨ ལོར་ཁོང་གི་བརྩམས་སྒྲུང་༼བོར་བརླག་སོང་བའི་མི།༽ཞེས་པར་ཧྥ་རན་སི་རྒྱལ་ཡོངས་རྩོམ་རིག་བྱ་དགའ་དང་། ༡༩༧༤ ལོར་ཁོང་གིས་ཧྥ་རན་སིའི་སྙན་གྲགས་ཆེ་བའི་གློག་བརྙན་ (Lacombe Lucien) གྱི་འཁྲབ་གཞུང་ཡང་བརྩམས་ཡོད་འདུག

ད་བར་ཁོང་གིས་བྱིས་སྒྲུང་དང་བརྩམས་སྒྲུང་། འབོལ་རྩོམ། སྙན་ངག་སོགས་བརྗོད་བྱ་མི་འདྲ་བའི་དེབ་ ༤༠ ལྷག་དཔར་སྐྲུན་བྱས་ཡོད་པའི་ཁྲོད་ནས་དབྱིན་ཡིག་ཐོག་བསྒྱུར་བའི་དཔེ་དེབ་ཁག་ཅིག་ནི། ༼སྡང་སེམས་ཀྱི་རྗེས་ཤུལ།༽(A Trace of Malice) ཞེས་པ་དང་།  ༼བོར་བརླག་སོང་བའི་མི།༽(Missing Person)། ༼ སྦྲང་རྩིའི་ཟླ་བ༽ (Honeymoon)། ༢༠༡༤ ལོར་ཁོང་གིས་ཧྥ་རན་སི་སྐད་ཐོག་ (Pour que tu ne te perdes pas dans le quartier) ཞེས་པའི་བརྩམས་སྒྲུང་ཞིག་འདོན་སྤེལ་གྱིས་རྩོམ་རིགས་སྒྱུ་རྩལ་ཁྲོད་གྲུབ་འབྲས་ཆེན་པོ་བླངས་ཡོད་འདུག ༢༠༡༠ ལོར་ཁོང་ལ་རྒྱལ་སྤྱིའི་ཧྥ་རན་སི་རྩོམ་རིགས་བྱ་དགའ་དང་། ༢༠༡༢ ལོར་ཨོ་སི་ཌོ་རི་ཡ་གཞུང་གིས་ཡུ་རོབ་རྩོམ་རིག་བྱ་དགའ། ༢༠༡༤ ལོར་ནོ་བྷེལ་རྩོམ་རིགས་བྱ་དགའ་བཅས་ཐོབ་ཡོད།

༡༩༠༨ ལོ་ནས་བཟུང་ད་བར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ ༡༡༡ ཙམ་སྤྲད་ཡོད་ཅིང་། ན་ནིང་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཁེ་ན་ཌའི་རྩོམ་པ་པོ་ལྕམ་མོན་རོབ་ (Alice Munro) ལགས་ཀྱིས་བརྩམས་པའི་ ༼བརྩེ་བའི་མི་ཚེ༽ དང་༼བདེ་སྐྱིད་ལྡན་པའི་ཞབས་བྱོའི་གྲིབ་གཟུགས༽སོགས་ཀྱི་སྒྲུང་ཐུང་ལ་དུས་རབས་ ༡༩ པའི་ནུབ་ཕྱོགས་རྩོམ་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་། ཁོ་མོའི་བརྩམས་ཆོས་ནང་གི་མི་སྣ་གཙོ་བོ་ནི་བུད་མེད་དང་བུད་མེད་ཀྱི་དཀའ་སྡུག ལྷག་པར་ཁོ་མོ་རང་ཉིད་འཚར་ལོངས་བྱུང་ཡུལ་གྱི་གྲོང་གསེབ་འཚོ་བ་དང་། ཁོར་ཡུག་བཅས་ཀྱི་སྣང་བརྙན་འབྲི་བཞེངས་བྱས་ཡོད་སྟབས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཐོབ་པ་ཞིག་ཡིན་འདུག

རྩོམ་པ་པོ་པཱ་ཌེག་མོ་ཌི་ནཱོ་ལགས་ཀྱིས། “ངས་ཁོ་ཚོས་ང་ལ་གཟེངས་རྟགས་འདི་ག་རེ་བྱས་ནས་སྤྲད་ཡོད་མེད་ཤེས་འདོད་ཆེན་པོ་འདུག རང་ཉིད་རང་གིས་བྲིས་པའི་དེབ་ཀྱི་ཀློག་པ་པོ་ཞིག་ཆགས་རྒྱུ་ཁག་པོ་རེད་མ་གཏོགས། ངས་ལོ་ ༤༥ ལྷག་རིང་བརྩམས་པའི་དེབ་དེ་ཚོའི་བརྗོད་བྱར་བསྐྱར་ཀློག་ཅིག་བྱས་ཏེ། ཁོ་ཚོས་ང་ལ་གཟེངས་རྟགས་འདི་སྤྲོད་དགོས་དོན་གང་ཡིན་ལྟ་དགོས་པ་ཞིག་ཆགས་འདུག”ཅེས་བརྗོད་འདུག

ཧྥ་རན་སིའི་སྲིད་བློན་མུ་ནོལ་ཝོལ་ (Manuel Valls) ལགས་ཀྱིས། “ཁོང་ནི་དུས་རབས་ཉེར་གཅིག་ནང་གི་རྩོམ་པོ་སྙན་གྲགས་ཆེ་གྲས་ཤིག་ཡིན་སྟབས། ཁོང་ལ་གཟེངས་རྟགས་དེ་སྤྲོད་འོས་པ་ཞིག་ཆགས་ཡོད་པ་མ་ཟད། ཁོང་གི་བརྩམས་ཆོས་དེ་དག་ནི་ཁྱད་ཆོས་དམིགས་བསལ་ལྡན་ལ་དུས་རབས་ཀྱི་ཉམས་འགྱུར་འཐོན་པའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་ཐུབ་ཞིག་ཀྱང་ཆགས་ཡོད།”ཅེས་བརྗོད་འདུག

ཧྥ་རན་སིའི་རྩོམ་པ་པོ་པཱ་ཌེག་མོ་ཌི་ནཱོ་ (Patrick Modiano) ལགས་ནི། ༡༩༤༥ ལོའི་ཟླ་ ༧ ཚེས་ ༣༠ ཉིན་ཧྥ་རན་སི་རྒྱལ་སའི་བྷེ་ལན་ཀོ་ཌི་ (Boulogne-Billancourt) ཞེས་པའི་ས་ཁུལ་གྱི་ཇེའུ་མི་རིགས་ཡིན་པའི་ཕ་ཨལ་བྷར་ཌི་མོ་ཌི་ནཱོ་ (Albert Modiano) དང་། བྷེལ་གྷན་གྱི་མི་རིགས་ཡིན་པའི་མ་ལུའི་སཱ་ (Louisa Colpijn)ཡི་བུ་ཕྲུག་ཏུ་སྐྱེས་ཤིང་། མཐོ་རིམ་སློབ་གྲྭ་ཐོན་རྗེས་རྩོམ་རིགས་བྱ་བར་བཞུགས་ཏེ་ད་བར་དེབ་ ༤༠ ལྷག་བརྩམས་ཡོད་པ་དང་། སྔ་ཕྱིར་རྒྱལ་སྤྱི་དང་རྒྱལ་ནང་རིམ་པའི་རྩོམ་རིགས་ཀྱི་བྱ་དགའ་ ༦ ཙམ་ཐོབ་ཡོད་འདུག ད་ལྟ་ཁོང་རང་ལོ་ ༦༩ ཡིན་འདུག 

ཁོང་ལ་གཟེངས་རྟགས་དེ་ད་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་ནོ་བྷེལ་གཟེངས་རྟགས་སྲོལ་གཏོད་མཁན་ཨལ་ཧྥར་ཌི་ནོ་བྷེལ་ (Alfred Nobel) མཆོག་འདས་གྲོངས་སོང་བའི་དུས་དྲན་ཉིན་འབུལ་ལམ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། དོན་འགྲུབ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese