མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སའི་རི་སྒང་གི་དཀའ་ངལ་གསུམ་གང་མགྱོགས་སེལ་ཐུབ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་ས་གནས་མགོ་འཛིན་གྱིས་བརྗོད་པ་ལྟར་ན་ད་ལོའི་ཕྱི་ཟླ་ ༡༢ པའི་བར་མེག་གྷན་ནས་དྷ་ཤོད་བར་གྱི་གཞུང་ལམ་བསྐྱར་བཟོ་ཚར་རྒྱུ་ཡིན་པ་དང་། དྷ་སའི་ཤིང་ནགས་ས་ཆའི་རྙོག་གླེང་འོག་གི་བོད་པའི་ཁང་བ་དག་ཁྲིམས་མཐུན་ཆགས་རྒྱུ། དེ་བཞིན་མེག་ལོར་གཞུང་ལམ་གཡས་གཡོན་གྱི་ཁྲོམ་ས་དག་གི་གནད་དོན་ད་ལྟ་འགྲོ་མུས་ཡིན་སྐོར་སོགས་ངོ་སྤྲོད་གནང་སོང་།

དྷ་རམ་ས་ལའི་ཁོར་ཡུག་དང་འབྲེལ་བའི་ཐོག་དཀའ་ངལ་ཆེ་ཤོས་ཁག་ཅིག་ཡོད་པ་ནི། མེག་གྷན་ནས་དྷ་ཤོད་བར་གྱི་ལམ་ཁ་ཡག་པོ་མེད་པ་དང་། དྷ་སའི་བྷག་སུ་དང་ཟློས་གར་ལམ་གྱི་བོད་པའི་ཁང་པ་མང་པོ་ཞིག་རྒྱ་གར་ཤིང་ནགས་ས་ཆར་ཁེལ་ཏེ་རྙོག་གྲ་ཡོད་པ། དེ་བཞིན་དྷ་སའི་གཞུང་ལམ་གཡས་གཡོན་གྱི་ཁྲོམ་ས་དག་ལ་རྒྱ་གར་འགྲིམ་འགྲུལ་ལས་ཁུངས་ཀྱིས་དཀའ་ངལ་བཟོ་བཞིན་ཡོད་པ་སོགས་ཡིན། ད་ལོའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན། ཧི་མ་ཅལ་མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་གྱིས་མངའ་སྡེ་གཞུང་གིས་ཧིན་སྒོར་འབུམ་ ༢༠༠ ལྷག་གི་འགྲོ་གྲོན་བཏང་སྟེ། དྷ་ས་མེག་གྷན་ནས་དྷ་ཤོད་བར་གྱི་གཞུང་ལམ་བསྐྱར་བཟོ་བྱ་རྒྱུ་ཞལ་བཞེས་གནང་བ་དང་། ཟླ་སྔོན་མའི་ནང་མེག་གྷན་ཁྲོམ་གཞུང་གི་གཡས་ཕྱོགས་ཀྱི་ལམ་ཁ་བཟོ་མགོ་བཙུགས་ཡོད་སྟབས། དེ་རིང་འདི་གའི་གསར་འགོད་པ་ཆེད་དུ་དྷ་ས་ས་གནས་མགོ་འཛིན་སར་བཅར་ཏེ་ལས་དོན་དེ་དག་ད་ལྟ་གནས་སྟངས་གང་འདྲ་ཆགས་ཡོད་མེད་བཅར་འདྲི་ཞུས་ཡོད།

དྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་དྷ་སའི་གཞུང་ལམ་སྐོར་གསར་འགོད་པར་ངོ་སྤྲོད་གནང་དོན། དྷ་ས་མེག་གྷན་ཁྲོམ་གཞུང་རླངས་འཁོར་འབབ་ཚིགས་ནས་གཙུག་ལག་ཁང་བར་གྱི་ལམ་ཁ་དེ་བཟོ་མགོ་བཙུགས་ནས་ཟླ་གཅིག་ཙམ་འགྲོ་བཞིན་ཡོད། དེ་གཉིས་བར་རྡོ་གཅལ་སྒྲིག་ནས་ལམ་ཁ་སྤུས་དག་པོ་ཞིག་བཟོ་རྒྱུ་རེད། དེ་ཚར་རྗེས་གཙུག་ལག་ཁང་ནས་དྷ་ཤོད་བར་ཨར་འདམ་མཐུག་པོ་བླུགས་ནས་ལམ་ཁ་བཟོ་རྒྱུ་རེད། ཁ་སང་ང་ཚོ་གཞུང་ལམ་བཟོ་མཁན་ལ་ཐུག་སྐབས། ཁོ་རང་གིས་དཀའ་ངལ་ཁ་ཤས་བཤད་སོང་། གཅིག་གཞུང་ལམ་འོག་ཆུ་སྦུག་མང་པོ་ཡོད་པ་དེ་དང་། གཉིས་པ་འགྲིམ་འགྲུལ་ཉེན་རྟོག་པས་མཐུན་སྦྱོར་ཡག་པོ་གནང་གི་མི་འདུག་ཟེར། གང་ཡིན་ཟེར་ན། ཉིན་འདི་གར་དྷ་རམ་ས་ལར་དབྱུག་རྩེལ་སྤོ་ལོ་འགྲན་བསྡུར་ཡོད་པ་དང་། རྒྱ་གར་གྱི་དྷི་སེ་ར་དུས་ཆེན་ (Dussehra Festival)སོགས་ལ་འཁེལ་གྱི་ཡོད་སྟབས། ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་ཡོད་པས་གཞུང་ལམ་བཟོ་བཅོས་བྱས་ན་བརྡབ་གསིག་ཐེབས་རྒྱུའི་ཉེན་ཁ་འདུག་གསུང་གི་འདུག ཅེས་བརྗོད་བྱུང་།

གསར་འགོད་པས་ལམ་ཁ་བཟོ་བཅོས་དེ་ག་དུས་ཚར་མིན་དྲིས་པར། ཁོང་གིས། ང་ཚོས་བཀའ་མོལ་ཡང་ཡང་གནང་བ་ལ་བརྟེན་ཏེ། ད་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་བར་༧གོང་ས་མཆོག་གི་ཕེབས་ལམ་ཆ་ཚང་བསྐྱར་བཟོ་ཚར་ཐུབ་པ་བྱ་རྒྱུ་ཡིན་པ་གསལ་བོ་རེད། གང་ཡིན་ཟེར་ན། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཧི་མ་ལ་ཡའི་དུས་ཆེན་སྐབས་མངའ་སྡེ་བློན་ཆེན་ཕེབས་འཆར་ཡོད་པ་རེད། གང་ལྟར་ཟླ་དྲུག་རིང་མེག་གྷན་ནས་དྷ་སྟེང་བོད་ཁྱིམ་བཟོ་གྲྭ་བར་དང་། མེག་གྷན་ནས་ཡེ་ཤུ་ལྷ་ཁང་ཕྱོགས་ཀྱི་དུར་ཁྲོད་བར། དྷ་ས་མེག་གྷན་ནས་བྷག་སུ་ཕྱོགས་སུ་སྨི་ཊིར་ ༢༠༠ ཙམ་བར། གཙུག་ལག་ཁང་ནས་མར་དྷ་ཤོད་བཅས་ཀྱི་གཞུང་ལམ་ནང་ཨར་འདམ་དང་རྡོ་ཧྲུག་མཉམ་བསྲེས་ཀྱིས་གཞུང་ལམ་སྤུས་དག་ཤོས་དེ་བཟོ་རྒྱུ་ཡིན་པའི་ཐག་གཅོད་གནང་ཚར་ཡོད་པ་རེད། ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ། ལམ་ཁ་འདི་བཟོ་མགོ་བཙུགས་སྐབས། ཐོག་མ་དྷ་སྟེང་བོད་ཁྱིམ་ཕྱོགས་སུ་བཟོས་པ་དེར་གླེང་སློང་ཕྲན་བུ་བྱུང་བ་རེད། ལམ་ཁ་དེར་འགྲོ་སོང་ཆེན་པོ་བཏང་སྟེ་གཙུག་ལག་ཁང་ནས་དྷ་ཤོད་བར་གྱི་༧གོང་ས་མཆོག་གི་ཕེབས་ལམ་བཟོ་སྐབས་དངུལ་རྫོགས་རྒྱུའི་ཉེན་ཁ་འདུག་གསུངས་པ་རེད། ཁ་སང་ང་ཚོ་སིམ་ལར་འགྲོ་སྐབས་དེའི་སྐོར་ཞུས་པ་ཡིན་ཡང་ལན་གསལ་བོ་ཞིག་འབྱོར་མ་སོང་། ཁོང་ཚོས་དྷ་སྟེང་བོད་ཁྱིམ་ཕྱོགས་ཀྱི་གཞུང་ལམ་བཟོ་མགོ་བཙུགས་ཚར་ཡོད་སྟབས་མཇུག་མ་སྐྱེལ་ག་མེད་ཆགས་ཡོད། ཡིན་ནའང་དངུལ་རྫོགས་ཏེ་ལམ་ཁ་བཟོ་མ་ཐུབ་པའི་གནས་སྟངས་དེ་འདྲ་ཡོང་གི་མ་རེད་གསུངས་སོང་། ཞེས་བརྗོད་སོང་།

ཡང་གསར་འགོད་པས་དྷ་ས་མེག་གྷན་གྱི་བོད་མིའི་ཁང་པ་མང་པོ་ཞིག་རྒྱ་གར་ཤིང་ནགས་ཀྱི་ས་ཆའི་ནང་ཚུད་ཡོད་པའི་རྙོག་གྲ་དེ་ད་ལྟ་གང་འདྲ་ཆགས་ཡོད་མེད་དྲིས་པར། ཁོང་གིས། དྷ་ས་བྷག་སུ་དང་ཟློས་གར་ལམ་གྱི་གཞུང་ལམ་གཡས་གཡོན་དུ་ཁང་པ་ ༢༡༨ ཙམ་རྒྱ་གར་ཤིང་ནགས་ས་ཆའི་ནང་ཚུད་པའི་རྙོག་གྲ་ཞིག་ཡོད་པ་རེད། ས་ཆ་དེ་དག་རྒྱ་གར་གཞུང་གི་མ་དེབ་ནང་བལྟས་ཡོང་ན་ཤིང་ནགས་ས་ཆ་ཆགས་བསྡད་ཡོད་ཀྱང་། ང་ཚོས་ལོ་ངོ་ ༥༠ ཡི་སྔོན་ལ་ང་ཚོ་འདིར་བསླེབས་ཏེ་གཞིས་ཆགས་སྐབས། ས་ཆ་དེ་དག་ཤིང་ནགས་ས་ཆ་མ་རེད། དེ་དུས་དྷ་སར་ཤིང་ནགས་ལས་ཁུངས་ཟེར་བའང་ཧ་ལམ་མི་འདུག་ཟེར་ནས་མངའ་སྡེའི་གཞུང་དང་རྒྱ་གར་དབུས་གཞུང་ལ་ཞུ་གཏུག་བརྒྱབ་སྟེ། མཐའ་མར་རྒྱ་གར་དབུས་གཞུང་གིས་བོད་པའི་ཁང་པ་དེ་དག་རྩ་བ་ཉིད་ནས་གཏོར་ཆོག་གི་མེད་ཅེས་མངའ་སྡེའི་གཞུང་ལ་བཀའ་བཏང་འདུག རྒྱུ་མཚན་ག་རེ་རེད་ཟེར་ན། བོད་པའི་ཁང་པ་དག་གཏོར་བ་དང་མེད་པ་བཟོས་པ་ཡིན་ན། རྒྱལ་སྤྱིའི་ཐོག་རྒྱ་གར་གཞུང་ངོ་ཚ་བོ་ཆགས་ཡོང་གི་ཡོད་སྟབས། ད་ལྟ་ཁང་པ་གཏོར་མ་དགོས་པར་འགྲིག་ཚར་ཡོད་པ་རེད། ཡིན་ནའང་སྐབས་དེར་ཁང་པ་དེ་དག་ཁྲིམས་མཐུན་ཇི་ལྟར་བཟོ་དགོས་མིན་ཐག་གཅོད་གསལ་བོ་མི་འདུག མཐའ་མ་ཤིང་ནགས་ལས་ཁུངས་ཀྱིས་ས་ཆ་དེ་ཤིང་ནགས་མ་ཡིན་པའི་ས་ཆ་ ( Forest Clearance) བཟོ་རྒྱུ་ལས་ཐབས་གཞན་མི་འདུག་ཟེར་ནས་མངའ་སྡེ་གཞུང་ལ་ཡི་གེ་ཞིག་སྤྲད་པ་དང་། ཤིང་ནགས་ས་ཆ་ཤིང་ནགས་མ་ཡིན་པ་བཟོ་རྒྱུའི་དབང་ཚད་མངའ་སྡེ་གཞུང་ལ་མེད་སྟབས། མངའ་སྡེ་གཞུང་གིས་དབུས་གཞུང་ལ་ཡི་གེ་བཏང་འདུག ང་རང་གིས་ཚོད་དཔག་བྱས་ན་རྒྱ་གར་དབུས་གཞུང་གིས་ས་ཆ་དེ་ཤིང་ནགས་ས་ཆ་མ་ཡིན་པ་བཟོ་རྒྱུའི་ཆོག་མཆན་འཐོབ་རྒྱུ་ཡིན་པ་ཧ་ལམ་བརྒྱ་ཆ་བརྒྱ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་དྷ་ས་མེག་གྷན་གཞུང་ལམ་གཡས་གཡོན་གྱི་ཁྲོམ་ས་དག་གི་དཀའ་ངལ་གང་འདྲ་ཆགས་ཡོད་མེད་དྲིས་པར། ཁོང་གིས། བོད་མིའི་སྒྲིག་འཛུགས་དང་དྷ་ས་ས་གནས་མགོ་འཛིན་གཉིས་ལ་ཁྲོམ་སྟོན་མཁན་ཚོའི་ཆེད་དུ་ཚོང་ཁང་ཟུར་དུ་བཟོ་རྒྱུའི་འཆར་གཞི་ཞིག་ཡོད་པ་རེད། དེ་ལ་མངའ་སྡེའི་གཞུང་དང་ས་གནས་རྫོང་དཔོན་ལས་ཁུངས་གཉིས་ཀྱིས་མོས་མཐུན་བྱེད་ཀྱིན་ཡོད་ཀྱང་། ད་ལྟའི་ཆར་ང་ཚོས་ས་ཆ་གཉིས་འཇུས་བསྡད་ཡོད། ས་ཆ་གཅིག་རྫོང་དཔོན་ལས་ཁུངས་ཀྱིས་ཨོཾ་ཟ་ཁང་འོག་ནས་ཤིང་ནགས་བརྒྱུད་ནས་གཙུག་ལག་ཁང་གི་རླངས་འཁོར་འཇོག་སའི་བར་འགྲོ་ལམ་ཡོད་པའི་ཚོང་ཁང་སྤུས་དག་པོ་བཟོ་རྒྱུ་དེ་རེད། དེ་ལ་རྫོང་དཔོན་ལས་ཁུངས་ཀྱིས་གྲོང་སྡེ་ལས་ཁུངས་ལ་ཞིབ་འཇུག་ཐག་གཅོད་གནང་དགོས་པའི་བཀའ་བཏང་འདུག ཡིན་ནའང་ཚོང་ར་བོད་མིའི་སྐྱབས་བཅོལ་པའི་མིང་ཐོག་ཏུ་བཟོ་བཞིན་ཡོད་ཀྱང་དེའི་ནང་རྒྱ་གར་བ་ཚོ་ཡང་ཚུད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

བསོད་ནམས་རྡོ་རྗེ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། བོད་མིའི་སྒྲིག་འཛུགས་དང་ས་གནས་མགོ་འཛིན་གཉིས་ལ་སེམས་ཁྲལ་ག་རེ་ཡོད་ཟེར་ན། དེ་འདྲའི་ཚོང་ཁང་ཞིག་བཟོས་ན་དེར་བོད་མི་ཚོ་འགྲོ་ཡི་ཡོད་མེད་དང་། ཡང་ཚོང་ཡག་པོ་མི་འདུག་ཟེར་ནས་ལོག་ཡོང་རྒྱུའི་ཉེན་ཁ་ཡོད་སྟབས། ང་ཚོས་འཆར་གཞི་གཞན་ཞིག་སྒྲིག་གི་ཡོད་པ་དེ་མེག་གྷན་གྱི་ (HDFC)དངུལ་ཁང་ནས་གཙུག་ལག་ཁང་བར་སྨི་ཌིར་ ༢༠༠ ཙམ་ཡོད་པའི་ལམ་ཁའི་ཤིང་ནགས་ཕྱོགས་སུ་ཕར་བརྐྱངས་ཏེ། ལམ་འོག་ནས་རྡོ་བརྩིགས་ཀ་བ་བཙུགས་ཏེ་དེའི་འོག་ཏུ་བོད་པ་ཚོའི་ཆེད་ཚོང་ཁང་ཆུང་ཆུང་ ༡༢༠ ཙམ་རྒྱག་པའི་འཆར་གཞི་ཡོད། འཆར་གཞི་དེར་མངའ་སྡེའི་གཞུང་དང་རྫོང་དཔོན་ལས་ཁུངས་གཉིས་ནས་མོས་མཐུན་བྱས་པ་ཡིན་ན། འགྲོ་གྲོན་ཆ་ཚང་བོད་མིའི་སྒྲིག་འཛུགས་ཀྱིས་གཏོང་གི་ཡིན་ཟེར་བའི་སྐད་ཆ་ཞིག་ཡོད་ཀྱང་། ད་ལྟའི་ཆར་རྫོང་དཔོན་ལས་ཁུངས་ཀྱིས་ཆོག་མཆན་སྤྲོད་པར་དཀའ་ངལ་ཏོག་ཙམ་ཡོད་པ་འདྲ། ཡིན་ནའང་མངའ་སྡེའི་གཞུང་གིས་ས་ཆའི་གནས་སྟངས་ལ་བལྟ་རྒྱུ་བསྡད་ཡོད་པ་རེད། འདི་གཉིས་འགྲུབ་ཐུབ་མིན་ཟླ་དྲུག་ནང་ཚུད་དུ་གསལ་བོ་ཆགས་ཡོང་གི་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 3

  1. ཨེ says:
    ལོ་ 12 སྔོན།

    རྒྱ་གར་གཞུང་མང་གཉིས་ཀའི་ངོས་ནས་ང་ཚོ་སྐུ་་མགྲོན་རྩིས་ཡོད་མ་རེད།དུས་ཡུན་རིང་པོ་སྡོད་དགོས་་ན་དཀའ་ངལ་འཕྲད་ཡ་རེད་འདུག་ག
    དེ་ལས་ཕུགས་རྒྱང་རིང་པོ་ཕྱི་རྒྱལ་ལྟ་བུ་ལ་གནས་སྤོ་བྱ་ཐུབ་ན་ཡག་པོ་མི་འདུག་གམ།

    Reply
  2. བསྟན་འཛིན་འཕགས་པ། says:
    ལོ་ 12 སྔོན།

    བསྟན་འཛིན་ཕུན་ཚོགས་ལགས་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་བཞུགས་གཏན་འཁེལ་ཡོད་ཟེར་ནས་རྒྱ་གར་གསར་ལམ་ཁག་ག་བ་ནས་བཤད་འདུག

    Reply
  3. བསྟན་འཛིན་ཕུན་ཚོགས། says:
    ལོ་ 12 སྔོན།

    ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་བཞུགས་གཏན་འཁེལ་ཏེ་རྒྱ་གར་གྱི་གསར་ལམ་ཁག་ནང་ཐོན་མ་ཐག་ཧི་མ་ཅལ་མངའ་གཞུང་གིས་རྡ་རམ་ས་ལའི་ལམ་ཁ་བཟོ་རྒྱུ་དང་། བོད་པ་ཚོའི་ཁྲོམ་ས་དང་ཁང་པ་མི་གཏོར་རྒྱུའི་ཐག་གཅོད་བྱས་ཏེ་དངུལ་མང་པོ་སྤྲད་དེ་ཚ་ཚ་འུར་འུར་གྱིས་བོད་པ་ཚོར་ཡག་པོ་བྱེད་ཀྱི་ཡོད་མདོག་མདོག་བྱས་པ་རེད། སྤྱིར་བཏང་བོད་པ་ཚོར་གནས་ཚང་གཡར་བ་དང་ཕྱོགས་མང་པོ་ཞིག་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ཡིན་ཡང་། ད་བ་ལོ་ངོ་ལྔ་བཅུ་ལྷག་རིང་བོད་པ་ཚོར་དཀའ་ངལ་འདི་འཕྲད་བསྡད་པ་རེད། བོད་པ་ཚོས་ག་ཚོད་དཀའ་ངལ་ཞུས་ཏེ་ཐབས་ཤེས་གནང་བ་རེད། ཧི་མ་ཅལ་མངའ་སྡེ་གཞུང་གིས་ད་བར་མ་མཐོང་བ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese