ཉེ་ཆར་སྤྱི་འཐུས་གྲོས་ཚོགས་ནང་གཏན་འབེབས་གནང་བ་ལྟར། ཟླ་འདིའི་ཚེས་ ༢༠ ཉིན་སྤྱི་འཐུས་རྒྱུན་ལས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་རྟོག་ཞིབ་ཚོགས་ཆུང་བཙུགས་ཏེ་ལས་དོན་དངོས་སུ་མགོ་འཛུགས་གནང་ཡོད་འདུག
ཚོགས་ཆུང་དེའི་ནང་ཚོགས་མི་ ༥ བསྐོ་བཞག་གནང་ཡོད་པ་དག་ནི། སྤྱི་འཐུས་པདྨ་འབྱུང་གནས་དང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་རྒྱ་རིགས་ཐར། སྤྱི་འཐུས་བསོད་ནམས་རྒྱལ་མཚན་བཅས་གཏན་འཁེལ་འདུག་ལ། ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་པདྨ་འབྱུང་གནས་ལགས་བསྐོ་བཞག་གནང་འདུག
ཉེ་ཆར་ཚོགས་པའི་སྤྱི་འཐུས་གྲོས་ཚོགས་སྟེང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་རྟོག་ཞིབ་ཚོགས་ཆུང་ཞིག་འཛུགས་རྒྱུའི་གྲོས་འཆར་འཁྱེར་ཡོང་བའི་ཐོག བཀའ་ཤག་དང་ཤེས་རིག་ལས་ཁུངས་ངོས་ནས་དགག་པ་བརྒྱབ་སྟེ། སྤྱི་འཐུས་རྒྱུན་ལས་ཀྱི་རྟོག་ཞིབ་ཚོགས་ཆུང་དེ་འཛུགས་མ་དགོས་པར། ད་ཆར་བཀའ་ཤག་གི་རྟོག་ཞིབ་མགོ་འཛུགས་བྱས་ཡོད་སྐོར་སོགས་བརྗོད་མཐར། གྲོས་ཚོགས་ནང་མང་མོས་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་ཤེས་ཡོན་རྟོག་ཞིབ་ཚོགས་ཆུང་དེ་འཛུགས་རྒྱུའི་ཐག་གཅོད་བྱུང་ཡོད།
སྐབས་དེའི་གྲོས་འཆར་ནང་འཁོད་པ་ལྟར་ན། མི་འགྱངས་བར་སྤྱི་འཐུས་རྒྱུན་ལས་ནས་ཤེས་ཡོན་རྟོག་ཞིབ་ཚོགས་ཆུང་འཛུགས་རྒྱུ་ཡིན་པ་དང་། ཚོགས་ཆུང་དེའི་ཞིབ་འཇུག་མཐིལ་ཕྱིན་གནང་བའི་གྲུབ་དོན་སྙན་ཐོ། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་འཁྱེར་དགོས་པ་སོགས་འཁོད་ཡོད།
ཞིབ་འཇུག་ཚོགས་ཆུང་བཙུགས་པ་བཟང་། ཡིན་ནའི་ཇི་ལྟར་རྟོག་ཞིབ་བྱ་རྒྱུ་ཡིན་ནམ། བཀའ་ཤག་སྐབས་བཅུ་གསུམ་པས་གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་ཞེས་པའི་དེབ་ཁག་བཏོན་ཡོད་པ་རེད། དག་ནང་ཤེས་ཡོན་སྲིད་བྱུས་གཞིར་བཞག་གི་སློབ་ཚན་བགོ་སྟངས་དང་། ཚོགས་ཐེངས་མང་ཉུང་བཅས་གཏན་འབེབས་བྱས་ཡོད། དེ་ནང་བཞིན་འགྲོ་ཡི་ཡོད་མེད་ལྟ་དགོས་པ་རེད། གཞན་ཞིག་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཁག་སྔ་ཕྱི་གཉིས་ཀྱི་གྲོས་ཆོད་རྣམས་ལག་བསྟར་འགྲོ་ཡི་ཡོད་མེད་དེ་རེད། དགེ་རྒན་གྱི་ཚོགས་ཐེངས་གཏན་འབེབས་དེ་གལ་ཆེ།
ཙ་ར་གཅོད་པ་བཟང་མོད་ཀྱང་།།
ཚ་ཚུབ་མ་མང་བརྟན་པོ་གནང་།།
ཛ་དྲག་ཆེ་བའི་དུས་སྐབས་འདིར།།
ཝ་མོ་ལྟ་བུའི་གཡོ་སྒྱུ་མང་།།
ཀ་ཡེ་གསོན་དང་སྤྱི་འཐུས་རྣམས། །ཁ་ཅན་གྱི་བདེ་སྡུག་སོམས། །ག་དུས་ཡིན་ཕྱོགས་རེས་སྤོང་། ། ང་ཡི་རེ་བ་ཆེ་ཤོས་ཡིན། ། ཅ་ཅོའི་ཉོག་གཏམ་མང་ནི་རེད། ། ཆ་མེད་ལུང་པ་ཡོད་ནི་རེད། །ཇ་དང་འོ་མ་ནང་བཞིན་དང་། ཉ་དང་ཆུ་མོ་ནང་བཞིན་དུ།། ད་ལྟ་གཞུང་དམངས་གཅིག་འདྲེས་མཛོད། ། ཐ་མའི་སྐད་ཆ་གལ་ཆེན་པོ།། ཏ་ལའི་བླ་མའི་རེ་བ་དང་།། ན་གཞོན་རྣམས་ཀྱི་མ་འོངས་ཆེད། །པ་ལགས་ཤེས་ཡོན་སྲིད་བྱུས་འདི། ། ཕ་མེས་ཤུར་བཞག་ནོར་བུ་ཡིན། །བ་དན་གནམ་དུ་ཕྱར་པ་བཞིན། ། མ་འཆུགས་ཤེས་ཡོན་སྲིད་བྱུས་སྐྱོངས།།
ཀ་ཡེ་གསོན་དང་སྲིད་སྐྱོང་ལགས།
ཁ་ཡི་ཤེས་ཡོན་སྲིད་བྱུས་འདི།
ག་ནས་བལྟས་ཀྱང་ཡོང་ཐབས་བྲལ།
ང་ཅག་ཨིན་ཡིག་རྗེས་སུ་ཕེབས།
མི་མང་གི་སྐུ་ཚབ་བཀུར་འོས་སྤྱི་འཐུས་རྣམ་པར་ཞུ་རྒྱུ་ཞིག་ལ་ཤེས་ཡོན་སྲིད་བྱུས་རྟོག་ཞིབ་སྔོན་དུ་འཕྲོད་བསྟེན་བཀའ་བློན་དང་འབྲེལ་བའི་ལྐོག་ཟ་རུལ་སུངས་ཚུགས་ཆུང་ཞིག་འཛུགས་ཐུབ་ན་མ་འོངས་པར་སྤྱི་སྒེར་གཉིས་ཀར་ཕན་ཐོགས་ཆེ་བ་མཐོང།
ཁ་སྔོན་སྲིད་སྐྱོང་གི་གནས་ཚུལ་འདི་བཀའ་ཤག་གིས་ཞིབ་འཇུག་གནང་གི་ཡོད་གསུངས་སོང། རང་གིས་བསྐོས་པའི་མི་ཞིག་ལ་རང་གིས་རྟོག་ཞིབ་ག་འདྲ་ཟེར་གནང་རྩིས་ཡོད་དམ། ང་ནི་ཐེ་ཚོམ་སྐྱེས། སྤྱི་འཐུས་རྣམས་པ?
ད་དུང་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ཁ་བཤད་དོན་ལ་མི་གནས་མཁན་ཁོང་ཡང་དེ་དེ་བཞིན་རེད།
རྒན་བསོད་ནམས་རྒྱལ་མཚན་ལགས་ཚོགས་ཆུང་འདིའི་ནང་བསྐ་བཞག་གནང་བ་ནོར་བ་རེད། ཁོང་གིས་ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་སྐོར་ལ་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཆུང་འཛུགས་རྒྱུར་དགག་པ་རྒྱག་མཁན་གྲས་རེད། དེ་ནས་ས་སྐྱའི་སྤྱི་འཐུས་པདྨ་འབྱུང་གནས་མཆོག་ཧ་ཅང་འོས་ཤིང་འཚམས་པ་ཞིག་རེད། གཞན་དག་ཚོ་དེ་ཙམ་དེ་ཙམ་རྐྱང་རྐྱང་རེད་དོ།།།
ད་ཡིན་ན་ལྟས་མོ་ཡོད།
གྲོགས་ཚོགས་ནང་མ་མཇོན་མཇོན་འདོག་གནང་མཁན་སྨོན་ལམ་མཐར་ཕྱིན་ལྟ་བུ་ཚོགས་ཆུང་ནང་བསྐོ་བཞག་གནང་བ་དངོས་ནས་ཡང་ཚན་རེད།