མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁྲུག་རྐྱེན་སློང་གཞིའི་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཡུག་རེན་གྱེན་ལོག་ཤོག་ཁག་གིས་འོས་བསྡུ་བྱས་ཏེ་མགོ་ཁྲིད་བདམས་ཡོད་སྟབས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱས་ཡོད་ཀྱང་ཨུ་རུ་སུས་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་ཡོད་འདུག 

ཟླ་འདིའི་ཚེས་ ༢ ཉིན་ཨུ་རུ་སུར་རྒྱབ་སྐྱོར་བྱེད་མཁན་ཡུག་རེན་གྱེན་ལོག་ཤོག་ཁག་གིས་ཡུག་རེན་གྱི་ཤར་ཕྱོགས་ས་ཁུལ་ཌོ་ནེ་ཌི་སི་ཁི་(Donetsk) དང་ལུ་ཧན་སེ་ཁི་ (Luhansk)ནང་འོས་བསྡུ་བྱས་པ་བརྒྱུད། ཨེ་ལེག་ཛིན་ཌར་ (Alexander Zakharchenko) ལགས་སུ་འོས་ཤོག་བརྒྱ་ཆ་ ༨༡ ཐོབ་སྟེ་ཌོ་ནེ་ཌི་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་། ཨི་གྷོར་(Igor Plotnisky) ལགས་སུ་འོས་ཤོག་བརྒྱ་ཆ་ ༦༣ གྱི་རྒྱལ་ཁ་ཐོབ་ནས་ལུ་ཧན་སེ་ཁི་མངའ་ཁུལ་གྱི་མགོ་ཁྲིད་ལ་བསྐོ་བཞག་བྱས་ཚུལ་བསྒྲགས་ཡོད་པ་དང་། ཨུ་རུ་སུས་འོས་བསྡུ་དེར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། ཁ་སང་ཨ་རི་དང་ཡུ་རོབ་མཐུན་ཚོགས། འཇར་མན་རྒྱལ་ཁབ་བཅས་ཀྱིས་འོས་བསྡུ་དེ་ཁྲིམས་མཐུན་མིན་པའི་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། ཡུག་རེན་གྱི་སྲིད་འཛིན་པེ་ཌོར་ (Petro Poroshenko) ལགས་ཀྱིས་གྱེན་ལོག་ཤོག་ཁག་གི་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་རིང་ཡུག་རེན་བདེ་འཇགས་ལྷན་ཁང་གི་མགོ་ཁྲིད་འདུ་སྐོང་བྱས་ཏེ་གནས་ཚུལ་དེ་དག་ལ་ཇི་ལྟར་གདོང་ལེན་བྱེད་དགོས་པའི་ཐད་གྲོས་བསྡུར་བྱས་ཡོད་འདུག

འདིའི་ཐད་ཡུག་རེན་གྱི་སྲིད་འཛིན་པེ་ཌོར་ལགས་ཀྱིས། “འོས་བསྡུ་དེ་ནི་ཡུག་རེན་གྱི་རྩ་ཁྲིམས་དང་འགལ་བའི་ཁྲིམས་མཐུན་མིན་པའི་འོས་བསྡུ་ཞིག་ཆགས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༥ ཉིན་ཡུ་རོབ་བྷེ་ལཱ་རུ་ཤི་ཡའི་རྒྱལ་ས་མིན་སི་ཁི་ (Minsk) ནང་ཡུག་རེན་གཞུང་དང་གྱེན་ལོག་ཤོག་ཁག་བར་གྲོས་ཆོད་བཞག་པ་དང་རྒྱབ་འགལ་ཆགས་ཡོད་སྟབས། ཡུག་རེན་གཞུང་གིས་ལྕགས་འཁྲབ་འཁོར་ལོ་དང་སྦག་སྦག་མེ་མདའི་འོག་གི་འོས་བསྡུ་དེར་ནམ་ཡང་ངོས་ལེན་མེད། ཨུ་རུ་སུ་གཞུང་གིས་ཀྱང་དེ་སྔའི་གྲོས་ཆོད་གཞིར་བཟུང་འོས་བསྡུ་དེར་ངོས་ལེན་མི་བྱེད་པའི་རེ་བ་ཡོད” ཅེས་བརྗོད་འདུག

ཨ་རིའི་གཞུང་གི་མགྲིན་ཚབ་པ་ལྕམ་ཇན་ (Jen Psaki) ལགས་ཀྱིས། “ ཐེངས་འདིའི་འོས་བསྡུ་དང་བདམས་ཐོན་མགོ་ཁྲིད་དག་ལ་སུས་ཀྱང་ངོས་ལེན་བྱེད་མི་སྲིད་པ་མ་ཟད། གལ་ཏེ་ཨུ་རུ་སུས་དེ་སྔའི་གྲོས་ཆོད་དང་འགལ་ནས་འོས་བསྡུར་ངོས་ལེན་བྱས་ཚེ། ཨུ་རུ་སུ་རྒྱལ་ཁབ་གཞན་དང་བར་ཐག་ཇེ་རིང་དུ་འགྲོ་རྒྱུ་ཡིན་སྟབས། འབྲེལ་ཡོད་རྒྱལ་ཁབ་ཀྱིས་གནད་དོན་དེར་ཞིབ་འཇུག་ཡག་པོ་བྱས་ཏེ་ཐག་གཅོད་ཐུབ་པའི་རེ་བ་ཞུ་བཞིན་ཡོད” ཅེས་བརྗོད་འདུག

༢༠༡༣ ལོའི་ཟླ་ ༡༡ ནང་ཡུག་རེན་སྲིད་འཛིན་ཡཱ་ཎོ་ཁོ་བེ་ཆི་ (Viktor Yanukovych) ཡིས་ཡུ་རོབ་མཐུན་ཚོགས་དང་ལྷན་དུ་ཚོང་དོན་གྲོས་ཆོད་འཇོག་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། མཐའ་མ་ཁོང་གིས་ཨུ་རུ་སུའི་གནོན་ཤུགས་འོག་གྲོས་མཐུན་ལ་མིང་རྟགས་བཀོད་མེད་སྟབས། ༢༠༡༤ ལོའི་ཟླ་ ༢ ཚེས་ ༢༡ ཉིན་ཡུག་རེན་མང་ཚོགས་ཀྱིས་རྒྱལ་སའི་ཐང་ཆེན་དུ་འཛོམས་ཏེ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཚེས་ ༢༢ ཉིན་ཡུག་རེན་གྲོས་ཚོགས་ཀྱིས་དམིགས་བསལ་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ་ཡཱ་ཎོ་ཁོ་བོ་ཆི་སྲིད་འཛིན་གྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་པར་བརྟེན། ཨུ་རུ་སུར་དགའ་མོས་བྱེད་མཁན་གྱེན་ལོག་ཤོག་ཁག་དང་ཡུག་རེན་གཞུང་བར་དམག་འཁྲུག་བྱུང་རྗེས། ཨུ་རུ་སུས་ཡུག་རེན་གྱེན་ལོག་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ཏེ་གོ་མཚོན་དང་དཔལ་འབྱོར་རོགས་རམ་སྤྲད་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༤ ནས་ ༢༥ ཉིན་བར་ཧོ་ལན་ཌིའི་གྲོང་ཁྱེར་ཧེད་གྷེ་ (Hugue) ནང་ཚོགས་པའི་རྒྱལ་སྤྱིའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་བཞུགས་མོལ་ཚོགས་འདུའི་ཐོག་ཨ་རི་དང་དབྱིན་ཡུལ། འཇར་མན། ཁེ་ཎ་ཌ། ཧྥ་རན་སི། ཉི་ཧོང་། ཨི་ཊ་ལི་བཅས་ཀྱི་སྲིད་འཛིན་དང་སྲིད་བློན་ཚོས་ཨུ་རུ་སུས་ཡུག་རེན་གྱི་རང་སྐྱོང་མངའ་ཁོངས་ཁུ་རེ་མཱེ་བཙན་བཟུང་གིས། ཡུའུ་ཁུ་རེན་ས་མཚམས་སུ་དམག་དཔུང་འགྲེམས་འཇོག་བྱས་པའི་ཐད་དཔལ་འབྱོར་ཉེས་ཆད་གཏོང་དགོས་པ་དང་། ཨུ་རུ་སུ་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བརྒྱད་ཀྱི་ཁོངས་ནས་གནས་སྐབས་ཕྱིར་འཕུད་བྱས་པ་ཕྱིར་བསྒྲགས་སོགས་བྱས་ཡོད་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུག་རེན་ཤར་ཕྱོགས་ཀྱི་གྱེན་ལོག་པ་ཚོར་ཨུ་རུ་སུས་ལྐོག་ནས་མཚོན་ཆ་དང་དཔལ་འབྱོར་རོགས་སྐྱོར་བྱེད་ཀྱིན་ཡོད་པ་མཚམས་འཇོག་ཡོང་ཆེད། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་ཨུ་སུ་རུར་དཔལ་འབྱོར་ཉེས་ཆད་རིམ་པ་གསུམ་བཏང་ཡོད་པ་མ་ཟད། ད་དུང་ཨུ་རུ་སུས་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱེད་མཚམས་མ་བཞག་ཚེ་དཔལ་འབྱོར་ཉེས་ཆད་རིམ་པ་བཞི་པ་གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད། 

ཟླ་ ༩ ཚེས་ ༥ ཉིན་ཡུག་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལཱ་རུ་ཤི་ཡའི་རྒྱལ་ས་མིན་སི་ཁི་ (Minsk) ནང་ཡུག་རེན་གཞུང་དང་ཡུག་རེན་གྱེན་ལོག་ཤོག་ཁག ཨུ་རུ་སུའི་སྐུ་ཚབ་བཅས་ཀྱི་བར་ཡུག་རེན་ཤར་ཕྱོགས་གྲོང་ཁྱེར་ཁག་ནང་ཟླ་གཅིག་རིང་ཕན་ཚུན་འཇབ་རྒོལ་མི་བྱེད་པའི་གྲོས་མོལ་བྱས་ཏེ། ཞི་མོལ་ཐོག་ཡུག་རེན་གྱི་དཀའ་རྙོག་སེལ་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། ཟླ་ ༩ ཚེས་ ༢༢ ཉིན་ཡུག་རེན་གྱེན་ལོག་ཤོག་ཁག་གིས་ཡུག་རེན་ཤར་ཕྱོགས་གྲོང་ཁྱེར་ཌོན་ནེ་ཊི་སི་ཀི་(Donetsk) ཡི་གནམ་ཐང་གཙོས་ཨུ་རུ་སུའི་ཉེ་འགྲམ་གྱི་ས་མཚམས་ཌེ་བྷལ་ཊི་སེ་ཧུད་ (Debaltseve) དང་ཞི་ཆཱ་སི་ཌེ་ (Shchastye) བཅས་ནང་འཇབ་རྒོལ་བྱས་ཏེ། གཞུང་གི་ལས་བྱེད་གཉིས་དང་གཞན་མི་དྲུག་ལ་རྨས་སྐྱོན་ཚབས་ཆེན་བཏང་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༢ ཉིན་མིན་སི་ཁི་ཡི་གྲོས་མཐུན་ལ་བརྩི་འཇོག་མ་བྱས་པར་འོས་བསྡུ་བྱས་ཏེ། གྱེན་ལོག་ས་ཁུལ་གྱི་མགོ་ཁྲིད་བདམས་པ་སོགས་བྱས་ཏེ། ཡུག་རེན་གཞུང་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད་ཀྱང་། ཨུ་རུ་སུས་འོས་བསྡུ་དེར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད་སྟབས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སུ་དང་ཡུག་རེན་གྱེན་ལོག་ཤོག་ཁག་གི་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་ཡོད་འདུག 

ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་གྷེར་གྷོ་རི་ (Grigory Karasin) ཡིས། “ང་ཚོས་ཡུག་རེན་གྱེན་ལོག་ཤོག་ཁག་གི་འོས་བསྡུ་དེར་གཞུང་འབྲེལ་ཐོག་ངོས་ལེན་གང་ཡང་བྱས་མེད་ཀྱང་། ང་ཚོས་གསར་དུ་བདམས་ཐོན་བྱུང་བའི་ཡུག་རེན་ཤར་ཕྱོགས་ས་ཁུལ་གྱི་མགོ་ཁྲིད་ལ་ཡུག་རེན་དང་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་པོའི་དཀའ་རྙོག་སེལ་རྒྱུའི་དབང་ཆ་ཡོད་པར་ངོས་ལེན་བྱེད་ཀྱིན་ཡོད།”ཅེས་བརྗོད་ཡོད་སྟབས། འཇར་མན་སྲིད་བློན་ལྕམ་ཨང་གྷེ་ལཱ་མར་གྷལ་མཆོག་གི་མགྲིན་ཚབ་པ་སི་ཌི་ཧྥེན་ (Steffen Seibert) ལགས་ཀྱིས། “ཨུ་རུ་སུ་གཞུང་གིས་ཡུག་རེན་གྱེན་ལོག་ཤོག་ཁག་གི་འོས་བསྡུ་དེར་ངོས་ལེན་ཡོད་པའི་རྣམ་འགྱུར་བསྟན་པ་དེ་ནི་བློ་ཡུལ་དུ་གཤོང་དཀའ་བའི་གནད་དོན་ཞིག་ཡིན་སྟབས། ད་དུང་ཨུ་རུ་སུས་མུ་མཐུད་ཡུག་རེན་གྱེན་ཤོག་ཤོག་ཁག་ལ་རོགས་རམ་བྱས་ཚེ། ཡུ་རོབ་མཐུན་ཚོགས་ངོས་ནས་དཔལ་འབྱོར་ཉེས་ཆད་སྔར་ལས་ལྕི་བ་གཅོག་རྒྱུ་ཡིན།”ཞེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨུ་རུ་སུ་གཞུང་གིས་ཡུག་རེན་གྱེན་ལོག་ཤོག་ཁག་གི་འོས་བསྡུ་དེར་འདོད་པ་ཡོད་ པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ཡུག་རེན་ས་མཚམས་ཁུལ་དུ་དམག་དཔུང་འགྲེམས་འཇོག་བྱེད་མགོ་བཙུགས་ཡོད་སྟབས། མ་འོངས་པར་ཨུ་རུ་སུ་དང་ཡུག་རེན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བར་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

༢༠༡༣ ལོ་ནས་བཟུང་ཟླ་ ༩ ཚེས་ ༥ ཉིན་བར་ཨུ་རུ་སུར་དགའ་མོས་བྱེད་མཁན་ཡུག་རེན་གྱེན་ལོག་ཤོག་ཁག་དང་ཡུག་རེན་གྱི་དམག་འཁྲུག་ཁྲོད་མི་ ༤༠༠༠ ལྷག་རྐྱེན་འདས་དང་མི་ ༥༠༤༣ ལ་རྨས་སྐྱོན་བཏང་ཡོད་པ་མ་ཟད། མི་ ༡༥༦༠༠༠ ཙམ་ཞིག་ཡུག་རེན་ནང་ཁུལ་གྱི་ས་གཞན་ལ་ཉེན་གཡོལ་དང་། ཡུལ་མི་ ༡༨༨༠༠༠ ལྷག་ཨུ་རུ་སུའི་ནང་བྲོས་བྱོལ་འགྲོ་དགོས་བྱུང་ཡོད་པ་དང་། ཟླ་ ༡༠ ཚེས་ ༢༦ ཉིན་ཡུག་རེན་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོ་བྱས་པ་བརྒྱུད་ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་གཉིས་ལ་རྒྱལ་ཁ་ཆེན་མོ་ཐོབ་ཡོད་འདུག

 གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༡༥ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༡༦ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༡༨ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese