མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་ལ་རྒྱབ་སྐྱོར་མེད་ཀྱང་བོད་པའི་ཆོས་དང་རིག་གཞུང་ལ་རྒྱབ་སྐྱོར་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཐུག་འཕྲད་སྐབས། ཨོ་བྷ་མས་བོད་དང་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་། བོད་མི་ཚོའི་ཆོས་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱང་ཡར་རྒྱས་སུ་གཏོང་དགོས་སྐོར་བརྗོད་ཡོད་འདུག

བདུན་ཕྲག་འདིའི་ནང་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཨེ་ཤ་ཡའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་གཉིས་པ་དེ་ཚོགས་བཞིན་ཡོད་པ་དང་བསྟུན་ཏེ། ཕྱི་ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྣམ་གཉིས་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་ཚོང་དོན་དང་དམག་དོན། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་ལ་གྲོས་མོལ་གནང་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གནད་དོན་དང་། གསར་འགོད་པའི་རང་དབང་། ཧོང་ཀོང་དང་བོད་དོན་དོན་བཅས་ལ་གྲོས་མོལ་བྱས་ཡོད་འདུག

སྐབས་དེར་ཨོ་བྷ་མས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མིན་པའི་ངོ་བོ་མི་ཉམས་རྒྱུན་འཛིན་བྱེད་དགོས་སྐོར་བརྗོད་དོན། “ཨ་རིའི་སྲིད་བྱུས་ཏེ་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་ལས་རྒྱ་ནག་ནས་ལོགས་སུ་རང་བཙན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད་སྟབས། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྟེ་ཆོས་རིག་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་ཐུབ་རྒྱུར་སྔར་ལས་ལྷག་པའི་གོམ་པ་སྤོ་ཐུབ་པ་བྱེད་དགོས།” ཞེས་དང་།

ཁོང་གིས་ཞི་ཅིན་ཕིན་ལ་རང་དབང་གལ་ཆེན་ཡིན་པའི་སྐོར་ལ། “ སྤྱི་དམངས་ཚོར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པའི་ཡོངས་ཁྱབ་རང་དབང་སྐོར་ལ་སྐད་ཆ་ཤོད་རྒྱུ་ཙམ་མ་ཟད། ཁོང་ཚོར་ཐོབ་ཐང་ནི་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཐོབ་ཐང་ཞིག་ཡིན་པ་འགྲེལ་བཤད་རྒྱག་དགོས། ནེའུ་ཡོག་དང་ཧོང་ཀོང་པེ་རི་སི་ག་པར་བསྡད་ཀྱང་སོ་སོའི་ཐོབ་ཐང་དང་། རང་དབང་རྩོད་ལེན་བྱེད་རྒྱུ་ཡོད་པ་དེ་གསལ་བཤད་བྱེད་དགོས། ད་ལྟ་ང་ཚོས་འདས་པའི་བྱུང་རབས་ལ་བསམ་གཞིགས་བྱས་ཚེ་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་དང་ཐོབ་ཐང་ལ་བརྩི་སྲུང་བྱེད་མཁན་གྱི་རྒྱལ་ཁབ་དག་གིས་མང་ཚོགས་ཀྱི་མངོན་འདོད་གྲུབ་ཐུབ་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་ཉིད་ཀྱང་ཡར་རྒྱས་ཕུན་སུམ་ཚོགས་ལ་གྲུབ་འབྲས་ལྡན་པ་ཞིག་ཏུ་འགྱུར་གྱིན་ཡོད་སྟབས། ང་ཚོས་ཐོབ་ཐང་དང་རང་དབང་ལ་བརྩི་སྲུང་བྱས་ཏེ་མང་ཚོགས་ཚོ་བདེ་ལ་འཁོད་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད།” ཅེས་སོགས་བརྗོད་འདུག

ཨ་རིའི་ཕོ་བྲང་དཀར་པོས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། “འདས་པའི་ལོ་མང་རིང་ནས་བཟུང་༧གོང་ས་མཆོག་གིས་བོད་རང་བཙན་རྩོད་ཀྱི་མེད་སྐོར་གསུངས་བ་མ་ཟད། ཁོང་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་འབྲེལ་མོལ་མགོ་འཛུགས་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་བཀའ་སློབ་ཕེབས་ཡོད་སྟབས། ད་རེབ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་གི་སྲིད་འཛིན་ལ་ཐུག་སྐབས་ཨ་རིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་སྐོར་གསུངས་ཡོད་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་སྐོར་ལ་གྲོས་མོལ་གནང་ཡོད། ”ཅེས་བཀོད་འདུག

ཞི་ཅིན་ཕིན་གྱིས། “བཅུ་ཕྲག་གསུམ་གོང་རྒྱ་ནག་གཞུང་གིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་ བྱས་པ་ནས་བཟུང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། ང་ཚོས་ལས་དོན་དེ་ཡོངས་སུ་གྲུབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ད་ལྟ་ལས་ཀ་བྱེད་བཞིན་ཡོད་ཀྱང་ད་དུང་ཡར་རྒྱས་གཏོང་རྒྱུ་མང་པོ་ཞིག་ལྷག་བསྡད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གིས་ཨ་རི་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་ལ་འདྲ་མཉམ་དང་ཐུན་མོང་བརྩི་འཇོག་བྱས་ནས་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་བར་གྱི་མི་མཐུན་པའི་ཆ་རྣམས་གཞིལ་ནས་བསམ་ཤེས་བྱ་རྒྱུ་ཇེ་མང་འགྲོ་རྒྱུ་མ་ཟད། གཅིག་ཕན་གཅིག་གྲོགས་ངང་གནད་དོན་དེའི་ཐོག་ཕན་ཚུན་སློབ་སྦྱོང་བྱ་རྒྱུ་མང་པོ་ཡོང་གི་རེད།” ཅེས་བརྗོད་འདུག

དེ་སྔོན་ནེའུ་ཡོག་དུས་བབ་ཀྱིས་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་དང་དབང་ཆ་སྒེར་སྤྱོད་ཤུགས་ཆེན་བྱེད་བཞིན་ཡོད་པ། སྐབས་དེའི་སྲིད་བློན་ཝུན་ཅ་པོ་སོགས་ཀྱི་སྒེར་དངུལ་གྲངས་ཐོ་ཁྱབ་བསྒྲབས་བྱས་པ་བཅས་ལ་བརྟེན་ཏེ། རྒྱ་ནག་གཞུང་གིས་ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པ་གཙོས་རྒྱལ་སྤྱིའི་གསར་འགོད་པ་ཁག་ལ་རྒྱ་ནག་ནང་དམ་དྲག་བྱས་ཤིང་། གསར་འགོད་པའི་ཐོངས་ཆན་དུས་འགྱངས་མ་བྱས་པ་བཅས་ལ་བརྟེན་ཏེ། རྒྱ་ནག་ནང་རྒྱལ་སྤྱིའི་གསར་འགོད་པ་ཇེ་ཉུང་དུ་གཏོང་ཐབས་བྱས་ཡོད་སྟབས། ཐེངས་འདིར་ཨོ་བྷ་མས་ཞི་ཅིན་ཕིན་ལ་གནད་དོན་དེའི་སྐོར་ལ་གྲོས་མོལ་བྱས་ཡོད་ཀྱང་། ཞི་ཅིན་ཕིན་གྱིས་གནད་དོན་དེ་ཨ་རིའི་གསར་འགོད་པས་རྒྱ་ནག་གི་གནས་ཚུལ་འགོད་སྟངས་ཐོག་ནས་བྱུང་བ་ཞིག་ཡིན་སྐོར་བརྗོད་པར། ཟླ་འདིའི་ཚེས་ ༡༣ ཉིན་ནེའུ་ཡོག་དུས་བབ་ཀྱི་རྒྱལ་སྤྱིའི་གནད་དོན་རྩོམ་སྒྲིག་པ་ཇོ་སེ་ཧྥ་ (Joseph Kahn) ལགས་ཀྱིས་རྒྱ་ནག་གཞུང་གིས་དམ་དྲག་བྱས་ཀྱང་། ང་ཚོའི་མགོར་ངན་ཁག་གཡོག་པ་དེ་ནི་དྲང་བདེན་ཞིག་མིན་པའི་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་༧གོང་ས་མཆོག་གཙོས་པའི་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་མཁན་ཚོ་ཕྱི་རྒྱལ་ཁག་གི་མགོ་ཁྲིད་ཚོས་ཐུག་འཕྲད་བྱེད་པར་འགོག་རྐྱེན་དང་གནོན་ཤུགས་སྣ་ཚོགས་སྤྲོད་བཞིན་ཡོད་ཀྱང་། ཨོ་བྷ་མ་ཨ་རིའི་སྲིད་འཛིན་ཆགས་རྗེས་༧གོང་ས་མཆོག་དང་མཇལ་འཕྲད་ཐེངས་གཉིས་གནང་ཡོད་པ་མ་ཟད། འདི་ལོའི་ཟླ་ ༢ ནང་༧གོང་ས་མཆོག་ཨ་རིར་ཕེབས་སྐབས་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་གནང་སྟེ། ཁོང་གིས་གཉིས་ཕན་དབུ་མའི་ལམ་བརྒྱུད་ནས་བོད་དོན་བདེན་མཐའ་སེལ་རྒྱུར་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐབ་ཐང་གནད་དོན་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་རོགས་རམ་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་གི་སྐུ་ཚབ་ལྷན་བོད་དོན་ཐག་གཅོད་བྱ་དགོས་སྐོར་བརྗོད་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese