མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུལ་ཕོངས་ང་ཚོ་སོ་སོའི་རྐང་པའི་སྟེང་ལངས་ཐུབ་པ་ཞིག་བཟོས་པ་ཐུཊ་རྗེ་ཆེ།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

གཏོང་ལེན་དགེ་རྩ་ཚོགས་པ་དབུ་འཛུགས་གནང་ནས་ལོ་ ༡༠ འཁོར་བའི་མཛད་སྒོའི་སྟེང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་མཆོག་གིས་སློབ་ཕྲུག་ཚོས་མི་ཚེ་སྐྱིད་པོ་སྐྱེལ་པ་ལ་གཟུགས་པོ་བདེ་བོ་དང་བསམ་བློ་ཡག་པོ། འཚོ་ཐབས་ཡང་དག ནང་མིའི་མཐུན་སྒྲིག་བཅས་ཡོད་པའི་སྒང་ལ་ནང་དོན་རིག་པར་ཉམས་ལེན་བྱས་ན་ཚེ་འདི་ཕྱི་གཉིས་ཀ་དོན་དང་ལྡན་པ་ཡོང་གི་རེད་ཅེས་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་སཱ་ར་མཐོ་སློབ་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་གཏོང་ལེན་དགེ་རྩ་ཚོགས་པའི་མདུན་ཐང་དུ། དགེ་རྩ་ཚོགས་པ་དབུས་བརྙེས་ཏེ་ ༡༠ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་སོང་། སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་མཆོག་གཙོས། རྒྱ་གར་སྤྱི་ཚོགས་ལས་འགུལ་པ་དགེ་རྒན་ཆེན་མོ་སྐུ་ཞབས་ཨཱ་ཇེད་ (Ajay Shrivastava)ལགས་དང་དབྱིན་ཡུལ་གྱི་གཏོང་ལེན་དགེ་རྩ་ཚོགས་པའི་འགན་འཛིན་ཨན་ནཱ་ (Anna Owen) ལགས། གཞན། ཕྱི་རྒྱལ་ཁབ་ཁག་ནས་ཕེབས་པའི་སྦྱིན་བདག་རྣམ་པ་དང་དྷ་རམ་ས་ལ་ཁུལ་གྱི་རྒྱ་གར་དང་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་སློབ་གྲྭ་ཁག་གི་འགན་འཛིན། དགེ་རྩ་ཚོགས་པའི་འགན་འཛིན་དང་ལས་བྱེད་བཅས་ཁྱོན་མི་ ༢༠༠ ལྷག་འཛོམས་སོང་།

མཛད་སྒོའི་སྔོན་དུ་སྐུ་མགྲོན་གཙོ་བོ་མཆོག་གིས་དགེ་རྩ་ཚོགས་པའི་ཚོགས་ཁང་དང་ཉལ་ཁང་། ལས་ཁུངས་བཅས་སུ་གཟིགས་སྐོར་གནང་བ་དང་འབྲེལ། དེ་གའི་སློབ་མ་ནེ་ཤ་ (Nisha) ཡིས་ཁྲི་ཟུར་མཆོག་ལ་ཤེས་ཡོན་དང་རིགས་རུས་དབྱེ་འབྱེད་བཅས་ཀྱི་སྐོར་ལ་དྲི་བ་བཏོན་རྗེས་མཛད་སྒོ་ཐོག་ཕེབས་ནས་དུས་དྲན་དངོས་སུ་མགོ་འཛུགས་གནང་སོང་། སྐབས་དེར་མདོ་འཛིན་སློབ་མ་ནེ་ཤ་ལགས་ཀྱིས་ངོ་སྤྲོད་གནང་དོན། ༢༠༠༤ ལོར་ང་ཚོ་ཉམ་ཐག་བྱིས་པ་ཚོའི་མི་ཚེའི་ནང་བོད་རིགས་གྲྭ་བ་བློ་བཟང་འཇམ་དབྱངས་ལགས་བསླེབས་ཏེ། དྷ་རམ་ས་ལའི་གཡས་གཡོན་གྱི་འགྱིག་གུར་ནང་སྡོད་པའི་དབུལ་གྲོང་ཚོ་དང་བྱིས་པ་ཚོའི་འབྱུང་འགྱུར་གྱི་མི་ཚེའི་ཆེད་དུ་ཤེས་ཡོན་དང་འཕྲོད་བསྟེན། དཔལ་འབྱོར་བཅས་ཀྱི་རོགས་སྐྱོར་གནང་སྟེ། ད་ཆར་རྒྱ་གར་གྱི་མཐོ་སློབ་ཁག་ནང་སྐྱོད་ཐུབ་པ་དང་སྤྱི་ཚོགས་ཀྱི་ལས་སྒོ་འདྲ་མིན་ལ་ཞུགས་ཐུབ་པ། རང་གི་རྐང་པའི་སྒང་ལངས་ཐུབ་མཁན་ཞིག་བཟོས་བར་ཐུགས་རྗེས་ཞུ་རྒྱུ་ཡིན། ལྷག་པར་དུ་གཏོང་ལེན་དགེ་རྩ་ཚོགས་པའི་ཁྱིམ་ཚང་ལ་སྔ་ཕྱི་བར་གསུམ་དུ་སྦྱིན་བདག་གནང་མཁན་རྣམ་པ་ཐུགས་རྗེ་ཆེ། གཏོང་ལེན་དགེ་རྩ་ཚོགས་པས་མུ་མཐུད་དེ་དབུལ་གྲོང་ཁག་ནང་བྱིས་པར་ངལ་རྩོལ་བསྒྱུར་བཀོད་དང་བྱིས་པར་ཆང་ས་རྒྱག་འཇུག་པ། བུད་མེད་ལ་གཅར་རྡུང་ཉེས་བཅོས་བྱེད་པ་སོགས་ཀྱི་གནས་ཚུལ་ཁག་གི་ཐོག་གོ་རྟོགས་སྤེལ་བཞིན་ཡོད། ཅེས་སོགས་བརྗོད་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གཙོས་སྤྱི་ཚོགས་ལས་འགུལ་པ་སྐུ་ཞབས་ཨཱ་ཇེད་ལགས་དང་སྐུ་ཞབས་ཨན་ནཱ་ (Anna Owen) ལགས་བཅས་ཀྱིས། ༧གོང་ས་མཆོག་དང་སྐྱེས་མཆོག་དམ་པ་གྷན་དྷི་མཆོག་གཉིས་ཀྱི་སྐུ་འདྲའི་མདུན་དུ་སྣང་སེལ་སྒྲོན་མེ་ཞལ་འབྱེད་གནང་སྟེ། དགེ་རྩ་ཚོགས་པའི་གསོ་སྐྱོང་འོག་པའི་སློབ་མ་ཚོས་༧གོང་ས་མཆོག་ལ་བསྟོད་གཞས་དང་། རྒྱ་གར་གྱི་སྲོལ་རྒྱུན་གླུ་གཞས་དང་ཞབས་བྲོ། གཏམ་བརྗོད་བཅས་ཀྱི་འཁྲབ་སྟོན་གནང་སོང་།

སློབ་ཕྲུག་ཚོའི་མི་ཚེའི་སྐྱེལ་སྟངས་སྐོར་ལ་ཁྲི་ཟུར་ཟམ་གདོང་རིན་པོ་མཆོག་གིས་གསུང་བཤད་གནང་དོན། སློབ་ཕྲུག་ཚོའི་མི་ཚེ་སྐྱིད་པོ་ཞིག་བསྐྱེལ་དགོས་ན་ཆ་རྐྱེན་བཞི་ཚང་དགོས་ཀྱི་ཡོད། དང་པོ། གཟུགས་པོ་བདེ་ཐང་ཡིན་དགོས། དེ་ཡང་དང་པོ་ཟ་སྟངས་འཐུང་སྟངས་འགྲོ་སྟངས་གསུམ་ལ་རག་ལས་ཡོད། གཟུགས་པོ་བདེ་བོ་ཡིན་ན་མི་ཚེ་གང་བོར་ཡག་པོ་ཡོང་གི་ཡོད་ཀྱང་། གཟུགས་པོ་བདེ་བོ་མེད་ན་ཡོན་ཏན་ག་ཚོད་ཡོད་ཀྱང་མི་ཚེ་ཡག་པོ་ཡོང་གི་མ་རེད། གཉིས་པ། གཟུགས་པོ་བདེ་བོ་ཙམ་མ་ཟད་བསམ་བློ་ཡག་པོ་ཞིག་དགོས་ཀྱི་ཡོད། བསམ་བློ་རིག་པའི་རྗེས་འབྲང་བྱས་ཏེ་རང་རང་སོ་སོས་བརྟག་དཔྱད་བྱས་ཏེ་ངེས་ཤེས་སྐྱེ་པ་ཞིག་དགོས། སངས་རྒྱས་ཀྱིས་དགེ་སློང་ཚོར་སངས་རྒྱས་ཀྱིས་གསུང་བ་རེད་ཟེར་ནས་བཞག་པ་མ་ཡིན་པར་ཁྱེད་རང་ཚོས་བརྟག་དཔྱད་བྱོས་གསུངས་ཡོད་སྟབས། བསམ་བློ་རིག་པའི་རྗེས་འབྲང་བྱས་ཏེ་རང་རང་སོ་སོས་བླང་དོར་མ་ནོར་བར་འབྱེད་ཤེས་དགོས་ཀྱི་ཡོད། གསུམ་པ། སོ་སོའི་འཚོ་ཐབས་ཡང་དག་པ་ཞིག་དགོས་ཀྱི་ཡོད། འཚོ་ཐབས་འཚེ་བ་དང་མི་གཞན་ལ་བཤུ་གཞོག་བྱས་པ་སོགས་ལས་བྱུང་བ་མ་ཡིན་པར། འཚོ་ཐབས་རང་ཉིད་ཀྱི་དགོས་མཁོ་དང་འཚམ་པ་ཞིག་དགོས་པ་གལ་ཆེན་པོ་རེད། བཞི་པ། ནང་མི་མཐུན་སྒྲིལ་དགོས་ཀྱི་ཡོད། རྒན་པ་ཚོར་གུས་ཞབས་དང་ཆུང་བ་ཚོར་བྱམས་སྐྱོང་། མཉམ་པ་ཚོར་མཉམ་གཤིབ་ཡག་པོ་དགོས་ཀྱི་ཡོད། ནང་མི་ཡག་པོ་ཞིག་བྱུང་ཚེ་སྤྱི་ཚོགས་ཡག་པོ་ཡོང་གི་ཡོད། དེ་ཚོ་བྱུང་བ་ཡིན་ན་མི་ཚེའི་གཅིག་གི་མདུན་ལམ་འགྲིག་པ་དང་མི་ཚེ་སྐྱིད་པོ་སྐྱེལ་ཐུབ་ཀྱིན་ཡོད། ཡིན་ནའང་དེ་ཙམ་གྱིས་མི་ཚེ་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། མི་ཚེ་དོན་དང་ལྡན་པ་ཞིག་ཆགས་པར་གོང་གི་བཞི་བོའི་སྒང་ལ་ནང་དོན་རིག་པའི་ཐོག་ལ་ཉམས་ལེན་བྱེད་དགོས་པ་རེད། ཆོས་ལུགས་ག་རེ་ཡིན་ནའང་འགྲིག་གི་རེད། ནང་དོན་རིག་པ་ཉམས་ལེན་བྱས་ཚེ་འདི་ཕྱི་གཉིས་ཀ་དོན་དང་ལྡན་པ་ཞིག་ཡོང་གི་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། གྲྭ་བ་འཇམ་དབྱངས་ལགས་མི་གཅིག་གིས་དཀའ་ལས་བརྒྱབ་ནས་རྒྱ་གར་གྱི་གནས་སྟངས་སྐྱོ་བོ་འོག་ཡོད་པའི་བྱིས་པ་མང་པོའི་མི་ཚེའི་མདུན་ལམ་ཡག་པོ་བཟོ་ཐུབ་པ་དེ་དངོས་གནས་དྲང་གནས་ཆོས་ཀྱི་ཉམས་ལེན་མཐོང་རྒྱུ་ཡོད་དང་། དེ་ཡང་གཏོང་ལེན་ཟེར་བ་བདག་གཞན་སྙིང་རྗེ་ཉམས་ལེན་བྱེད་སྐབས་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ངས་བསྔགས་བརྗོད་དང་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད་ཅེས་སོགས་གསུངས་སོང་།

མཇུག་ཏུ་འགན་འཛིན་བློ་བཟང་འཇམ་དབྱངས་ལགས་ཀྱིས་བརྗོད་དོན། གཏོང་ལེན་དགེ་རྩ་ཚོགས་པ་བཙུགས་ནས་ལོ་བཅུ་ཕྱིན་པའི་རིང་གྲུབ་འབྲས་གང་འཚམ་ཐོན་པར་དགའ་ཚོར་བྱེད་ཀྱི་ཡོད། གཏོང་ལེན་གྱི་དམིགས་ཡུལ་གཙོ་བོ་དྷ་རམ་ས་ལའི་གཡས་གཡོན་གྱི་རྒྱ་གར་ཉམ་ཐག་སྐྱོ་བོའི་རིགས་ལ་ཤེས་ཡོན་དང་འཕྲོད་བསྟེན་ཐོག་རོགས་རམ་བྱེད་རྒྱུ་དེ་ཡིན་སྟབས། ད་ལྟའི་བར་ང་ཚོས་བྱིས་པ་ ༢༥༠ ཙམ་ལ་ཤེས་ཡོན་གྱི་མཐུན་སྦྱོར་གནང་སྟེ། སློབ་མ་དྷེ་པཱ་ (Deepak) ཡིས་ཧི་མ་ཅལ་མངའ་སྡེ་འཕྲུལ་ལས་མཐོ་སློབ་ནང་གློག་ཀླད་ཚན་རིག་སློབ་སྦྱོང་བྱེད་ཀྱིན་ཡོད་ལ། དེ་མིན་སློབ་མ་གཉིས་ཀྱིས་བཟོ་ལས་འཆར་འགོད་དང་སྨན་པར་ཡིག་རྒྱུགས་གཏོང་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད། གཞན་ང་ཚོས་རྒྱ་གར་ཉམ་ཐག་མི་ ༣༨༠༠ ལྷག་ལ་འཕྲོད་བསྟེན་རོགས་སྐྱོར་བྱས་ཡོད། ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་རྒྱ་གར་གཞུང་དང་མི་མང་གཉིས་ཀར་བཀའ་དྲིན་ཆེན་པོ་ཡིན་པ་ཁ་ཞེ་གཉིས་མེད་ཀྱིས་ཐུགས་རྗེ་ལེགས་གསོལ་ཞུ་བཞིན་ཡོད་པ་མཚོན་གྱི་ཡོད། ཞེས་བརྗོད་སོང་།

ཐེངས་འདིར་གཏོང་ལེན་དགེ་རྩ་ཚོགས་པས་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་བདེ་སྡུག བྱམས་སྙིང་རྗེ་ཐད་ལ་ཞབས་འདེགས་གནང་དང་གནང་མུས་ཡོད་པ་དང་། དེ་བཞིན་སྐུ་ཞབས་ཨཱ་ཇེད་ལགས་དང་ལྕམ་གྷ་རེ་ཐི་ (Gareth Owen) ལགས་བཅས་ཀྱིས་འགྲོ་བ་མིའི་བདེ་རྩའི་ཐོག་མི་ཚེ་གང་བོ་ཕྱག་ལས་གནང་བཅས་ལ་བསྔགས་བརྗོད་ཆེད་གཟེངས་རྟགས་རེ་རེ་བཅས་ཕུལ་སོང་།

 

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 5

  1. བློ་བཟང་། says:
    ལོ་ 12 སྔོན།

    བོད་ཀྱི་དུས་བབ་ཚང་གི་བརྙན་འཕྲིན་གསར་འགྱུར་དེ་ཧ་ཅང་ཡག་པོ་འདུག གསར་འགོད་པ་ལྷ་སྐྱབས་རྒྱ་ལགས་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ།མུ་མཐུད་ཡར་རྒྱས་བཏང་སྟེ་བརྙན་འཕྲིན་ཐད་གཏོང་ཐོག་ཤུགས་རྒྱག་རོགས།

    Reply
  2. བློ་བཟང་། says:
    ལོ་ 12 སྔོན།

    བོད་ཀྱི་དུས་བབ་ཚང་གི་བརྙན་འཕྲིན་གསར་འགྱུར་དེ་ཧ་ཅང་ཡག་པོ་འདུག མུ་མཐུད་ཡར་རྒྱས་བཏང་སྟེ་བརྙན་འཕྲིན་ཐད་གཏོང་ཐོག་ཤུགས་རྒྱག་རོགས། དུས་བབ་ཀྱི་ལས་བྱེད་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. ཤག་སྒང་པ། says:
    ལོ་ 12 སྔོན།

    གཏོང་ལེན་ཚོགས་པར་བསྔགས་སོ།། ཡག་པོ་བྱུང་འདུག བཀྲིས་བདེ་ལེགས།

    གསར་འགོད་པས་བཅར་འདྲིར་གནང་བའི་རིན་པོ་ཆེའི་བཀའ་སློབ་དེ་མི་ཚེའི་ལམ་སྟོན་རྩ་བ་ཡིན་པས། ང་ཚོ་ཚང་མས་སེམས་བཅངས་གནང་གལ་ལགས།

    Reply
  4. བློ་བཟང་། says:
    ལོ་ 12 སྔོན།

    རིན་པོ་ཆེ་མཆོག་གི་གསུང་བཤད་དེ་ཧ་ཅང་རྩ་ཆེན་པོ་ཞིག་རེད། མདོ་བསྡུས་ན། གཟུགས་པོ་བདེ་ཐང་ཡིན་དགོས་པ། བསམ་བློ་ཡག་པོ་ཞིག་དགོས་པ། འཚོ་ཐབས་ཡང་དག་པ་ཞིག་དགོས་པ། མཐུན་སྒྲིལ་མཛའ་བརྩེ་བཟང་བོ་ཞིག་དགོས་པ་ཟེར་བ་འདི་བཞི་རེད། གསུང་ཚིག་འདི་གྭན་དྷྷི་མཆོག་གི་ལམ་སྟོན་ཞིག་རེད། དབྱིན་སྐད་ནང་དུ་simple living ཟེར་བ་རེད།

    Reply
  5. བསོད་ནམས། says:
    ལོ་ 12 སྔོན།

    གསར་འགོད་པའི་གསར་འགྱུར་ཡག་པོ་སྤེལ་འདུག་པར་ཐུགས་རྗེ་ཆེ། གཏོང་ལེན་སློབ་གྲྭ་འདིའི་ལས་དོན་ཧ་ཅང་རླབས་ཆེན་པོ་རེད། རྡ་རམ་ས་ལའི་ཚོགས་པ་སྐྱིད་སྡུག་གཞན་དག་གིས་ཀྱང་རྒྱ་གར་སྤྱི་ཚོགས་ལ་ཞབས་ཞུ་དང་། རྒྱ་གར་ཡུལ་མི་དང་མཉམ་རུབ་ཀྱི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། སོ་སོའི་བླ་མར་དད་གུས་ཡོད་ན་ཁོང་གི་མཚན་སྙན་དང་མཛད་འཕྲིན་ལ་གང་ནས་ཐུགས་ཕན་གསོ་ན་དེ་ལ་དངོས་སུ་གོམ་པ་བརྒྱབ་ནས་ལག་ལེན་འཁེལ་རྒྱུ་ཧ་ཅང་གལ་ཆེན་དོན་ཆེན་རེད། བོད་པའི་ཆབ་སྲིད་ཀྱི་ཐད་ནས་ཀྱང་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese