ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་བོད་ལྗོངས་ལྷོ་ཁ་རྒྱ་ཚ་རྫོང་གི་ཁོངས་ཀྱི་ཡར་ཀླུང་གཙང་པོའི་སྟེང་རྒྱ་མཚོ་ངོས་ནས་སྨི་ཊི་ ༣༣༠༠ ཙམ་ཡོད་པའི་འཛམ་གླིང་ཐོག་གི་གློག་ཁང་མཐོ་ཤོས་ཏེ། གྲོ་མོ་ཆུ་གློག་ས་ཚིགས་ཞེས་པ་གསར་འཛུགས་ལེགས་འགྲུབ་བྱུང་ཡོད་པའི་གསལ་བསྒྲགས་སྤེལ་འདུག
རྒྱ་གར་དང་བྷང་གྷ་ལ་གཉིས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཏེ། གློག་ཁང་དེ་བརྒྱུད་ནས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དུ་འཚོ་སྡོད་བྱེད་པའི་རྒྱ་གར་དང་བྷང་གྷ་ལ་གཉིས་ཀྱི་མི་མང་ས་ཡ་མང་པོར་གནོད་འཚེ་འཕོག་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་གིས་གློག་ཁང་དེས་གློག་འདོན་སྤེལ་བྱེད་རྒྱུ་ལས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ལ་གནོན་སྐྱོན་གང་ཡང་བཟོ་རྒྱུ་མིན་སྟབས། རྒྱལ་ཁབ་དེ་གཉིས་ཀྱི་མི་མང་ཚོས་སེམས་ཁྲལ་བྱེད་དགོས་དོན་མེད་ཚུལ་བརྗོད་འདུག
རྒྱ་གར་གྱི་འབྲེལ་ཡོད་ལས་བྱེད་ཅིག་གིས་གསར་འགོད་པར། ད་བར་རྒྱ་གར་གཞུང་གིས་པེ་ཅིན་གྱིས་གང་བཤད་པར་ཡིད་ཆེས་ཆེན་པོ་བྱེད་ཀྱིན་ཡོད་ཀྱང་། དོན་དངོས་ཐོག་ཡར་ཀླུང་གཙང་པོའི་སྟེང་གཞི་རྒྱ་ཆེ་བའི་ཆུ་གློག་ས་ཚིགས་གསར་འཇུགས་ཀྱི་ལས་འཆར་དེས། ཨ་རུ་ནཱ་ཅལ་མངའ་སྡེ་གཙོས་རྒྱ་གར་གྱི་བྱང་ཤར་ས་ཁུལ་ཁག་ཏུ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཉུང་དུ་ཕྱིན་ཏེ་མི་མང་ས་ཡ་མང་པོའི་འཚོ་བར་དཀའ་ངལ་འཕྲད་ངེས་རེད། ཅེས་བརྗོད་འདུག
རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་གློག་ས་ཚིགས་ ༥ བརྒྱབ་དང་རྒྱག་བཞིན་ཡོད་པའི་ཐད། རྒྱལ་སྤྱིའི་ཐོག་གི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་པ་ཚོས་སྐྱོན་བརྗོད་བྱས་ཏེ། བོད་ཁུལ་དུ་བཟོ་ལས་ཐོན་སྐྱེད་རིགས་ཧ་ཅང་ཉུང་སྟབས། གློག་འདོན་ས་ཚིགས་མང་པོ་དགོས་དོན་མེད་ཀྱང་། རྒྱ་གཞུང་གིས་བོད་ལྗོངས་ཁུལ་དུ་གློག་ཤུགས་དཀའ་ངལ་ཡོད་པར་ཁ་གཡར་ཏེ། བོད་ཀྱི་སྣོད་བཅུད་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་སྐོར་བརྗོད་འདུག
ཉེ་འཆར་རྒྱ་གར་གཞུང་གིས་རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཁར་གློག་ཁང་བརྒྱབ་པའི་ཤུགས་རྐྱེན་སྐོར་ལ་ཞིབ་འཇུག་ཚོགས་པ་ཞིག་འཛུགས་རྒྱུ་ཡིན་པ་གསལ་བསྒྲགས་བྱས་རྗེས། མང་ཚོགས་ཁྲོད་ཞིབ་འཇུག་ཚོགས་པ་དེ་གང་མགྱོགས་བཙུགས་ཏེ་རྒྱ་ནག་གི་ལས་འཆར་དེ་དག་ལ་འགོག་རྒོལ་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེན་འབྱུང་བཞིན་ཡོད་འདུག
གྲོ་མོ་ཆུ་གློག་ས་ཚིགས་དེ་ ༢༠༠༩ ལོའི་ཟླ་ ༤ པའི་ནང་རྒྱ་སྒོར་ཐེར་འབུམ་ ༡།༥ ལྷག་བཏང་སྟེ་འཛུགས་སྐྲུན་མགོ་འཛུགས་བྱས་ཡོད་ཅིང་། ལས་གཞི་དེའི་མཐོ་ཚད་ལ་སྨི་ཊིར་ ༡༡༦ དང་ཞེང་ཚད་སྨི་ཊིར་༣༨༩ ཡོད་པ་དང་། ལོ་རེར་གློག་ཀེ་ལོ་ཝ་ཊི (Kilowatt) ཐེར་འབུམ་ ༢།༥ ཙམ་མཁོ་འདོན་བྱེད་འཆར་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
ད་ལྟ་བར་ལྷོ་ཁ་ན་རྒྱ་མདའ་རྫོང་ཞེས་པ་ཞིག་མེད། རྒྱ་མདའ་རྫོང་ཀོང་པོ་ན་ཡོད།
གྲོ་མོ་ཞེས་པ་དེ་གཞིས་རྩེ་ཁུལ་གྱི་གྲོ་མོ་དེ་ཡིན་ན་ལྷོ་ཁ་དང་འབྲེལ་བ་ཡེ་ནས་མེད། དེ་བཞིན་ཀོང་པོ་ལའང་མཚུངས།
དེའི་འགག་སྒོ་ནི་སྣ་ཐོ་ལ་རེད།
དེའི་འགག་སྒོ་ནི་སྣ་ཐོ་ལ་རེད།
གྲོགས་པོ་ལྷ་སྤྱན་གསུམ་པ་གྲོ་མོ་ནི་གསར་ཤོག་ནང་ཡོད་པ་བཞིན་ཡིན་པ་དང་འབྲས་ལྗོངས་ནས་གྲོ་མོར་ཆུ་ཚོད་ཁ་ཤས་སོང་ན་སླེབས་ཚུལ་འདུག་
སྙིང་ཉེ་བའི་དྲྭ་གྲོགས་རྣམ་པ། གྲོ་མོ་ཟེར་བའི་ས་ཆ་དེ་གང་ཞིག་ཡིན་པ་དང་། དེའི་ལཇང་མགོ་གང་ཞིག་ན་ཡོད་པ་ཤེས་ན་གསུང་གནོང་དང་། སྐུ་མཁྱེན།
སྙིང་ཉེ་བའི་དྲྭ་གྲོགས་རྣམ་པ། གྲོ་མོ་ཟེར་བའི་ས་ཆ་དེ་གང་ཞིག་ཡིན་པ་དང་། དེའི་ལཇང་མགོ་གང་ཞིག་ན་ཡོད་པ་ཤེས་ན་གསུང་གནོང་དང་། སྐུ་མཁྱེན།