མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྲུ་གུ་ ༣ ཡན་ཡོད་མཁན་ཚོར་སློབ་ཡོན་དང་འཕྲོད་བསྟེན་རོགས་སྐྱོར་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

དམིགས་བསལ་ཚོགས་ཆེན་གྱི་སྙན་ཐོ་ལྟར་བཀའ་ཤག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཕྲུ་གུ་གསུམ་ཡན་ཡོད་མཁན་ཚོའི་འཕྲོད་བསྟེན་དང་སློབ་ཡོན་ཐད་དམིགས་བསལ་ལྟ་སྐྱོང་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་ལྟར། ད་འཆར་ལས་འཆར་དེ་འགྲོ་བཞིན་ཡོད་ཀྱང་སྲིད་བྱུས་ཁ་གསལ་མིན་ཐོག་དཀའ་ངལ་ཏོག་ཙམ་རེ་འཕྲད་བཞིན་ཡོད་འདུག

དྷ་རམ་ས་ལའི་ ༢༠༡༢ ལོའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་སྟེང་། “བོད་མི་རིགས་ཀྱི་འཐབ་རྩོད་ལ་འཕྲལ་ཕུགས་གང་ཐད་ནས་མི་འབོར་ཉུང་བའི་དཀའ་ངལ་དངོས་ཡོད་ལ་བརྟེན། ཕྲུ་གུ་མང་པོ་སྐྱེད་གསོ་བྱེད་དགོས་པ་དང་། ཕྲུ་གུ་གསུམ་པ་ཡན་ཡོད་པ་རྣམས་ལ་གཞུང་ངོས་ནས་དམིགས་བསལ་ལྟ་སྐྱོང་དགོས།” ཞེས་གྲོས་ཆོད་བཞག་པ་ལྟར། བཀའ་ཤག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཕྲུ་གུ་གསུམ་ཡན་ཡོད་མཁན་ཚོར་སློབ་ཡོན་དང་འཕྲོད་བསྟེན་ཐོག་དམིགས་བསལ་ལྟ་སྐྱོང་གནང་རྒྱུའི་སྲིད་བྱུས་དོན་ཚན་ ༥ ཅན་ཞིག་གཏན་འབེབས་གནང་སྟེ། ད་ལོའི་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ས་གནས་གཞིས་ཆགས་ཁག་ལ་བཀོལ་ཁྱབ་བཏང་སྟེ། ད་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་རྩ་འཛིན་ལག་བསྟར་བྱེད་དགོས་སྐོར་བསྒྲགས་ཡོད།

ཉེ་ཆར་གསར་འགོད་པ་སླར་ཡང་ཤེས་རིག་ལས་ཁུངས་སུ་བཅར་ཏེ། འབྲེལ་ཡོད་ལས་བྱེད་ཟུང་དྲུང་འཆི་མེད་ཚེ་དབྱངས་ལགས་སུ་བཅར་འདྲི་ཞུས་པར། ཁོང་མོས། བཀའ་ཤག་གི་བཀོད་ཁྱབ་དེ་འབྱོར་རྗེས་ང་ཚོས་ས་གནས་གཞིས་ཆགས་ཁག་ཏུ་ཕྲུ་གུ་གསུམ་ཡན་ཡོད་མཁན་ཚོའི་ཐོ་ཞིག་བསྡུས་ཏེ་ད་ལོའི་ཟླ་ ༡༠ ཚེས་ ༣༠ ཉིན་སྔོན་ལ་ཚུར་ཤེས་རིག་ལས་ཁུངས་ལ་སྤྲོད་དགོས་པའི་གསལ་བསྒྲགས་བཏང་བ་རེད། རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་སྡོད་སྒར་ཁག་ ༤༦ ཡོད་པ་ལས་ད་ཆར་ས་གནས་ ༡༢ མ་གཏོགས་གཞན་ཚང་མའི་ཐོ་འབྱོར་སོང་། ཅེས་བརྗོད་བྱུང་།

སྲིད་བྱུས་དེ་ས་གནས་ཁག་ཏུ་ལག་བསྟར་བྱེད་ཕྱོགས་ཐོག་དཀའ་ངལ་ཡོད་མེད་དྲིས་པར། སྲིད་བྱུས་རང་ངོས་ནས་དཀའ་ངལ་འདི་རེད་ཟེར་ནས་ངས་བཤད་ཤེས་ཀྱི་མེད། ཡིན་ནའང་ཐོ་བསྡུ་ཕྱོགས་ཐོག་དཀའ་ངལ་ཏོག་ཙམ་འདུག ས་གནས་མ་འདྲ་བ་ནས་ཐོ་བསྡུ་སྟངས་ཀྱང་མ་འདྲ་བ་ཡིན་སྟབས། ང་ཚོས་རེ་རེ་བཞིན་ཞིབ་འཇུག་བྱེད་དགོས་པ་ཡོང་གི་འདུག དཔེར་ན། ས་གནས་ཁག་ཅིག་ལ་གཞན་ནང་བཞིན་མཐུན་རྐྱེན་ཡོད་མེད་དང་། དེའི་ནང་ལོགས་ནས་ཀྱང་སོ་སོའི་ཕྲུ་གུ་ཡིན་མིན་སོགས་ལ་ལྟ་དགོས་ཀྱི་འདུག ཅེས་བརྗོད་བྱུང་།

ཁོ་མོས་མུ་མཐུད་དུ། སྦྱིར་བཏར་གསལ་བསྒྲགས་གནང་བའི་ནང་ད་ལོའི་ ༡༠ ཚེས་ ༣༠ ཉིན་སྔོན་དུ་ཐོ་བསྡུ་ཚར་དགོས་པ་དང་། ༢༠༡༥ ལོའི་ཟླ་ ༣ ཚེས་ ༣༠ ཉིན་གྱི་སྔོན་ལ་ཐོ་གཙང་སེལ་བཟོས་ཏེ་ཟླ་ ༤ པའི་ནང་ལས་གཞི་འདི་ལག་བསྟར་མགོ་འཛུགས་གནང་དགོས་ཀྱི་ཡོད་པ་རེད། ད་ལྟའི་ཆར་ཐོ་ཞིག་བསྡུ་ཤོག་ཟེར་དུས་ཚང་མར་ཐོབ་ཐང་འདྲ་བོ་ཆགས་ཏེ་ཚང་མ་བསྡུས་ཡོད་པ་རེད། དངོས་གནས་བྱས་ན། བུ་ཕྲུག་ཆང་ས་བརྒྱབ་ཚར་བ་དང་ཕྱི་རྒྱལ་དུ་ཡོད་པ་ཚང་མས་ཞུ་དགོས་པ་ཆགས་ཀྱི་ཡོད་པ་མ་རེད། དངོས་ཡོད་གནས་སྟངས་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་འགྲོ་མཁན་ཚོ་ཆགས་ཡོད། ཅེས་བརྗོད་བྱུང་།

དྷ་རམ་ས་ལ་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ། བཀའ་ཤག་བཀོད་ཁྱབ་དེ་ལག་བསྟར་གང་འདྲ་གནང་གི་ཡོད་མེད་དྲིས་པར། ཁོང་གིས། ད་ལོ་བཀའ་ཤག་གིས་ཕྲུ་གུ་གསུམ་ཡན་ཡོད་མཁན་ཚོར་དམིགས་བསལ་མཐུན་སྦྱོར་གནང་བའི་སྲིད་བྱུས་གཏན་འབེབས་གནང་བ་དེ་ཧ་ཅང་དགོས་ངེས་ཤིག་རེད། ཕྲུ་གུ་མང་པོ་ཡོད་པའི་མི་མང་དཀྱུས་མ་མང་པོ་ཞིག་ལ་ཕན་ཐོགས་གང་འཚམ་ཡོད་པ་རེད་བསམ་གྱི་འདུག ཉེ་ལམ་ཤེས་རིག་ལས་ཁུངས་ཀྱིས་ཕྲུ་གུ་གསུམ་ལས་མང་བ་ཡོད་མཁན་ཚོའི་ཆེད་དུ་འགེང་ཤོག་ཅིག་བཀྲམས་པ་བཞིན་ང་ཚོས་མང་ཚོགས་ལ་གསལ་བསྒྲགས་སྤེལ་བ་ཡིན། དྷ་རམ་ས་ལར་ཕྲུ་གུ་གསུམ་ཡན་ཡོད་པའི་འགེང་ཤོག་སྐོང་མཁན་ཁྱིམ་ཚང་ཁྱོན་ ༡༤༠ ལྷག་ཡོད་པ་ཤེས་རིག་ལས་ཁུངས་སུ་ཕུལ་ཚར་ཡོད། རྩ་བའི་ཤེས་རིག་ལས་ཁུངས་ཀྱིས་དུས་ཚོད་ཅིག་སྤྲད་ཡོད་ཀྱང་དྷ་རམ་ས་ལར་ཆ་བཞག་ན། མི་མང་ས་གནས་སུ་ཡོད་མེད་དབང་གིས་ང་ཚོས་ཇི་ལྟར་འབད་བརྩོན་བྱས་ཀྱང་། གསལ་བསྒྲགས་དེ་མི་མང་ཚང་མས་གོ་ཡོད་མེད་དང་། སྲིད་བྱུས་འདིས་མི་མང་ལ་སྙོབ་ཐུབ་ཀྱི་ཡོད་མེད་ལ་དོགས་པ་ཞིག་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པས་སྲིད་བྱུས་འདི་ལྟར་ལག་བསྟར་ཐོག་དཀའ་ངལ་འདྲ་ཡོད་མེད་དྲིས་པར། བཀའ་ཤག་གི་བཀོད་ཁྱབ་ནང་ཁ་གསལ་མིན་པའི་དབང་གིས་དཀའ་ངལ་རེ་ཟུང་འཕྲད་ཀྱི་འདུག དཔེར་ན། ཕ་མ་ལ་ལ་ཞིག་གིས་གཞན་གྱི་བུ་ཕྲུག་ཉར་ཡོད་པ་ཚོ་དམིགས་བསལ་ལྟ་སྐྱོང་དེ་རག་གི་ཡོད་མེད་དོགས་འདྲི་ཡོང་གི་འདུག ལྷག་པར་དུ་མི་མང་པོ་ཞིག་གིས་ཕྲུ་གུ་གསུམ་ཡན་གྱི་འགེང་ཤོག་བསྐོངས་རྗེས་འཚོ་སྣོན་དང་ཤེས་ཡོན་གྱི་ཐོབ་ཐང་ག་རེ་རག་གི་ཡོད་མེད་འདྲི་མཁན་མང་པོ་འདུག དེ་དག་ཐད་མི་མང་ལ་ལན་གསལ་བོ་ཞིག་སྤྲོད་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་སུ། བཀའ་ཤག་གི་བྱུས་དེའི་ཐད་དགོངས་ཚུལ་གང་ཡོད་དྲིས་པར་ཁོ་མོས། བོད་མིའི་སྒྲིག་འཛུགས་ཀྱིས་ཕྲུ་གུ་གསུམ་ཡན་ཆད་ལ་རོགས་སྐྱོར་གནང་བའི་སྲིད་བྱུས་དེ་ཧ་ཅང་ཡག་པོ་རེད་བསམ་གྱི་ཡོད། ཡིན་ནའང་ང་རང་གིས་ཤེས་ཚོད་བྱས་ན་སྲིད་བྱུས་དེ་ཐོག་མ་ ༢༠༡༢ ལོར་གཏན་འབེབས་གནང་བ་རེད། རྩ་བའི་བརྒྱུད་རིམ་མང་པོ་ཞིག་དགོས་དུས་སྐུ་ངལ་ཏོག་ཙམ་ཡོད་སྲིད་ཀྱང་། གྲོས་ཆོད་བཞག་ཚར་རྗེས་གང་མགྱོགས་ཕྱག་བསྟར་གནང་དགོས་པ་གལ་ཆེན་པོ་རེད། ད་བར་ཧ་ལམ་ལོ་ ༣ ཙམ་འགྲོ་གྲབས་ཡོད་པ་རེད། ད་ལྟའི་བར་ཕྱག་བསྟར་གནང་མ་ཐུབ་པར་དེ་འཐུས་ཤོར་ཆེན་པོ་རེད་བསམ་གྱི་འདུག དེ་ནས་ད་བར་ཤེས་རིག་ལས་ཁུངས་ཀྱིས་འཛིན་རིམ་བཅུ་བ་དང་བཅུ་གཉིས་ནང་ཡིག་རྒྱུགས་བཏང་སྟེ་བརྒྱ་ཆ་རག་མཁན་ཚོར་སློབ་ཡོན་ཞིག་རག་བསྡད་ཡོད་པ་རེད། ད་ལྟ་ཕྲུ་གུ་གསུམ་ཡན་ཡོད་མཁན་ཚོར་སློབ་ཡོན་ཞིག་སྤྲོད་རྒྱུ་ཡིན་ཟེར་བ་དེ་ག་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་གསལ་ཁ་མི་འདུག ཅེས་བརྗོད་བྱུང་།

བཀའ་ཤག་གིས་ས་གནས་ཁག་ལ་བཀོད་ཁྱབ་བཏང་བའི་ནང་དོན་ཚན་ ༥ འཁོད་ཡོད་པ་དག་ནི། ༡། ཕྲུ་གུ་གསུམ་ཡན་ཡོད་པའི་ཁྱིམ་ཚང་རྣམས་ཀྱི་ཕྲུ་གུ་གསུམ་པ་ཡན་ཚང་མར་ཤེས་རིག་ལས་ཁུངས་ནས་དམིགས་བསལ་སློབ་ཡོན་རོགས་སྐྱོར་དགོས་རྒྱུ། ༢། ཕྲུ་གུ་གསུམ་ཡན་ཡོད་པའི་ཁྱིམ་ཚང་གི་འཕྲོད་བསྟེན་མཐུན་རྐྱེན་ཐོག་འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་རོགས་སྐྱོར་གྱི་ལས་གཞི་གང་དགོས་སྤེལ་རྒྱུ། ༣། ཕྲུ་གུ་གསུམ་ཡན་ཡོད་པའི་སྐྱེད་མ་རྣམས་དང་ཕྲུ་གུ་གསུམ་ཡན་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འོག་ནས་སྨན་བཅོས་རིན་མེད་གནང་རྒྱུའི་ཆ་རྐྱེན་གཏོང་རྒྱུ། ༤། ཕྲུ་གུ་གསུམ་ཡན་མངལ་འཁོར་བྱུང་བའི་སྐྱེད་མ་རྣམས་ལ་སྦྲུམ་མའི་དུས་ཡུན་རིང་དང་ཕྲུ་གུ་བཙའ་དུས་ཀྱི་སྨན་བཅོས་འགྲོ་གྲོན་ཆ་ཚང་འཕྲོད་བསྟེན་ལས་ཁུངས་ནས་གཏོང་རྒྱུ། ༥། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྡེ་ཚན་ཁག་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རང་སྐྱོང་ཚོགས་སྡེ་ཁག་བཅས་ཀྱི་བུད་མེད་ལས་བྱེད་རྣམས་ལའང་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ལས་བྱེད་རྣམས་ལ་ཇི་ཡོད་ལྟར་ཕྲུ་གུ་བཙས་ཤོར་སྐབས་དམིགས་བསལ་ཕོགས་ཡོད་གུང་སེང་གི་ཐོབ་ཐང་དགོས། ཞེས་སོགས་རེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༨ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    སྲི་བྱུས་དེ་ཕྱིས་དྲགས་པ་རེད་འདུག

    Reply
  2. dhemik69 says:
    ལོ་ 11 སྔོན།

    མི་འབོར་གྱི་དཀའ་ངལ་ནི་ཚང་མ་ལ་འཕྲད་དང་། འཕྲད་བཞིན་པ་ཡིན། འདི་དཀའ་ངལ་ནང་ནས་དཀའ་ངལ་ཆེ་ཤོས་ཤིག་ཡིན།
    བོད་ལ་ཆད་བཞག་ན་རྒྱ་བོད་མི་འབོར་མང་ཉུང་གིས་རྐྱེན་པས་ད་ཆ་ཁར་ཐུག་ཞུ་ན་རང་བཙན་ནས་དབུ་མའི་ལམ་ལ་གྱུར་ཡོད། དགོན་སྡེ་དང་སློབ་གྲྭ་ཁག་ཀྱང་སྒོ་རྒྱབ་དགོས་པའི་གནས་སྟངས་སུ་འགྱུར་བཞིན་ཡོད། ཀ་རྡོར་སྒང་གསུམ་ཁུལ་ལ་མཚོན་ན་མི་རིགས་གཞན་གྱི་སློབ་ཕྲུག་མེད་ན་བོད་པའི་གཏན་སློབ་རྣམས་སྒོ་རྒྱབ་རྒྱུའི་གནས་སྟངས་བརྒྱ་ཆ་བརྒྱ་ཆགས་ཡོད་པ་མངོན་གསལ་དོད་པོ་རེད། དགོན་ཁག་ནང་ལ་བོད་རིགས་བརྒྱ་ཆ་༡༠ ལས་མེད་པ་ཁ་མཚོན་བཅད་ནས་བཤད་ཐུབ། ཕྱི་རྒྱལ་ཁག་ལ་བོད་པའི་བླ་ཆེན་ཁག་གི་ཕྱག་བཏབ་པའི་དགོན་ཁག་དེ་ཚོའི་ནང་ལའང་བོད་རིགས་གཅིག་ཀྱང་མེད་པའི་གནས་སྟངས་དངོས་སུ་ཆགས་ཡོད་པ་དེ་འདྲ་ཡོད། མི་འབོར་ཉུང་དྲགས་པའི་བོད་ཡིག་ནང་འཐོན་པའི་ཚགས་ཤོག་ཁག་ཀྱང་སྒོ་རྒྱབ་དགོས་པ་ཡང་བྱུང་ཡོད་དཔེར་ན་འབྲས་ལྗོངས་ཀྱི་བྱ་མ་རྟ་ཚགས་ཤོག རྡོར་གླིང་གི་བོད་མའི་རང་དབང་གསར་ཤོག་སོགས། ངས་དྲན་པ་ལ་རྡོར་གླིང་ཁུལ་རང་ལ་སློབ་གྲ་དང་། མཐོ་སློབ་རྩིས་པས་ཁྱོན་སྡོམ་ལྔ་ནང་སྔར་བོད་ཡིག་སློབ་ཀྱི་ཡོད་ཀྱང་དེང་སྐབས་སྒོ་རྒྱབ་ནས་ལོ་མང་ཕྱིན་ཚར་བ་དེ་འདྲ་ཡོད་པ་ཡིན། དེ་འདྲ་ཡིན་དུས་ང་ཚོས་བོད་ཡིག་དར་སྤེལ་ལ་དོ་སྣང་ཤུགས་ཆེ་རྒྱབ་དགོས་འདུག

    Reply
  3. མཁར་སྟོད། says:
    ལོ་ 11 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་མི་འབོར་ཉུང་དྲག་པའི་རྐྱེན་གྱིས་ཧི་མ་ལ་ཡའི་རི་བརྒྱུད་དང་བལ་བོད་ས་མཚམས་སོགས་ནས་བོད་པ་མ་ཡིན་པའི་ཕྲུ་གུ་མང་པོ་ཞིག་གསོ་སྐྱོང་བྱས་ནས་སློབ་སྦྱོང་གི་མཐུན་རྐྱེན་བོད་ཕྲུག་དང་གཅིག་མཚུངས་ཐོབ་ཀྱི་ཡོད། འོན་ཀྱང་དེ་དག་གི་མོ་འོངས་པར་བསམ་ཚེ་བོད་པའི་ཆོས་དང་རིག་གཞུང་ལ་ཕན་ཐོགས་ཡོང་དང་མི་ཡོང་བ་ནི་དྲི་བ་ཆེན་པོ་ཞིག་རེད། དེར་བརྟེན་རང་རིགས་ནང་ཁུལ་དུ་སློབ་ཡོན་སྤྲོད་དང་མི་སྤྲོད་པའི་སྐད་ཆ་བཤད་པ་ཙམ་གྱིས་ཡང་དག་པ་ཞིག་མ་རེད་བསམ་གྱི་འདུག མིག་སྔར་བོད་ཕྲུག་མང་པོ་ཞིག་སློབ་ཡོན་རིན་མེད་ཐོག་སློབ་གྲྭར་འཇུག་རྒྱུ་ནི་དཀའ་ངལ་ཆེ་ལ་རྙོགས་རྫིང་ཅན་ཞིག་ཏུ་གྱུར་ཡོད་པ་དེ་སྔ་མོ་ནས་སེལ་ཐབས་མི་བྱེད་པ་གང་ཡིན་ནམ།

    Reply
  4. གཡང་འཛོམས། says:
    ལོ་ 11 སྔོན།

    དུས་བབ་ཀྱིས་མང་ཚོགས་ལ་གོ་རྟོག་སྤེལ་བ་ཐུགས་རྗེ་ཆེ། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་གང་ཞིག་ཡིན་ཡང་མང་ཚོགས་ནང་སླེབས་མ་ཐུབ་པའི་དཀའ་རྙོག་ཡདོ་རེད། འདི་བཞིན་གསར་འགྱུར་བརྒྱུད་ལམ་གྱིས་བདག་པོ་བརྒྱབ་ན་ཧ་ཅང་གསལ་བོ་ཞིག་ཡོངའདུག

    Reply
  5. རྣམ་རྒྱལ། says:
    ལོ་ 11 སྔོན།

    བཀའ་ཤག་གི་སྲིད་ཇུས་འདི་ལ་རྒྱབ་སྐྱོར་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྲིད་ཇུས་འདི་ལག་བསྟར་བྱེད་ཚད་འཕྱི་དྲགས་པ་རེད་བསམ་གྱིན་ཡོད། བཀའ་ཤག་གི་བཀོལ་ཁྱབ་ནང་ཁ་གསལ་བོ་མེད་པའི་རྙོག་དྲ་མང་པོ་ཞིག་ཡོད་པ་མ་ཟད། གསར་འགོད་པས་བཅར་འདྲི་བྱས་པའི་ལན་བཀྱོན་སྐབས་ཀྱང་ཁ་གསལ་ལ་མ་གསལ། བཤད་ཐུབ་ལ་མ་ཐུབ་བྱེད་དོན་ག་རེ་ཡིན་ནམ། བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱིས་སྲིད་ཇུས་འདི་ལ་སྣང་མེད་གཏོང་གི་ཡོད་པ་རེད་དམ། ཡང་ན་ཐོག་མའི་གསལ་བསྒྲགས་སྐབས་ནོར་འཁྲུལ་མང་པོ་ཤོར་ཡོད་ཙང་ཁ་སྐྱེངས་པོ་ཆགས་ཏེ་བཤད་མ་བདེ་བ་རེད། དེ་ནས་མི་མང་གི་སྐུལ་མ་ཞིག་ལོ་གསུམ་རིང་ལག་བསྟར་བྱེད་མ་ཐུབ་པ་འདི་ཧ་ཅང་ཐབས་སྐྱོ་བོ་ཞེ་དྲགས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese