མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོག་མར་ལས་འགུལ་སྤེལ། བར་དུ་གཉའ་གནོན་མྱངས། མཐའ་མར་གྲུབ་འབྲས་ཐོན།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་འཛམ་གླིང་དང་བོད་ནང་གི་རང་ལུས་མེར་བསྲེགས་གནང་བའི་སྐོར་གྱི་དེབ་ཅིག་དབུ་འབྱེད་གནང་བའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དེབ་ནང་གི་བོད་ཀྱི་རང་ལུས་མེར་བསྲེགས་སྐོར་རྒྱ་ཡིག་དང་དབྱིན་ཡིག་ནང་བསྒྱུར་ཐུབ་ན་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ཀུན་སློང་གང་ཡིན་རྒྱལ་སྤྱིའི་ཐོག་ནས་རྟོགས་ཐུབ་པ་དང་བོད་ལ་རྒྱབ་སྐྱོར་བྱེད་པར་ཕན་ཐོགས་ཡོང་གི་རེད་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། སྤྱི་འཐུས་རྒྱུན་ལས་འཇམ་དབྱངས་བཟོད་པ་ལགས་ཀྱིས་འཛམ་གླིང་དང་བོད་ནང་བྱུང་བའི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་སྐོར་ལ་བརྩམས་པའི་༼རང་ལུས་མེར་སྲེག་༽ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་ལ། དེར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཙོས་སྤྱི་འཐུས་རྒྱུན་རྣམ་པ་དང་། དྷ་ས་ཁུལ་གྱི་རྒྱ་གར་དང་བོད་རིགས་གསར་འགོད་པ་བཅས་འཛོམས་སོང་།

མཛད་སྒོའི་ཐོག་མར་སྤྱི་འཐུས་རྒྱུན་ལས་འཇམ་དབྱངས་བཟོད་པ་ལགས་ཀྱིས་དཔེ་དེབ་སྐོར་ངོ་སྤྲོད་གནང་དོན། བོད་ནང་དུ་བོད་མིའི་རང་ལུས་མེར་བསྲེགས་གནང་དུས་ང་རང་གཅིག་པུ་མ་ཡིན་པར་བོད་མི་ཚང་མ་གཅིག་གྱུར་གྱི་ཚོར་སྣང་མ་འདྲ་ཞིག་ཡོང་གི་ཡོད་པ་དང་། དེ་རྗེས་བོད་ཕྱི་ནང་གཉིས་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་གསར་བ་ཡིན་པའི་ངོ་བོའི་ཐོག་གླེང་སློང་སྣ་ཚོགས་ཤིག་བྱུང་ཡོད་སྟབས། ང་ཚོས་དེའི་སྒང་ལ་ཇི་ལྟར་ལྟ་དགོས་པར་བསམ་ནས་དེབ་འདི་འབྲི་དགོས་པའི་ཀུན་སློང་ཡིན། ལྷག་པར་དུ་མ་འོངས་པར་ལོ་ལྔ་བཅུའི་རྗེས་བོད་མིའི་རང་ལུས་མེར་བསྲེགས་གནང་མཁན་སྐོར་ལ་ཞིབ་འཇུག་བྱེད་མཁན་ཚོས་ལྟ་བདེ་བའི་ཆེད་དེབ་འདི་བྲིས་པའི་ཀུན་སློང་གཉིས་ལྟ་བུ་ཡིན་བརྗོད་སོང་།

དེབ་ཀྱི་སྐོར་ལ་སྤྱི་འཐུས་རྒྱུན་ལས་འཇམ་དབྱངས་བཟོད་པ་ལགས་ཀྱིས། དང་པོ། རྒྱལ་སྤྱིའི་ཐོག་ནས་རང་ལུས་མེར་བསྲེགས་བྱུང་སྟངས་སྐོར་རེད། སྦྱིར་བཏང་རང་ལུས་མེར་བསྲེགས་སྐོར་ལ་འདྲ་མིན་སྣ་ཚོགས་འདུག དཔེར་ན། གཉེན་སྒྲིག་དང་བརྩེ་དུང་གཙོས་དཀའ་ངལ་ཆུང་ཚགས་ལ་བརྟེན་ནས་རང་ལུས་མེར་བསྲེགས་གནང་མཁན་མང་པོ་ཡོད་པ་རེད། ད་ལྟ་ངས་ཐུན་མོང་གི་དགོངས་དོན་དང་དམངས་ཀྱི་རང་དབང་གི་ཆེད་རང་ལུས་མེར་བསྲེགས་གནང་བར་ཡོངས་གྲགས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་རང་ལུས་མེར་བསྲེགས་ཞེས་པའི་མིང་ཚིག་བེད་སྤྱོད་གཏོང་གི་ཡོད་པ་དམིགས་ཡུལ་གཙོ་བོར་བཟུང་ཡོད། ༡༩༦༣ ལོར་ཝེ་ཋི་ནམ་ནང་གྲྭ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་རྒྱལ་སྤྱིའི་ཐོག་ནས་ཆབ་སྲིད་ཆེད་དུ་རང་ལུས་མེར་བསྲེགས་གཏོང་བའི་ལས་འགུལ་རིམ་པ་བྱུང་བ་དང་། དེའི་རྗེས་ཡུ་རོབ་ཤར་དང་ནུབ་གཉིས་ནང་རང་ལུས་མེར་བསྲེགས་བཏང་ནས་ཨུ་རུ་སུའི་དམར་ཤོག་ལ་ངོ་རྒོལ་རིམ་པ་བྱུང་བ་རེད། སྐབས་དེར་ཨུ་རུ་སུ་དམར་ཤོག་གིས་རང་ལུས་མེར་བསྲེགས་གནང་མཁན་ཚོ་ར་བཟི་པ་དང་སེམས་ཁམས་ཐང་ཐང་མེད་པ་ལ་སོགས་ཀྱི་ཉེས་འཛུགས་སྣ་ཚོགས་བྱས་ཡོད་ཀྱང་། མཐའ་མར་ལོ་སུམ་ཅུ་བཞི་བཅུའི་རྗེས་སུ་ལུང་པ་ཚང་མར་རང་དབང་ཐོབ་རྗེས་སྐད་ཆ་དེ་དག་རྫུན་སྒྲིག་ཡིན་པ་ར་སྤྲོད་བྱུང་སྟེ། རང་ལུས་མེར་བསྲེགས་གཏོང་མཁན་ཚོར་དྲན་རྟེན་རྡོ་རིང་བཟོས་པ་དང་ཁོང་ཚོའི་མིང་བཏགས་ནས་ཁང་པ་དང་གཞུང་ལམ་སོགས་བཟོས་པས་རིམ་བཞིན་རྒྱལ་སྤྱིའི་ཐོག་ནས་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད།

རྒྱལ་སྤྱིའི་ཐོག་ནས་ཤར་དང་ནུབ་གཉིས་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོས་དང་པོ་ལས་འགུལ་སྤེལ་དང་བར་དུ་གཉའ་གནོན་བྱས་པ་དང་། མཐར་མར་གྲུབ་འབྲས་ཐོན་པ་བཅས་བང་རིམ་བསྒྲིགས་ཡོད། དེའི་རྗེས་བོད་ནང་དང་པོ་རང་ལུས་མེར་བསྲེགས་བཏང་བ་དང་བར་དུ་གཉའ་གནོན་བྱས་དང་བྱེད་པའི་བར་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་ཚང་མ་ཕྱི་ནང་གཉིས་ཀར་གསང་ཐབས་བྱེད་པ། ཐ་ན་སྤྱི་འཐུས་རྣམ་པ་ཚོས་ལྡི་ལིར་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ལ་ཞུ་གཏུགས་ཞུ་བར་འགྲོ་སྐབས། རྒྱ་ནག་གཞུང་ཚབ་ཁང་གིས་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་གྱི་སྐད་ཆ་རྫུན་མ་རེད་ཅེས་གཞུང་ཚབ་ཁང་ཁག་ལ་ཡི་གེ་བཏང་བའི་ཡི་གེ་གསུམ་ངའི་ལག་ཏུ་འབྱོར་ཡོད། ཡི་གེ་གསུམ་ནང་རྒྱ་ནག་གིས་ག་རེ་བྲིས་པ་ཡོད་པ་དང་ཡི་གེ་གསུམ་ལ་ཁྱད་པར་ག་རེ་ཡོད་མེད་རིམ་པ་བསྒྲིགས་ནས་ཞིབ་འཇུག་བྱས་ཏེ་མཐའ་བསྡོམས་བརྒྱབ་ཡོད། ཅེས་སོགས་བརྗོད་སོང་།

ཁོས་མུ་མཐུད་དུ། བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ག་རེ་ འདུག་ཟེར་ན། བོད་ནང་རང་ལུས་མེར་བསྲེགས་མགོ་འཛུགས་མཁན་ཐོག་མ་དགེ་འདུན་པ་དང་བཙུན་མ། དེ་ནས་མི་རྒན་པ། དེ་ནས་གཞོན་སྐྱེས་དེ་འདྲ་ཡོང་དུས། དཔེར་ན། དགེ་འདུན་པ་ཚོས་ནང་ཆོས་ནང་གི་དལ་བ་བརྒྱད་དང་འབྱོར་བཅུའི་མི་ཚེའི་རིན་ཐང་ཆེན་པོར་བརྩི་མཁན་ཞིག་གིས་རང་ལུས་མེར་བསྲེགས་གཏོང་སྐབས་ཀུན་སློང་ག་འདྲ་ བཅིངས་ཡོད་མེད་དང་། ལྷག་པར་དུ་ང་ཚོའི་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་ཐོག་ནས་མིའི་ཚེ་སྲོག་གི་རིན་ཐང་ལ་ལྟ་སྟངས་ཡག་པོ་ཡོད་མཁན་གྱིས་ཚེ་སྲོག་བློས་གཏོང་བྱས་པར་ཀུན་སློང་ཐུན་མོང་མ་ཡིན་པ་དང་། དེ་ཡང་བོད་མི་གཅིག་པུ་མིན་པར་འཛམ་གླིང་ནང་ཞི་བདེ་ཡོང་ཆེད་དུ་དམིགས་ཏེ་རང་ལུས་མེར་བསྲེགས་གཏོང་བ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་འདྲ་མང་པོ་ཡོད། མཐའ་མར་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་བོད་མི་ ༡༣༢ དང་། བཙན་བྱོལ་ནང་བོད་མི་ ༧ བཅས་ཀྱིས་ས་གནས་གང་དུ་ཆུ་ཚོད་ག་དུས་ཐོག་རང་ལུས་མེར་བསྲེགས་གནང་བ་དང་ཁོང་ཚོའི་འདས་གསོན་གྱི་གནས་སྟངས། ཞལ་ཆེམས་སོགས་བང་རིམ་བསྒྲིགས་ཡོད། ངས་དེབ་འདི་ལ་རེ་བ་ག་རེ་འཆིང་གི་ཡོད་ཟེར་ན། རྒྱལ་སྤྱིའི་ནང་དང་བོད་ནང་རང་ལུས་མེར་བསྲེགས་གནང་བ་ལོ་རྒྱུས་ཤིག་ཡིན་དུས་ཁྱད་པར་གང་ཡང་མེད། དེབ་འདི་འདྲ་ཞིག་བཏོན་ཚར་བ་དང་དེའི་ནང་གི་བསམ་ཚུལ་ངའི་བསམ་ཚུལ་ཡིན་པ་ལས་སྤྱི་འཐུས་ལྷན་ཚོགས་ཀྱི་བསམ་ཚུལ་གཏན་ནས་མིན། དེར་བརྟེན། བསམ་ཚུལ་དེའི་ནང་ནོར་བ་དང་འཁྲུག་པ་བྱུང་ན་ང་རང་གིས་འགན་འཁུར་ཡིན། ཕན་ཐོགས་པ་ཡིན་ན་གང་ཐུབ་ཀྱིས་ཁྱབ་སྤེལ་བྱ་རྒྱུ་དང་བོད་པ་ཚོས་གང་ཐུབ་ཀློག་པའི་རེ་བ་རྒྱག་གི་ཡོད་ཅེས་བརྗོད་སོང་།

དེའི་རྗེས་སྤྱི་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན། སྤྱི་འཐུས་འཇམ་དབྱངས་བཟོད་ལགས་ཀྱིས་དེབ་འབྲི་བའི་དགོས་དམིགས་སྐོར་ལ་བཤད་ཚར་ཡོད་པས་བསྐྱར་ལྡབ་དགོས་ཀྱི་མི་འདུག ད་ལྟ་བོད་ནང་རང་ལུས་མེར་བསྲེགས་སྐོར་གྱི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་སྟབས། ང་ཚོ་མི་རབས་ཚོའི་སེམས་ནང་གནས་ཚུལ་དག་ངེས་བསྡད་ཡོད། སྤྱི་ཡོངས་ནས་བོད་ནང་རང་ལུས་མེར་བསྲེགས་དང་འབྲེལ་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ཀུན་སློང་དང་ཁ་ཆེམས། ས་གནས་སོ་སོའི་གནས་སྟངས་ག་རེ་ཆགས་ཡོད་མེད་སྐོར་ལ་ང་ཚོས་སྤྱི་ཡོངས་ཀྱི་ཆ་ནས་ཤེས་ ཀྱི་ཡོད། དེབ་བྲིས་པའི་རྒྱུ་མཚན་དེ་ང་ཚོའི་ལོ་རྒྱུས་ཐོག་ནས་གལ་ཆེན་ཞིག་ཆགས་ཡོད། དཔེར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞུང་འབྲེལ་ཐོག་ནས་ཉིས་སྟོང་བརྒྱད་ལོའི་རྗེས་སུ་གདུང་སེམས་མཉམ་སྐྱེད་ཀྱི་དེབ་ཅིག་བཏོན་པ་རེད། ལྷག་པར་དུ་དམིགས་བསལ་ཚོགས་ཆེན་སྐབས་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མཚན་དང་ ལོ་རྒྱུས། གནས་སྟངས་ག་རེ་ཆགས་ཡོད་མེད་སྐོར་གྱི་དེབ་བཏོན་པ་རེད། དེབ་འདིའི་ནང་རྒྱལ་སྤྱིའི་ནང་ཝེ་ཋི་ནམ་ནས་མགོ་བཙུགས་ནས་ལྷོ་ཤར་ཨེ་ཤ་ཡ་དང་ཡུ་རོབ་ནང་ཡིན་ན་རེད། ཕྱིས་སུ་ཊོ་ནེ་ཤི་ཡའི་ཐོག་ལ་གནས་ཚུལ་བྱུང་བ་དག་སྐབས་དེའི་མཁས་པ་ཚོས་ཉམས་ཞིབ་དང་སྐད་ཆ་ག་རེ་བཤད་ཡོད་མེད་དེབ་ཀྱི་དཀར་ཆགས་ནང་བལྟས་ན་ཅུང་ཙམ་ཤེས་སྟབས། གོང་དུ་ངོ་སྤྲོད་བྱས་པ་ནང་བཞིན་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་དང་རང་ལུས་མེར་བསྲེགས་གནང་མཁན་ཚོས་དམིགས་ཡུལ་དང་གྲུབ་འབྲས་གང་ཐོན་ཡོད་མེད་ཀྱི་སྐོར་གཅིག་རེད། ཅེས་གསུངས་སོང་།

ཁོང་གི་མུ་མཐུད་དུ། བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ཀུན་སློང་འཁྱེར་སྟངས་དང་། ཁོང་ཚོས་དམིགས་ཡུལ་ག་རེ་བཟུང་བ་དང་གནས་སྟངས་ག་རེ་ཆགས་ཡོད་མེད། བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་ཁྱོན་ ༡༣༢ བྱུང་བའི་ཁྲོད་ནས་ ༡༡༣ འདས་གྲོངས་ཕྱིན་པ་རེད། ལྷག་མ་ཚང་མ་ལུས་སེམས་གཉིས་ཀྱི་དཀའ་ངལ་ཆེན་པོ་ཞིག་ནང་ལྷག་ཡོད་སྟབས། རྒྱ་ནག་གི་སྲིད་བྱུས་འོག་ནས་ཁོང་ཚོའི་ནང་མི་སྤུན་མཆེད་ཚོ་དང་རང་ལུས་མེར་བསྲེགས་གནང་སྐབས་གནས་ཚུལ་མཐོང་མཁན་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་པ་གསལ་བོ་རེད། བར་ལམ་ཞིག་ནས་རྒྱལ་སྤྱིའི་ནང་ང་ཚོས་བོད་དོན་ཞུ་གཏུགས་དང་མི་སྣ་མཇལ་འཕྲད་གནང་སྐབས། ནུབ་ཕྱོགས་ས་ཁུལ་ཁག་ཏུ་བོད་ནང་རང་ལུས་མེར་བསྲེགས་དང་འབྲེལ་བའི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུའང་བསམ་ཚུལ་མི་འདྲ་ཡོང་གི་འདུག དཔེར་ན། བོད་ནང་རང་ལུས་མེར་བསྲེགས་བཏང་བ་ལ་ང་ཚོ་བོད་མིའི་སྒྲིག་འཛུགས་འདིར་མཆོད་འབུལ་ཞིག་ཞུ་ཡི་ཡོད།

ང་ཚོས་འདས་གྲོངས་ཕྱིན་པའི་མི་ཞིག་གི་ཆེད་མཆོད་འབུལ་ནང་པའི་འགྲོ་སྟངས་རེད། ཡང་ནུབ་ཕྱོགས་སུ་སྐད་འབོད་བྱེད་སྐབས་ང་ཚོས་རང་ལུས་མེར་བསྲེགས་གཏོང་མཁན་མང་དུ་གཏོང་བའི་སྐུལ་སློང་བྱེད་ཀྱིན་ཡོད་པ་རེད་ཟེར་བའི་བསམ་ཚུལ་ཡོང་གི་འདུག ཡིན་ནའང་ནུབ་ཕྱོགས་རང་དབང་ལུང་པ་ཡིན་སྟབས། བོད་དང་བོད་ལྟ་བུའི་འཛམ་གླིང་ནང་གི་མི་མང་པོ་ཞིག་གནས་སྟངས་སྡུག་པོའི་འོག་ལུས་སེམས་གཉིས་ཀྱི་དཀའ་ངལ་ག་འདྲ་ཡོད་མེད་ཁོ་ཚོའི་བསམ་བློའི་ནང་འཆར་ཐུབ་ཀྱི་མེད་པས་བསམ་བློ་འདི་འདྲ་འཁོར་གྱི་ཡོད་དུས། ད་ལྟ་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་དེབ་འདི་བོད་ཡིག་ནང་བྲིས་ཡོད་པ་རེད། མ་འོངས་པའི་མི་རབས་ཚོས་ལྟ་བའི་གཞི་རྩ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད། ད་ལྟ་ང་ཚོ་དངོས་སུ་གོ་བདེ་བ་དང་མ་འོངས་པའི་མི་རབས་ཀྱིས་དངོས་སུ་མྱོང་མ་མྱོང་སྐབས་ཁྱད་པར་ཆེན་པོ་ཞིག་བཟོ་ཡི་ཡོད་པས་གལ་ཆེན་ཆགས་ཀྱི་འདུག རབ་བྱུང་ན་དེའི་ནང་གི་བོད་ཀྱི་གནས་ཚུལ་ཚོ་རྒྱ་ཡིག་དང་དབྱིན་ཡིག་ནང་བསྒྱུར་ཐུབ་པ་ཡིན་ན། བོད་པའི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ཀུན་སློང་འཁྱེར་སྟངས་སྐོར་རྒྱལ་སྤྱིའི་ཐོག་ནས་རྟོགས་ཐུབ་པ་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་ཡོང་བར་ཏན་ཏན་ཐུགས་ཕན་གསོ་ཡོང་གི་རེད་བསམ་གྱི་འདུག ཅེས་སོགས་གསུངས་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 6

  1. གངས་ཕྲུག says:
    ལོ་ 10 སྔོན།

    གོང་དུ་གསུངས་པ་བཞིན་དེབ་དེ་ཕྱི་དྲགས་པ་དངོས་ཡོད་རེད། ད་ལྟ་སྤྱི་འཐུས་ཤིག་གིས་དེབ་བཏོན་ནས་མ་བསྡད་པར་སློབ་གྲྭ་ཁག་གི་ནང་གི་གཞོན་སྐྱེས་ཚོར་རང་ལུས་མེ་སྲེག་བཏང་པའི་གནས་སྟངས་དང། འབྱུང་རྐྱེན་སོགས་དངོས་ཡོད་གནས་ཚུལ་གསུང་ཐུབ་ན་དགེ་ཚན་ཆེ། དེང་སང་སྤྱི་ཚོགས་ནང་དེབ་ཕྱོགས་བསྒྲིགས་བྱས་ཀྱང་བརྩམས་པ་ཡིན་མདོག་གནང་མཁན་མང་དྲགས་འདུག་གོ

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    མེར་བསྲེགས་ལས། མེར་སྲེག་དག་པ་རེད།

    Reply
  3. གནས་ཚང་། says:
    ལོ་ 10 སྔོན།

    ང་རང་ལ་མཚོན་ན། རྒྱ་ཡིག་ནང་ཐོན་པའི་མེར་བསྲེག་ལས་འགུལ་བ་ངོ་སྤྲོད་སྐོར་གྱི་དེབ་ནི་ཀིརྟི་བྱེས་པ་གྲ་ཚང་གི་བོད་དབྱིན་རྒྱ་གསུམ་དང་དཔྱད་བརྗོད་པ་འོད་ཟེར་ལགས་ལགས་ཀྱི་དེབ་དང་། རྒྱ་ཡིག་ནང་མེར་བསྲེག་ལས་འགུལ་དཔྱད་བརྗོད་ཐད་གནམ་ལོ་ཡག་གི་དེབ་རེད། གལ་སྲིད་དེ་དག་ལ་དགག་པ་རྒྱག་གི་མེད་ན། བསྐྱར་བཤད་ཡོང་དགོས་དོན་མི་འདུག་སྙམ། དེ་ལས་ལྷག་ཅིག་བཤད་ཐུབ་ཡོད་ན་གནས་ཚུལ་ལོགས་ཀ་རེད་དེ། ཕལ་ཆེར་བཤད་ཐུབ་ཡོད་རྒྱུ་མ་རེད་འདོད།

    Reply
  4. ཨོ་རྒྱན་རྡོ་རྗེ། says:
    ལོ་ 10 སྔོན།

    ཕོ་གསར་ཁ་བདེ་མགོ་བདེ།།
    སྤྱི་འཐུས་རྐུབ་སྟེགས་བདེ་མོ།།
    བདེ་ལེགས་ངང་དུ་གནས་ཆེད།།
    བདེ་བར་གཤེགས་པའི་དེབ་ཅིག།
    སྟབས་བདེ་ངང་དུ་བཏོན་སོང་།།

    ———རྡ་སའི་དམངས་གཞས།

    Reply
  5. བུ་རིག་པ་ཅན། says:
    ལོ་ 10 སྔོན།

    རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་ཡིག་གཞན་མང་པོའི་ནང་ག་ཚོད་འདོན་ཐུབ་ཐུབ་དེབ་འདོན་དགོས་པ་རེད་བསམ་གྱི་འདུག བོད་ཡིག་ནང་ད་སྔ་དེབ་མང་པོ་ཡོད་པ་རེད། བོད་ཡིག་ནང་བཏོན་ཏེ་བོད་པ་ཚོར་གསལ་བཤད་བྱས་ཏེ་དགོས་པ་ཆེན་པོ་ཡོད་པ་མ་རེད།

    Reply
  6. ཀརྨ་ཕུན་ཚོགས། says:
    ལོ་ 10 སྔོན།

    རང་ལུས་མཆོད་འབུལ་སྐོར་གྱི་དེབ་བཏོན་པར་ཐུགས་རྗེ་ཆེ། ཡིན་ནའང་དེབ་འདོན་པའི་དུས་ཚོད་རྦད་དེ་འཕྱི་དྲག་པ་རེད། རང་ལུས་མེར་སྲེག་མཚམས་ཆད་དུས་ལོ་གཅིག་གི་རྗེས་ལ་བཏོན་པ་ཡིན་པས་རྒྱལ་སྤྱིའི་ཐོག་ནས་རིན་ཐང་སླེབས་ཐུབ་པ་མ་རེད་བསམ་གྱི་འདུག ད་དུང་གཅིག་བྱས་ན་རྒྱལ་སྤྱིའི་ཐོག་ནས་རང་ལུས་མེར་སྲེག་ལ་སྐུལ་སློང་བྱེད་ཀྱི་ཡོད་པ་ཞིག་ཀྱང་མཐོང་སྲིད་པ་རེད་བསམ་གྱི་འདུག མ་གཞི་བོད་ཕྱི་ནང་ནས་མི་རིགས་དང་ཆབ་སྲིད་ཀྱི་ཐོག་ལ་རང་སྲོག་ཕུལ་ཟིན་པ་ཚོ་མ་བརྗེད་པ་གནང་སྟེ་ཁོ་རང་ཚོའི་ལོ་རྒྱུས་ཡིན་ཐོག་ཏུ་བཀོད་དེ་ཕྱི་རབས་པ་ཚོར་དྲན་གསོའི་ཆེད་དུ་བཞག་པ་དེ་ཡག་པོ་འདུག་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese