མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་དམག་རོགས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནུབ་དམག་ཁུལ་ཁང་གི་ཨ་རིའི་དམག་སྤྱིས་ཡུག་རེན་གྱི་སྲིད་འཛིན་དང་ཐུག་སྟེ་ཨུ་རུ་སུས་ཡུག་རེན་ས་མཚམས་དུ་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པར་མཉམ་རུབ་ཐོག་ནུས་པ་འདོན་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་ནུབ་དམག་ཁུལ་ཁང་(NATO)གི་ཨ་རིའི་དམག་སྤྱི་ཧྥེ་ལེབ་ (Philip Breedlove) ལགས་ཡུག་རེན་རྒྱལ་སར་བསྐྱོད་དེ། ཡུག་རེན་གྱི་སྲིད་འཛིན་དང་སྲིད་བློན། དམག་དཔོན་བཅས་ལ་ཐུག་འཕྲད་བྱས་ཏེ་ཨུ་རུ་སུས་ཁཱེར་མེ་ཡཱ་ (Crimea) ས་མཚམས་ཁུལ་དུ་དམག་མི་འགྲེམས་འཇོག་གིས་ཡུག་རེན་ལ་དམག་རྒྱག་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཨ་རི་དང་ནུབ་དམག་ཁུལ་ཁང་ཟུང་འབྲེལ་ཐོག་ཡུག་རེན་གྱི་དམག་རྒྱག་ནུས་ཤུགས་གོང་འཕེལ་བཏང་སྟེ། མཉམ་རུབ་ཐོག་ནུས་པ་འདོན་རྒྱུ་ཡིན་སྐོར་བསྒྲགས་འདུག

འདིའི་ཐད་ནུབ་དམག་ཁུལ་ཁང་གི་ཨ་རིའི་དམག་སྤྱི་ཧྥེ་ལེབ་ལགས་ཀྱིས། “ཨུ་རུ་སུས་ཡུག་རེན་ས་མཚམས་མཚོ་ཁུལ་དུ་དམག་རྒྱག་གྲུ་གཟིངས་ཀྱིས་སོ་ལྟ་དང་། དམག་རྒྱག་གནམ་གྲུས་གནམ་ས་གཉིས་ཐོག་གི་གཏོར་རྒོལ་མེ་ཤུགས་འཕུར་མདེལ་འཁྱེར་ནས་འགྲོ་འོང་བྱེད་བཞིན་ཡོད་པ་མ་ཟད། ཁཱེར་མེ་ཡཱ་ནང་དམག་མི་འགྲེམས་འཇོག་གིས་རྒྱ་མཚོ་ནག་པོའི་མངའ་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་སྟབས་ང་ཚོས་སྔ་ས་ནས་གྲ་སྒྲིག་བྱེད་དགོས།”ཞེས་བརྗོད་འདུག ཁོང་གིས་མུ་མཐུད་བརྗོད་དོན། “ད་ལྟ་ཨུ་རུ་སུས་ཡུག་རེན་ས་མཚམས་ཁུལ་དུ་དམག་མི་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ཡུག་རེན་ཤར་ཕྱོགས་ཀྱི་གྱེན་ལོག་ཤོག་ཁག་ལ་དམག་སྦྱོང་དང་རོགས་རམ་སྤྲོད་བཞིན་ཡོད་སྟབས། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་ཡུག་རེན་གྱི་དམག་དོན་འཕེལ་རྒྱས་གཏོང་ཐབས་ལ་རོགས་སྐྱོར་བྱས་ཏེ། ཨུ་རུ་སུའི་རྒྱ་སྐྱེད་སྲིད་ཇུས་ལ་ཚོད་འཛིན་བྱེད་དགོས།”ཞེས་སོགས་བརྗོད་འདུག

འདིའི་ཐད་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས། “ཨུ་རུ་སུས་རྒྱལ་ཁབ་གཞན་དང་མངའ་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོབ་ལ་འགོག་རྐྱེན་བཟོ་ཡི་མེད་ཀྱང་། རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་སྒྲིལ་གྱི་ལངས་ཕྱོགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། ཨུ་རུ་སུའི་མཐུན་གྲོགས་རྒྱལ་ཁབ་ཀྱི་བདག་དབང་གནད་དོན་ལའང་སྲུང་སྐྱོབ་བྱེད་ བཞིན་ཡོད་སྟབས། རྒྱལ་ཁབ་གཞན་གྱིས་ཐེ་ཇུས་བྱེད་དགོས་དོན་མེད།”ཅེས་བརྗོད་འདུག

འདི་ལོའི་ཟླ་ ༣ པ་ནས་བཟུང་ཡུག་རེན་གྱི་ཤར་ཕྱོགས་གྲོང་ཁྱེར་ཁག་ནང་ཨུ་རུ་སུར་དགའ་མོས་བྱེད་མཁན་གྱེན་ལོག་པ་ཚོར་ཨུ་རུ་སུས་མཚོན་ཆ་དང་དངུལ་སོགས་ཀྱི་རོགས་སྐྱོར་བྱས་ཏེ། ཡུག་རེན་གྱི་རང་སྐྱོང་མངའ་སྡེ་ཁུ་རེ་མཱེ་ཡ་བཙན་བཟུང་བྱས་ཡོད་སྟབས། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་ཐེངས་གསུམ་བཏང་བ་དང་། ཡུག་རེན་གྱིས་ཨུ་རུ་སུའི་སོལ་རླངས་བུ་ལོན་སྤྲོད་མ་ཐུབ་པ་བཅས་ལ་བརྟེན་ཏེ། ད་ལོའི་ཕྱི་ཟླ་ ༦ པ་ནས་བཟུང་ཨུ་རུ་སུས་ཡུག་རེན་ལ་སོལ་རླངས་གཏོང་མཚམས་བཞག་ཡོད་ཀྱང་། ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་སྦེལ་ཇམ་རྒྱལ་སར་ཡུག་རེན་བར་བསྐྱར་དུ་གྲོས་མོལ་བྱས་ཏེ། ཡུ་རོབ་མཐུན་ཚོགས་ཀྱིས་ཡུག་རེན་ལ་དཔལ་འབྱོར་རོགས་རམ་བྱེད་པར་ཁག་ཐེག་བྱས་སྟབས། ཡུག་རེན་གྱིས་དེ་སྔོན་ཨུ་རུ་སུར་བུ་ལོན་ཆད་ཡོད་པ་ལས་ཨ་སྒོར་ཐེར་འབུམ་ ༡།༤༥ ཙམ་གང་མགྱོགས་སྤྲོད་རྒྱུ་དང་། དེའི་འཕྲོས་ཀྱི་ཨ་སྒོར་ ༡།༦༥ དེ་ད་ལོའི་ལོ་མཇུག་བར་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་སྟབས། ༢༠༡༥ ལོའི་ཟླ་ ༣ བར་ཨུ་རུ་སུས་ཡུག་རེན་ལ་སོལ་རླངས་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་ ༤ བཙོང་རྒྱུའི་གྲོས་མཐུན་བཞག་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་ཕྱིན་ཡོད་ཀྱང་། ཉེ་ལམ་ཨུ་རུ་སུས་ཡུག་རེན་གྱེན་ལོག་ས་ཁུལ་གྱི་གྲོང་ཁྱེར་ཌོན་ནེ་ཊི་སི་ཀི་དང་གྲོང་ཁྱེར་གཞན་གྱི་དམག་མི་ཚོར་དམག་སྦྱོང་སྤྲད་ཡོད་པ་མ་ཟད། ཡུག་རེན་གྱི་ས་མཚམས་ཁུལ་དུ་སུན་གཙེར་བཟོས་སྟབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད།

ཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ཡུག་རེན་རྒྱལ་ཡོངས་འོས་བསྡུའི་སྐབས་གྱེན་ལོག་ཤོག་ཁག་གིས་འོས་བསྡུ་བྱེད་བཅུག་མེད་པ་མ་ཟད། ཟླ་ ༡༡ ཚེས་ ༢ ཉིན་ཡུག་རེན་གྱི་ཤར་ཕྱོགས་ས་ཁུལ་དུ་འོས་བསྡུ་བྱས་ཏེ། ཨེ་ལེག་ཛིན་ཌར་ (Alexander Zakharchenko) ལགས་སུ་འོས་ཤོག་བརྒྱ་ཆ་ ༨༡ ཐོབ་སྟེ་ཌོ་ནེ་ཌི་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་། ཨི་གྷོར་(Igor Plotnisky) ལགས་སུ་འོས་ཤོག་བརྒྱ་ཆ་ ༦༣ ཐོབ་ནས་ལུ་ཧན་སེ་ཁི་མངའ་ཁུལ་གྱི་མགོ་ཁྲིད་ལ་བསྐོ་བཞག་བྱས་ཚུལ་བསྒྲགས་ཡོད་པ་དང་། ཨུ་རུ་སུས་འོས་བསྡུ་དེར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ད་ཆ་ཡུག་རེན་གྱི་ས་མཚམས་ཁུལ་དུ་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་ཏེ་ཡུག་རེན་གཞུང་ལ་ཁ་གཏད་གཅོག་རྩིས་བྱས་སྟབས། དེ་རིང་ཡུག་རེན་གྱི་གཞུང་གསར་པའི་གྲོས་ཚོགས་ཀྱི་ཚོགས་དུས་མགོ་འཛུགས་པ་དང་འབྲེལ། འཇར་མན་གྱི་སྲིད་བློན་དང་ལི་ཐོ་ནེ་ཡའི་སྲིད་བློན་སོགས་ཀྱིས་ཨུ་རུ་སུར་སྐྱོན་འཛུགས་བྱས་འདུག

འཇར་མན་གྱི་སྲིད་བློན་ལྕམ་ཨན་གྷེ་ལཱ་མར་གྷལ་མཆོག་གིས། “ཨུ་རུ་སུས་ཁཱེར་མེ་ཡཱ་བཙན་བཟུང་བྱས་པ་མ་ཟད། ཌོ་ནེ་ཌི་སི་ཁི་དང་ལུ་ཧན་སེ་ཁི་ཡི་གྱེན་ལོག་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ཏེ། ད་བར་ཡུག་རེན་དང་གྱེན་ལོག་ཤོག་ཁག་བར་གྱི་ཡུག་རེན་དམག་འཁྲུག་ཁྲོད་མི་ ༤༣༠༠ ལྷག་རྐྱེན་ལམ་བཏང་ཡོད་སྟབས། ཨུ་རུ་སུ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྡོག་རོལ་གཏོང་མཁན་དང་ཡུ་རོབ་ཀྱི་བརྟན་ལྷིང་མེད་པ་བཟོ་མཁན་ཞིག་ཆགས་ཡོད།”ཅེས་དང་། ལི་ཐོ་ནེ་ཡའི་སྲིད་བློན་ལི་ནཱ་ (Linas Linkevicius) ཡིས། “ཨུ་རུ་སུ་ནི་ཡུག་རེན་གྱི་དཀའ་རྙོག་སེལ་མཁན་གྱི་ལྡེ་མིག་ལྟ་བུ་ཆགས་ཡོད་སྟབས། ཨུ་རུ་སུས་སྲིད་ཇུས་གང་འདྲ་ཞིག་འཛིན་མིན་ལ་རག་ལུས་ཡོད།”ཅེས་བརྗོད་འདུག

ད་བར་ཨ་རིས་ཡུག་རེན་གྱི་དམག་ཆས་ཆེད་ཨ་སྒོར་ས་ཡ་ ༡༡༨ ཀྱི་རོགས་དངུལ་སྤྲད་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་ཨ་རིས་ཡུག་རེན་ལ་མཚོན་ཆ་དང་དམག་རྒྱག་འཕྲུལ་ཆས་སོགས་སྔར་ལས་མང་བ་སྤྲོད་དགོས་སྐོར་བརྗོད་ཡོད་པ་མ་ཟད། ཨ་རིའི་སྲིད་ནས་ཀྱང་ཨ་རིས་ཡུག་རེན་ལ་མཚོན་ཆའི་རོགས་རམ་སྤྲད་དེ་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ལ་འཛིན་པའི་སྲིད་ཇུས་ལ་བསམ་བློ་གཏོང་དགོས་པ་ཞིག་བཟོ་དགོས་སྐོར་སོགས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

སྐར་མ ༡༤ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

སྐར་མ ༡༩ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

ཆུ་ཚོད་ ༢༤ སྔོན་ལ།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

ཆུ་ཚོད་ ༢༤ སྔོན་ལ།
སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༥
Mobile App

བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese