མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅིའི་ཕྱིར་ཞི་བདེ་གཟེངས་རྟཊ་ཉིན་མོ་སྲུང་གཙི་ཞུ་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ལ་ཞི་བདེ་གཟེངས་རྟགས་ཐོབ་སྟེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་དང་བསྟུན་ཏེ་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སུ་ནོ་བྷེལ་ཞི་བདེ་གཟེངས་རྟགས་བརྒྱུད་དེ་བོད་དོན་ཐོག་ནུས་པ་གང་འཐོན་ཡོད་མེད་དང་དུས་དྲན་འདི་སྲུང་གཙི་ཞུ་དགོས་པའི་རིན་ཐང་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།

དགེ་བཤེས་ལགས་སུ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཀྱི་བྱུང་རིམ་དང་ངོ་བོ་བཅས་ཀྱི་སྐོར་དྲིས་པར་ཁོང་གིས་ལན་འདི་ལྟར་བསྐྱོན་སོང་། ངས་ནོ་བྷེལ་ཞི་བདེ་གཟེངས་རྟགས་སྐོར་གྱི་བྱུང་རིམ་ཡག་པོ་ཤེས་ཀྱི་མེད་ཀྱང་། སྦྱིར་བཏང་ནོ་བྷེལ་ཞི་བདེ་ཚོགས་པས་འཛམ་གླིང་ཐོག་ཞི་བདེ་དང་རྩོམ་རིག རྫས་འགྱུར། དངོས་ཁམས། སྨན་རྫས། དཔལ་འབྱོར་བཅས་ཀྱི་ཐོག་ཕྱག་ལས་ཡུན་རིང་གནང་སྟེ། དམིགས་བསལ་འབུར་དུ་ཐོན་མཁན་ཚོར་ནོ་བྷེལ་གཟེངས་རྟགས་སྤྲོད་བཞིན་ཡོད་པ་རེད། དེ་དག་ཁྲོད་ནས་ནོ་བྷེལ་ཞི་བདེ་གཟེངས་རྟགས་འདི་འཛམ་གླིང་ཐོག་སྙན་གྲགས་ཆེ་ཤོས་རེད། ད་བར་གཟེངས་རྟགས་འདི་བཞེས་མཁན་མང་པོ་ཞིག་བྱུང་ཡོད་པ་རེད། ༡༩༨༩ ལོར་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་དགོས་དོན་གཙོ་བོ་༧གོང་ས་མཆོག་གིས་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། བོད་དོན་དེ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་གནང་ཞིང་། བྱམས་སྙིང་རྗེ་དང་བདེན་པའི་ལམ་ཁར་སྐྱོད་པ། བོད་པ་གཅིག་པུ་མ་ཡིན་པར་༧གོང་ས་མཆོག་གིས་འཛམ་གླིང་ཡོངས་སུ་འཆམ་མཐུན་དང་ཞི་བདེ་ཡོང་དགོས་པའི་བཀའ་སློབ་གནང་སྟེ། མི་མང་པོ་ཞིག་ལ་ཕན་གྱི་ཡོད་པར་ངོས་འཛིན་ཐོག་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་ཕུལ་བ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་བ་དེས་བོད་དོན་ཐོག་ཕན་གནོད་གང་འདྲ་བྱུང་ཡོད་མེད་དྲིས་པར། ཁོང་གིས། ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། སྤྱིར་བཏང་ཏཱ་ལའི་བླ་མ་ཟེར་ན་ནང་བསྟན་ཆོས་ལུགས་ཁྲོད་དུ་ཐོབ་གོ་གནས་དང་མཚན་སྙན་གྲགས་ཆེན་པོ་ཡོད་པ་ཞིག་རེད། ལྷག་པར་དུ་བོད་མི་ཚོའི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དང་བོད་པའི་མཚོན་རྟགས་ཆགས་ཡོད། འདི་ལྟ་བུའི་གང་ཟག་ཅིག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པ་ཡིན་ན། ཐོག་མ་ནས་མཚན་སྙན་གྲགས་ཆེན་པོ་ཡོད་པའི་སྒང་ལ་འཛམ་གླིང་ཡོངས་གྲགས་ཀྱིས་ཁས་ལེན་པའི་ཞི་བདེ་གཟེངས་རྟགས་ཐོབ་པ་བརྒྱུད་དམིགས་བསལ་ཀྱིས་ཆ་འཇོག་དང་བརྩི་མཐོང་ཆེན་པོ་བྱེད་པ་ཞིག་ཆགས་པ་རེད། བོད་པ་དང་བོད་ཀྱི་གནས་ཚུལ་ཞེས་པ་དེ་མང་ཆེ་བས་༧གོང་ས་མཆོག་གི་མཚན་ཐོག་ནས་ཧ་གོ་བཞིན་ཡོད་པ་རེད་མ་གཏོགས་གཞན་སུ་གང་གིས་བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་བཞག་པ་ཡོད་པ་མ་རེད། ཏཱ་ལའི་བླ་མ་ཟེར་དུས་མང་ཆེ་བས་ཧ་གོ་བ་དང་། བོད་པ་ཟེར་བ་མི་ཤེས་མཁན་ད་ལྟའང་མང་པོ་རེད། ཅེས་བརྗོད་བྱུང་།

དགེ་བཤེས་ལགས་སུ་༧གོང་ས་མཆོག་ལ་ནོ་བྷེལ་གཟེངས་རྟགས་ཐོབ་པ་འདིས་བོད་པའི་མི་རབས་གསར་པ་ཚོར་ཤུགས་རྐྱེན་གང་འདྲ་ཐེབས་མིན་དྲིས་པར། ཁོང་གིས། ཞི་བདེ་གཟེངས་རྟགས་འདིས་བོད་པའི་རྩ་དོན་འཐབ་རྩོད་ཙམ་མ་རེད། བོད་པའི་ཆོས་དང་རིག་གཞུང་ཐོག་འཛམ་གླིང་ལ་དོ་སྣང་ཡོང་བ་དང་། དེ་བརྒྱུད་ནས་ཆོས་དང་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་ཐོག་ལའང་ནུས་པ་ཆེན་པོ་འཐོན་གྱི་ཡོད་པ་རེད། བོད་ཀྱི་ལོ་རྒྱུའི་ཐོག་སྔོན་ཆད་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕར་ཞོག སྤྱིར་བཏང་གི་རྒྱལ་སྤྱི་རང་བཞིན་གྱི་གཟེངས་རྟགས་དེ་འདྲ་བཞེས་མཁན་ཙམ་ཡང་ང་རང་གིས་ཧ་གོ་གི་མེད། མ་འོངས་པར་ང་ཚོ་བོད་པའི་སྤྱི་ཚོགས་ནང་མི་དེ་འདྲའི་རླབས་ཆེན་ཞིག་བྱུང་བ་དང་། འཛམ་གླིང་ཐོག་མཚན་སྙན་གྲགས་ཡོད་པའི་གཟེངས་རྟགས་དེ་འདྲ་ཞིག་ཐོབ་མྱོང་བ་རེད་ལབ་ན། མ་འོངས་པའི་མི་རབས་དེ་ཚོ་འཛམ་གླིང་མི་མང་དང་མཉམ་དུ་དཔུང་བ་གཤིབ་ནས་སྐྱོད་ཐུབ་པ་དང་། བོད་མི་རིགས་ལ་སྤོབས་པ་དང་མིག་དཔེ་བཟང་པོ་བསླེབ་ཐུབ་པར་ཁྱད་པར་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག འདི་ཧ་ཅང་གནད་འགག་ཆགས་ཡོད་པ་རེད། གང་ཡིན་ཟེར་ན། མིའི་སྤྱི་ཚོགས་གང་དང་གང་ཡིན་ནའང་མིག་དཔེ་ལྟ་ས་དེས་སྤྱི་ཚོགས་དང་མི་རིགས་ལ་ཁྱད་པར་ཆེན་པོ་བཟོ་བ་རེད། མིག་དཔེ་ལྟ་ས་ཡག་པོ་ཡོད་ན་དེའི་རྗེས་སུ་ཕྱིན་ན་ཡག་པོ་ཆགས་པ་དང་། མིག་དཔེ་ལྟ་ས་ཡག་པོ་མེད་ན་སྤྱི་ཚོགས་ཉམས་ཆག་ཏུ་འགྲོ་བ་རེད། ཅེས་བརྗོད་བྱུང་།

ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་སྲུང་གཙི་གནང་དགོས་པར་རྒྱུ་མཚན་དང་རིན་ཐང་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། དྲི་བ་འདི་གནད་འགག་ཅིག་རེད། བོད་པ་ཚོར་དུས་དྲན་སྲུང་གཙི་ཟེར་བ་དེ་ཉིན་གཅིག་ལ་ཡར་འཛོམས་ཏེ་གཏམ་བཤད་འདྲ་སྤེལ་བ་དང་། གཞས་ཞབས་བྲོ་འདྲ་འཁྲབ། གྱོན་ཆས་གསར་པ་འདྲ་གྱོན་ཏེ་སྤྲོ་སྐྱིད་བཏང་རྗེས། སང་ཉིན་ནས་ལས་ཀ་ཚང་མ་འགྲུབ་སོང་བ་ལྟར་ཚོར་བ་དང་ལས་འགན་གང་ཡང་མེད་པའི་ལུགས་སྲོལ་ཞིག་ཡོད་པ་རེད། སྤྱིར་བཏང་དེ་ཡང་གང་འཚམ་ཕན་ཐོགས་ཡོད་རྒྱུ་རེད། ཡིན་ནའང་དེ་ལས་གལ་ཆེ་བ་༧གོང་ས་མཆོག་ལ་དོན་དག་ག་རེ་སྒང་ནས་གཟེངས་རྟགས་འདི་ཐོབ་པ་རེད། གཟེངས་རྟགས་འདི་བཞེས་སྐབས་༧གོང་ས་མཆོག་དང་གཟེངས་རྟགས་གནང་མཁན་ཚོས་ག་རེ་གསུངས་ཡོད་པ་རེད། དེ་དག་ཧ་གོ་དགོས་པ་དང་། སོ་སོར་འབྲེལ་བ་ཡོད་པ་ག་རེ་འདུག དེ་ལག་ལེན་བསྟར་དགོས་པ་གལ་ཆེན་པོ་རེད། དུས་དྲན་སྲུང་གཙི་བྱེད་དགོས་པའི་དམིགས་ཡུལ་ག་རེ་རེད་ཟེར་ན། ཉིན་མོ་དེ་དང་ཉིན་མོ་དེའི་གནས་ཚུལ་མ་བརྗེད་པའི་ཆེད་དུ་རེད། ཉིན་མོ་དེ་དང་དེའི་གནས་ཚུལ་མ་བརྗེད་པ་བྱེད་དོན་ལག་ལེན་བསྟར་རྒྱུ་དང་ཁྱབ་སྤེལ་གཏོང་རྒྱུའི་ཆེད་དུ་རེད། དེ་ཤེས་དགོས་པ་རེད། ཅེས་བརྗོད་བྱུང་།

དགེ་བཤེས་ཁོང་ལ་ཞི་བདེ་གཟེངས་རྟགས་ཉིན་མོར་དམིགས་བསལ་ཞུ་འདོད་པ་དེ་འདྲ་ཡོད་མེད་དྲིས་པར། ཁོང་གིས། ངས་གོང་དུ་བཤད་པ་ལྟར། ནམ་རྒྱུན་ང་ཚོའི་ཚོགས་པ་འདྲ་མིན་གྱིས་༧གོང་ས་མཆོག་ལ་རྟེན་བཞུགས་ཕུལ་བ་སོགས་མང་པོ་བྱེད་ཀྱིན་ཡོད་པ་ཡག་པོ་ཞེ་དྲག་རེད། ཡིན་ནའང་༧གོང་ས་མཆོག་སྐུ་ཚེ་རིང་པོ་བཞུགས་པར་རྟེན་བཞུགས་ཕུལ་བ་ལས། ༧གོང་ས་མཆོག་གི་བཀའ་བསྒྲུབ་རྒྱུ་དང་། ནམ་རྒྱུན་ལས་དོན་ག་རེ་ཡིན་ནའང་ཅི་ཐུབ་གང་ཐུབ་ཀྱིས་བོད་མིའི་སྤྱི་དོན་ཐོག་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་བོད་ནང་དུ་སྡོད་མཁན་བོད་མི་ཚོར་དཀའ་ངལ་ག་ཚོད་ཡོད་པ་ཧ་གོ་བ་བྱས་ཏེ། ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོས་དོན་མེད་སྐྱིད་པོ་བཏང་ནས་བསྡད་ན་འགྲིག་གི་ཡོད་དང་མེད། གང་དྲན་གྱིས་ཁ་རྒྱག་པ་བཤད་ནས་བསྡད་ན་འགྲིག་གི་ཡོད་དང་མེད། ཞེ་དྲག་མ་ཐུབ་ཀྱང་བོད་པའི་ཡ་རབས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་དངུལ་བཟོ་མཁན་ཚོས་དཔལ་འབྱོར་ཐོག་ཤུགས་རྒྱག་རྒྱུ་དང་། ཤེས་ཡོན་སྦྱོང་མཁན་ཚོས་སློབ་སྦྱོང་ཐོག་ཤུགས་རྒྱག་རྒྱུ། བོད་མི་རིགས་ནང་ཁུལ་འཆམ་མཐུན་བྱས་ནས་བསྡད་ན།  ༧གོང་ས་མཆོག་གི་དགོངས་གཞི་ཡང་དག་དེ་ག་རང་རེད། ༧གོང་ས་མཆོག་གིས་ནམ་རྒྱུན་བོད་པ་ཚོ་ཡག་པོ་ཞིག་ཆགས་པར་ཐུགས་རེ་གནང་གི་ཡོད་པ་རེད། དེ་ཡག་པོ་ཆགས་སོང་ན་༧གོང་ས་མཆོག་གིས་བོད་སྤྱི་པའི་དོན་དུ་སྐུ་ཚེ་ཡུན་རིང་བརྟན་པ་ཡོང་གི་རེད། ཅེས་སོགས་བརྗོད་བྱུང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese