མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་བའི་ལས་ཁུངས་ཀྱི་བྱ་སྤྱོད་བསྒྲག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་ཨ་རིའི་སྲིད་འཛིན་བྷོ་ཤིའི་སྐབས་འཇིགས་སྐུལ་རིང་ལུགས་པ་ཚོར་མནར་གཅོད་གཏོང་སྟངས་སྐོར་གྱི་སྙན་ཐོ་ཞིག་བསྒྲག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག

དེ་རིང་ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་གནས་ཚུལ་ཕྱི་བསྒྲགས་བྱས་པའི་ནང་། ༢༠༠༡ ལོའི་ཟླ་ ༩ ཚེས་ ༡༡ ཉིན་ཨོ་ས་མ་བྷིན་ལ་ཌིན་(Osama Bin ladin)གྱི་མགོ་ཁྲིད་འོག་ཁ་ཆེ་འཇིགས་སྐུལ་ཚོགས་པ་ (Al-Qaida) ཡིས་ནེའུ་ཡོག་གྲོང་ཁྱེར་ནང་གི་འཛམ་གླིང་ཚོང་ལས་ལྟེ་གནས་ཁང་བརྩེགས་གཉིས་གཏོར་བཤིག་བཏང་རྗེས། སྐབས་དེའི་ཨ་རིའི་སྲིད་འཛིན་བྷོ་ཤིའི་གཞུང་གི་ཨ་རིའི་གསང་བའི་ལས་ཁུངས་ (CIA)ཀྱིས་འཇིགས་སྐུལ་རིང་ལུགས་པ་དང་དོགས་ཡོད་ཉེས་ཅན་མང་པོ་འཛིན་བཟུང་བྱས་ཏེ། གསང་བའི་གནས་ཚུལ་བསྡུ་རུབ་ཆེད་ཐབས་ལམ་འདྲ་མིན་ཐོག་འདྲི་རྩད་མནར་གཅོད་བཏང་བའི་ཤོག་ངོས་ ༢༨༠ ཅན་གྱི་སྙན་ཐོ་ཞིག་ཁྱབ་བསྒྲགས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག

སྲིད་འཛིན་བྷོ་ཤི་ཡིས་ཨ་རིའི་གཞུང་ལོ་བརྒྱད་ལ་བཟུང་བའི་རིང་། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇིགས་སྐུལ་པ་དང་དོགས་ཡོད་ཚོར་མནར་གཅོད་བྱེད་སྟངས་སྐོར་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་བཅས་ཀྱིས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་སྟབས། སྲིད་འཛིན་ཨོ་བྷ་མའི་སྐབས་ནས་ཨ་རིའི་གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་གནས་ཚུལ་དེའི་ཐོག་ཞིབ་འཇུག་མགོ་འཛུགས་བྱས་པ་ཞིག་ཡིན་འདུག

ད་ལྟའི་ཆར་ཨ་རིའི་གསང་བའི་ལས་ཁུངས་དང་རྒྱལ་དོན་ལས་ཁུངས་ཀྱིས་སྙན་ཐོ་དེ་ཕྱིར་བསྒྲགས་བྱེད་པར་དགག་པ་རྒྱག་གི་ཡོད་པ་དང་། ཨ་རིའི་ཁྲིམས་དོན་ལས་ཁུངས་དང་ཕོ་བྲང་དཀར་པོ། གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་བཅས་ཀྱིས། ཨ་རིའི་མི་མང་དང་འཛམ་གླིང་མི་མང་ལ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇིགས་སྐུལ་རིང་ལུགས་པ་ཚོར་མནར་གཅོད་གང་འདྲ་གཏོང་གི་ཡོད་མེད་ཕྱི་གསལ་ནང་གསལ་ཡོང་ཆེད་སྙན་ཐོ་དེ་ཕྱིར་བསྒྲགས་བྱེད་དགོས་ཚུལ་རྗོད་ཀྱིན་ཡོད་འདུག

འདིའི་ཐད་ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨུར་ནེ་སི་ཊི་ (Josh Earnest) ཡིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཨ་རིའི་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་དམག་འཁྲུག་བརྒྱབ་པའི་རིང་། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇིགས་སྐུལ་པ་དང་དོགས་ཡོད་ཚོ་འཛིན་བཟུང་བྱས་ཏེ། ཁོ་ཚོའི་གསང་བའི་འཆར་གཞི་དང་མི་སྣ་འཚོལ་ཞིབ་ཆེད་མནར་གཅོད་སྣ་ཚོགས་བཏང་སྟེ། འདྲི་རྩད་བྱས་པའི་སྐོར་ལ་སྙན་ཐོ་འདོན་རྒྱུར་ཨ་རིའི་གཞུང་གིས་ཟླ་བ་མང་པོའི་རིང་གྲ་སྒྲིག་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་། ཕོ་བྲང་དཀར་པོའི་ལས་ཁུངས་ཀྱིས་སྙན་ཐོ་དེ་ཕྱིར་བསྒྲགས་བྱས་ན་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་ཡོད་པར་མཐོང་གི་ཡོད་ཀྱང་། དེ་ལས་གལ་ཆེ་བ་ནི་གསང་བའི་ལས་ཁུངས་ཀྱི་གསང་བའི་ཡིག་ཆར་མཇུག་བསྡོམས་བརྒྱབ་པའི་སྙན་ཐོ་གལ་ཆེར་མཐོང་སྟེ་ཕྱིར་བསྒྲགས་བྱ་རྒྱུའི་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་། དེར་སྲིད་འཛིན་ཨོ་བྷ་མས་ཀྱང་ཨ་རིའི་མང་ཚོགས་ཀྱིས་དོན་དངོས་ཇི་བྱུང་གི་གནས་ཚུལ་ཤེས་རྟོགས་བྱེད་རྒྱུ་གལ་ཆེན་ཡིན་པར་ངོས་འཛིན་གནང་གི་ཡོད་ཚུལ་སོགས་བསྒྲགས་འདུག

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རོབ་ཇིར་སི་ (Mike Rogers) དང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུར་བ་ཧད་ཌིན་ (Michael Hayden)གཉིས་ཀྱིས་གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་སྙན་ཐོ་དེ་ཕྱིར་བསྒྲགས་བྱས་ཚེ་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་ཡོད་པ་མ་ཟད། ཕྱི་རྒྱལ་ཁག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་དང་རིག་གཞུང་བསྟི་གནས་ཁང་། ཚོང་ལས་སྡེ་ཚན་ཁག་བཅས་ལ་འཇབ་རྒོལ་བྱེད་སྲིད་པའི་ཉེན་ཁ་ཡོད་པ་རེད། ཅེས་ཐག་གཅོད་དེར་སྐྱོན་བརྗོད་བྱས་འདུག་ལ། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་ཕྱི་རྒྱལ་མཚོ་ཁུལ་ཁག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་མཚོ་དམག་གིས་འཛམ་གླིང་གི་ཕྱོགས་གང་སར་ཡོད་པའི་ཨ་རིའི་གཞུང་ཚབ་ཁག་ལ་འཇིགས་སྐུལ་པས་འཇབ་རྒོལ་བྱེད་ཚེ་དུས་ཐོག་གདོང་ལེན་བྱེད་པར་གྲ་སྒྲིག་བྱེད་དགོས་པའི་བཀའ་ཡང་བཏང་ཡོད་འདུག

ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁད་རེ་ཡིས་ད་ལྟའི་ཆར་འཛམ་གླིང་གི་ཕྱོགས་གང་སར་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པ་ཚོས་ཨ་རིའི་མི་སེར་མང་པོ་གཏའ་མར་ཉར་ཡོད་སྟབས། སྙན་ཐོ་དེ་ཕྱིར་བསྒྲགས་བྱེད་པའི་དུས་ཚོད་ཏག་ཏག་ཅིག་མིན་པས་ཕྱི་འགྱངས་བྱེད་དགོས་པ་དང་། སྙན་ཐོ་དེ་ཕྱིར་བསྒྲགས་བྱས་ཚེ་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་ཡོད་པ་དང་། སྙན་ཐོའི་ནང་སྲིད་འཛིན་ཨོ་བྷ་མའི་གཞུང་སྐབས་ཀྱི་གནས་ཚུལ་ཡང་ཚུད་དགོས་ཞེས་བརྗོད་ཡོད་འདུག

ལྕམ་ཧྥེན་སི་ཊིན་ (Dianne Feinstein) ཡིས་ལོབ་སི་ཨན་ཇེ་ལེ་སི་དུས་བབ་ (Los Angeles Times) གསར་ཁང་གིས་སྙན་ཐོ་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོ་མོས་ཨ་རིའི་རྩ་ཁྲིམས་དང་སྤྱི་ཚོགས་ཀྱི་རིན་ཐང་ལ་བརྩི་མཐོང་དང་རྒྱབ་སྐྱོར་བྱེད་ཆེད་སྙན་ཐོ་དེ་ཕྱིར་བསྒྲགས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། འབྱུང་འགྱུར་གསང་བའི་ལས་ཁུངས་ཀྱིས་འདི་ལྟ་བུའི་མནར་གཅོད་རིགས་གཏོང་རྒྱུར་བཀག་འགོག་བྱེད་པར་དགེ་མཚན་ཆེན་པོ་ཡོད་ཚུལ་བརྗོད་འདུག

ཨ་རིའི་ཐག་གཅོད་ཐད་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མི་ཐོབ་ཐང་ཚོགས་ཁག་གིས། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་རྩ་ཁྲིམས་ལ་འགན་འཁུར་ཡོད་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་མནར་གཅོད་རྩ་ཁྲིམས་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པའི་གནས་ཚུལ་མི་མང་ལ་ཕྱི་གསལ་ནང་གསལ་བཟོ་དགོས་པ་ཁ་ཚ་དགོས་གཏུགས་ཆགས་ཡོད་སྐོར་བརྗོད་འདུག

ཟླ་གཅིག་གོང་ཨ་རིའི་གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་པའི་འཐུས་མི་མང་ཤོས་ཆགས་སྟབས། དམངས་གཙོ་ཚོགས་པའི་འཐུས་མིའི་འགན་འཁུར་འོག་ནས་ལོ་འགའི་རིང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཇིགས་སྐུལ་པར་མནར་གཅོད་བྱེད་སྟངས་སྐོར་ལ་སྙན་ཐོ་བཏོན་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་མང་ཤོས་ཆགས་སྟབས། སྤྱི་མཐུན་ཚོགས་པས་ཀྱང་གང་མགྱོགས་གནད་དོན་དེ་སྐོར་ལ་སྙན་ཐོ་ཞིག་འདོན་འཆར་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

ཆུ་ཚོད་ ༢༡ སྔོན་ལ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

ཆུ་ཚོད་ ༢༣ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese