མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཀོ་རི་ཡ་དང་རྒྱ་གར་གྱི་མཉམ་འབྲེལ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་རྒྱལ་སྲུང་མཉམ་ལས་ཀྱི་ཚོགས་འདུ་ཞིག་ལྷོ་ཀོ་རི་ཡའི་ནང་ཚོགས་ཏེ་ཚོང་དོན་དང་ལོ་རྗེས་མར་རྒྱ་གར་སྲིད་བློན་ལྷོ་ཀོ་རི་ཡར་སྐྱོད་ཕྱོགས་བཅས་ལ་གྲོས་མོལ་བྱ་རྒྱུ་ཡིན་འདུག

ཁ་སང་ལྷོ་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གི་ལྷོ་ཤར་ཨེ་ཤ་ཡའི་སྤྱི་ཁྱབ་འགན་འཛིན་སུ་ཇཱན་ཨང་ (Suh Jeong-in) གིས་གསལ་བསྒྲགས་སྤེལ་བའི་ནང་། ཟླ་འདིའི་ཚེས་ ༢༩ ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སཱོལ་ནང་རྒྱ་གར་དང་ལྷོ་ཀོ་རི་ཡ་བར་རྒྱལ་སྲུང་མཉམ་ལས་གྲོས་མོལ་ཐེངས་ ༨ པ་དེ་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུ་དེར་རྒྱ་གར་ཕྱི་སྲིད་བློན་ཆེན་ལྕམ་སུ་ཤི་མཱ་སཱོ་ཝ་ར་ཇཱ་ཕེབས་ཏེ། ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་པག་གྷེན་ཧེ་དང་ཐུག་འཕྲད་ཀྱིས་མ་འོངས་པར་རྒྱལ་ཁབ་གཉིས་བར་རྒྱལ་སྲུང་དང་དཔལ་འབྱོར་ཚོང་དོན་མཉམ་ལས་གོང་འཕེལ་གཏོང་ཐབས་དང་། ༢༠༡༥ ལོའི་ལོ་མགོར་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་ལྷོ་ཀོ་རི་ཡར་སྐོར་སྐྱོད་བྱེད་ཕྱོགས་བཅས་ལ་གྲོས་མོལ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

འདིའི་ཐད་སུ་ཇཱན་ཨང་གིས། རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཡི་ལྷོ་ཀོ་རི་ཡར་སྐོར་སྐྱོད་བྱ་འཆར་ཡོད་པ་དེས། འདས་པའི་ལོ་ཤས་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་འགྲོ་བཞིན་ཡོད་པ་གསལ་བཤད་བྱས་ཡོད་སྟབས། ད་རེབ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྷོ་ཀོ་རི་ཡར་བསྐྱོད་དེ་རྒྱལ་ཁབ་གཉིས་བར་གྱི་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་འགོད་འཆར་ཡོད། ཅེས་བརྗོད་འདུག

ཁོང་གིས་མུ་མཐུད་དུ། ཟླ་འདིའི་ཟླ་མཇུག་ཏུ་རྒྱལ་ཁབ་གཉིས་བར་རྒྱལ་སྲུང་གི་འབྲེལ་ལམ་གོང་མཐོར་གཏོང་ཐབས་ཀྱི་གྲོས་མོལ་ཐེངས་ ༨ པ་དེ་བྱ་རྒྱུ་ཡིན་པ་མ་ཟད། མ་འོངས་པར་གྲོས་མོལ་འདི་བརྒྱུད་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་། རྒྱལ་སྲུང་འབྲེལ་ལམ་ཡག་ཏུ་ཕྱིན་ཏེ་མཐུན་གྲོགས་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག ༢༠༡༠ ལོར་ལྷོ་ཀོ་རི་ཡ་དང་རྒྱ་གར་བར་ཁྱབ་རྒྱ་ཆེ་བའི་དཔལ་འབྱོར་མཉམ་ལས་གྲོས་མཐུན་ཞེས་པ་ཞིག་བཞག་རྗེས། ༢༠༡༡ ལོར་ཨ་སྒོར་ས་ཡ་ ༩༢ དང་། ༢༠༡༢ ལོར་ཨ་སྒོར་ས་ཡ་ ༩༨།

༢༠༡༣ ལོར་ཨ་སྒོར་ཐེར་འབུམ་ ༡ བཅས་ཀྱི་ཚོང་འབྲེལ་བྱས་ཡོད་པ་མ་ཟད། ཉེ་ཆར་རྒྱ་གར་གཞུང་གིས་བལ་ཡུལ་ནང་ཚོགས་པའི་ལྷོ་ཤར་ཨེ་ཤ་ཡའི་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཐོག་ལྷོ་ཀོ་རི་ཡའི་སྐུ་ཚབ་ཟུར་ཉན་དུ་སྐད་བཏང་ཡོད་པ་དང་ཐུག་འཕྲད་ཀྱིས་ལྷོ་ཀོ་རི་ཡ་ནས་རྒྱ་གར་གཞུང་གིས་K9 རྟགས་ཅན་གྱི་མེ་སྒྱོགས་དང་། དམག་རྒྱག་རླངས་འཁོར་ཉོ་རྒྱུ་བྱས་ཡོད་འདུག

དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་འབར་མའི་ནང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ལྷན་ཚོགས་ཐེངས་ ༣༦ པ་ཚོགས་སྐབས། རྒྱ་གར་སྲིད་བློན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་གཉིས་ཐུག་འཕྲད་བྱས་ཏེ་དམག་དོན་དང་རྒྱལ་སྲུང་། དཔལ་འབྱོར་མཉམ་ལས་བཅས་ཀྱི་ཐོག་གྲོས་མོལ་བྱས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་ལྷན་ཚོགས་ལྷོ་ཀོ་རི་ཡར་འཚོགས་རྒྱུ་དང་། རྒྱ་གར་གྱི་སྲིད་བློན་ལྷོ་ཀོ་རི་ཡར་རྒྱལ་དོན་སྐོར་སྐྱོད་གནང་རྒྱུ་བཅས་ཀྱི་ཐག་གཅོད་བྱས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་ཨེ་ཤ་ཡའི་མངའ་ཁུལ་ནང་དབང་ཤུགས་ཆེ་རུ་གཏོང་ཐབས་བྱས་ཏེ། མཚོ་གླིང་རྩོད་ཉོག་དང་རྒྱལ་ཁབ་གཞན་གྱི་བདག་དབང་ལ་ཐེ་ཇུས་བྱེད་བཞིན་ཡོད་སྟབས། ད་རེབ་ལྷོ་ཀོ་རི་ཡས་རྒྱ་གར་དང་མཉམ་ལས་བྱས་ཏེ་རྒྱ་ནག་གཞུང་གི་གནོན་ཤུགས་འགོག་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༢༡ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༢༣ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༢༤ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese