མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་བོད་ཀྱི་ཟློས་གར་ཁང་དུ་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་མགོ་འཛུགས་དང་འབྲེལ་རྒྱལ་ཁབ་མི་འདྲ་བ་ཁག་ཅིག་དང་ཧི་མ་ཅལ་མངའ་སྡེའི་ཡུལ་མི་ཚོས་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱས་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༠༠ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་གོ་སྒྲིག་འོག ཉིན་གཉིས་རིང་གི་‘རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན’ཞེས་པ་མགོ་འཛུགས་གནང་ཡོད་ཅིང་། སྐུ་མགྲོན་གཙོར་བོ་ཧི་མ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་གི་བློན་ཆེན་སུ་དྷེར་ཤཱར་མཱ་ ( Sudhir Sharma) མཆོག་གིས་དུས་སྟོན་དབུ་འབྱེད་གནང་ཡོད་ཅིང་། དེར་ཧི་མ་ཅལ་མངའ་སྡེའི་དཔོན་རིགས་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་ནང་སྲིད་དང་ཤེས་རིག འཕྲོད་བསྟེན་བཅས་ཀྱི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག འོས་བསྡུ་དང་འདེམས་ལྷན་གྱི་འགན་འཛིན། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། དྷ་སའི་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཞོན་བཅས་ཕེབས་ཡོད་པ་མ་ཟད། གཞན་ཡང་དྷ་ས་ཁུལ་གྱི་རྒྱ་གར་དང་བོད་མི་བཅས་ཁྱོན་མི་ ༡༠༠༠ ཡས་མས་འདུ་འཛོམས་གནང་སོང་།

དུས་སྟོན་གྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱ་གར་དང་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་འགྲེམས་སྟོན་ཞུས་པའི་ཡུལ་ལུང་སོ་སོའི་ཐོན་རྫས་དང་འགྲེམས་སྟོན་ཁག་ལ་གཟིགས་ཞིབ་གནང་བ་འབྲེལ། སྐུ་མགྲོན་གཙོ་བོ་མཆོག་དང་སྲིད་སྐྱོང་མཆོག་གིས་སྣང་གསལ་ཞལ་འབྱེད་གནང་རྗེས། ཧི་མ་ཅལ་མངའ་སྡེའི་ལའོ་སི་པེ་དྷི་གཙོས་ཡུལ་ལུང་ཁག་དང་བོད་ཀྱི་ཟློས་གར་ཚོགས་པ། ཇ་མུ་ཀཱ་ཤི་མེར། ཨུ་དྷར་ཁན་ཌི་དང་། ཨུ་རུ་སུའི་རང་སྐྱོང་ས་ཁུལ་ཁལ་མིག་བཅས་ཀྱི་གཞས་པ་གཞས་མ་རྣམས་ཀྱིས་གཞས་དང་ཞབས་བྲོ་འཁྲབ་སྟོན་གནང་སོང་།

ཉེ་ལམ་གོང་གནས་གནས་ཚུལ་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་སྟེང་འཁོད་པ་ལྟར་ན། ཉིན་གཉིས་རིང་དུས་སྟོན་དེའི་སྟེང་། ཧི་མཱ་ཅལ་དང་ཨ་རུ་ནཱ་ཅལ། འབྲས་ལྗོངས། ཨུཏྟར་ཁཎྜ། ཇམ་མུ་ཀ་ཤི་མིར། པན་ཇབ། ར་ཇི་སི་ཐན་བཅས་མངའ་སྡེ་ ༧ ནས་རིག་གཞུང་འཁྲབ་སྟོན་པ་མི་གྲངས་ ༢༣༠ ཙམ་མཉམ་ཞུགས་གནང་རྒྱུ་མ་ཟད། ཨུ་རུ་སུ་དང་། སོག་པོ། འབྲུག ཁལ་མུཀ རྒྱ་གར། བལ་པོ་བཅས་ཡུལ་གྲུ་ཁག་ནས་ཀྱང་རིག་གཞུང་འཁྲབ་སྟོན་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

སྐར་མ ༤༡ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༤/༢༣

མཆན། 1

  1. ཤོག་ཁྲ་མ་ says:
    ལོ་ 11 སྔོན།

    དུས་དྲན་དེའི་ནང་ལ་ཀ་རྡོར་གཉིས་ནང་གི་ཧི་མ་ལ་ཡའི་ཚོགས་པར་འབྲེལ་གཏུགས་ཞུ་མི་ཐུབ་རྒྱུ་མཚན་གང་ལ་ཐུག་ཡོད་མིན་ཤེས་རྟོགས་མ་བྱུང་ཡང་། སྤྱིར་རྡོར་གླིང་ཁུལ་གྱི་ཧི་མ་ལ་ཡའི་ཚོགས་ HBCA ཞེས་པ་འདིའི་ནང་གཙོ་བོ་༧གོང་སའི་བཀའ་དགོངས་ལ་བརྩི་མཐོང་ཆེན་པོ་ཞུ་མཁན་དང་། བོད་བརྒྱུད་ནང་པའི་དགོན་སྡེ་ཁག་ལ་རོགས་སྐྱོར་ཞུ་མཁན། དེ་བཞིན་བགྲོ་གླེང་ཚོགས་འདུ་སོགས་བརྒྱུད་ནང་བསྟན་སྤྱི་དང་། ལྷག་པར་བོད་རིགས་རྣམས་ལ་སྤྱི་མཚུངས་ཀྱི་མིག་ལྟ་བྱེད་མཁན་གྱི་ཧི་མ་ལ་ཡའི་ཚོགས་པ་འདི་བཞིན་ད་བར་ནང་བྱན་ཆུད་པའི་བྱ་གཞག་བསྟན་འགྲོ་སྤྱི་ལ་ཞབས་འདེགས་ཞུ་མཁན་ཞིག་རེད་ཞུ་རྒྱུ་དང་། སླད་མར་འདི་འདྲའི་རིགས་ལ་གོ་སྐབས་ཀྱི་སྐལ་བ་མི་ཆད་པ་ཞུ་བའི་མཆན་དུ་བསྲིངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese