མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དང་བླངས་དཔྱ་དངུལ་འབུལ་ཐུབ་གནང་རོཊ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་རྒྱལ་སར་༧གོང་ས་མཆོག་ལ་ཞི་བདེ་གཟེངས་རྟགས་འབུམ་བཞེས་ཉིན་མོ་སྲུང་གཙི་ཞུས་པའི་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གཏམ་བཤད་སྤེལ་འདུག

ཕ་རི་སིའི་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག ཕྱི་ཚེས་ ༡༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༥ པའི་སྟེང་། ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་པེ་ཝག་ལཱ་ཤེ་སིས་(père lachaise) ཚོགས་ཁང་དུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་ཕུལ་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཡོད་འདུག་ལ། སྐབས་དེར་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་ཁོང་གི་མཛད་འཕྲིན་སྐོར་གྱི་པར་རིས་འགྲེམས་སྟོན་ཞིག་ཀྱང་གནང་འདུག

དུས་དྲན་སྟེང་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གཙོས། ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨང་དྷི་སི་ལགས་དང་། ཕ་རི་སིའི་སྐུ་ཚབ་དོན་གཅོད་ཚེ་རིང་དོན་གྲུབ་ལགས། བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས། དེ་བཞིན་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། བོད་པ་དང་ས་གནས་ཡུལ་མི་བཅས་ཁྱོན་མི་ ༦༠༠ ལྷག་འདུ་འཛོམས་བྱུང་སོང་།

མཛད་སྒོའི་ཐོག་ཕ་རི་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་དུས་དྲན་ངོ་སྤྲོད་དང་འབྲེལ། དེང་སྐབས་རྒྱལ་སྤྱིའི་སྟེང་བོད་དང་བོད་མིའི་ཆོས་དང་རིག་གཞུང་ལ་དགའ་ཞེན་དང་གདེང་འཇོག་བྱེད་ཀྱིན་ཡོད་པ་གཙོ་བོ་༧གོང་ས་མཆོག་གི་སྐུ་དྲིན་ལས་བྱུང་བ་ཡིན་སྟབས། བོད་མི་སྤྱི་དང་ལྷག་པར་དུ་གཞོན་སྐྱེས་ཚོས་༧གོང་ས་མཆོག་གི་བཀའ་དྲིན་ཤེས་པའི་ཐོག་ནས་བཟང་སྤྱོད་ཡར་རྒྱས་དང་བོད་དོན་ཐོག་སྔར་ལས་རྡོག་རྩ་གཅིག་སྒྲིལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་དྭང་བླངས་དཔྱ་དངུལ་འབུལ་རྒྱུ་དེ་བོད་གཞུང་ལ་སྒོར་མོ་ཁ་ཤས་འབུལ་རྒྱུ་ཙམ་མིན་པར། བོད་ཀྱི་ཆབ་སྲིད་གནད་དོན་ཐོག་བོད་མི་ཚོས་སོ་སོའི་གཞུང་ལ་ངོས་འཛིན་དང་རྒྱབ་སྐྱོར་ཅི་ཙམ་ཡོད་ལ་རག་ལས་ཡོད་སྟབས། མ་འོངས་པར་བོད་པ་ཚོས་དེའི་གལ་གནད་ཤེས་པའི་ཐོག་ཆ་ཤས་ལེན་རྒྱུ་གལ་ཆེན་ཡིན། ཞེས་དང་། ཉེ་ལམ་ཕ་རི་སིར་སྐྱབས་བཅོལ་དུ་འབྱོར་བའི་བོད་པ་རྣམས། ཧྥ་རན་སིའི་གཞུང་གི་གོ་སྒྲིག་དང་འགྲོ་ལུགས་ལྟར། སྐྱབས་བཅོལ་བ་དང་མི་དཀའ་ངལ་ཅན་ཚང་མས་དཀའ་ངལ་ཞུ་སའི་ལས་ཁུངས་ཨང་རྟགས་ ༡༡༥ ཅན་ལ་ཁ་པར་བཏང་སྟེ། སྐྱབས་བཅོལ་ཞུས་ན་ལེགས་པ་ལས། དེ་མིན་ཟམ་པའི་ཐོག་ཕྱིན་ཏེ་རུབ་རུབ་བྱས་ཏེ་ཉལ་བསྡད་ན། བོད་པའི་མཚན་མཐོང་དང་ས་གནས་གཞུང་གི་མཐོང་སྣང་། སྐྱབས་བཅོལ་མདུན་ལམ་སོགས་ཕྱོགས་གང་ཐད་ནས་འགོག་རྐྱེན་དུ་འགྱུར་བའི་ཉེན་ཁ་ཡོད་སྟབས་གཟབ་གཟབ་དགོས། ཞེས་སོགས་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་མཆོག་གིས་གཏམ་བཤད་གནང་སྟེ། ད་ཐེངས་ཧྥ་རན་སིར་ཡོང་སྟེ་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་ཀྱིས་མ་འོངས་པར་བོད་དོན་ལས་འགུལ་ཇི་ལྟར་སྤེལ་རྒྱུར་གྲོས་བསྡུར་ཡག་པོ་བྱུང་ཡོད་པ་དང་། འདི་ལོ་ནི་བཀའ་ཤག་གིས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་ཞིག་ལ་སྲུང་གཙི་ཞུ་བཞིན་ཡོད་པ་ལྟར། བོད་ཕྱི་ནང་གཉིས་སུ་མི་རབས་རྒན་པ་རྫོགས་འགྲོ་བཞིན་ཡོད་པའི་སྐབས་འདིར། ཕྱི་རྒྱལ་དུ་གནས་སྡོད་བོད་པ་ཚོས་ཀྱང་༧གོང་ས་མཆོག་གི་བཀའ་དྲིན་དྲན་པའི་ཐོག་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་ལ་བདག་སྐྱོང་གནང་རྒྱུ་གལ་ཆེན་ཡིན་པ། ཁོང་མོ་ཡང་ཕྱི་རྒྱལ་དུ་འཚར་ལོངས་བྱུང་མཁན་ཞིག་ཡིན་པའི་ཆ་ནས། བོད་ཀྱི་རིག་གཞུང་གི་ཤེས་ཚད་དབྱིན་ཧྥ་སྐད་ཡིག་ལྟ་བུའི་ཚད་ལྡན་མེད་ཀྱང་། ཕ་མས་བཀའ་དྲིན་དང་སོ་སོའི་དོ་སྣང་འོག་བོད་སྐད་བཤད་རྒྱུར་དཀའ་ངལ་མེད་པའི་ཉམས་མྱོང་འོག ཕྱི་རྒྱལ་གནས་བཞུགས་བོད་མི་ཚོས་སོ་སོའི་ཕྲུ་གུ་དང་རིག་གཞུང་། ལྷག་པར་དུ་སྐད་ཡིག་བག་ཆགས་བཟང་པོ་ཞིག་འཇོག་རྒྱུར་ལས་འགན་ཡོད་པ། བོད་མིའི་སྒྲིག་འཛུགས་ངོས་ནས་ཕྱི་རྒྱལ་དུ་གནས་སྡོད་བོད་མིར་དམིགས་ཏེ། ད་ལོའི་ལོ་མཇུག་ནས་དྭང་བླང་དཔྱ་ཁྲལ་འབུལ་ཕྱོགས་གོ་སྐབས་དང་ལམ་ཁ་གསར་པ་ཞིག་བཟོས་ཡོད་སྟབས། བོད་མི་ཚོས་ངེས་པར་དུ་གནས་སྟངས་ཧ་གོ་བའི་ཐོག་དཔྱ་དངུལ་དུས་ཐོག་འབུལ་དགོས་པ་གལ་ཆེན་པོ་ཡིན་པ་དང་། དེ་བཞིན། ཧྥ་རན་སིར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༦༠ ལྷག་ཡོད་ཅིང་། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་དུས། དེང་ཕྱིན་བོད་རིགས་དང་བོད་པའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་རུབ་ཐོག་ལས་འགུལ་སྤེལ་ན་ནུས་པ་ཆེན་པོ་ཐོན་ཐུབ་པའི་དགེ་མཚན་ཆེན་པོ་ཡོད། ཆེས་སོགས་གསུངས་སོང་།

མཇུག་ཏུ་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨང་དྷི་སི་ལགས་དང་འབྲེལ་ཡོད་ས་གནས་མགོ་ཁྲིད་ཚོས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་། མ་འོངས་པར་བོད་དོན་ཐོག་བོད་མི་ཚོས་སྔར་ལས་ཤུགས་སྣོན་རྒྱག་དགོས་པའི་གཏམ་བཤད་བཅས་གནང་རྗེས། ཕ་རི་སིའི་ཐང་སྟོང་གླུ་གར་ཚོགས་པས་གཞས་སྣ་གཟིགས་འབུལ་བཅས་གནས་སོང་།

གནས་ཚུལ་མཁོ་གཏོང་བ། གཅན་ཚ་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༤ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese