མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པུ་ཊེན་རྒྱ་གར་ནང་སྐོར་སྐྱོད་བྱས།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་གར་ཨུ་རུ་སུའི་སྲིད་འཛིན་རྒྱ་གར་ནང་སྐོར་སྐྱོད་བྱས་ཏེ་རྒྱ་གར་དང་ཨ་སྒོར་ཐེར་འབུམ་ ༡༢༠ ལྷག་གི་ཚོང་དོན་དང་དམག་དོན་གྲོས་མཐུན་བཞག་ཡོད་འདུག

ཁ་སང་ཨུ་རུ་སུའི་སྲིད་འཛིན་པུ་ཊེན་རྒྱ་གར་དུ་ཡོང་སྟེ། དེ་རིང་རྒྱལ་ཁབ་གཉིས་བར་གྱི་མཉམ་འབྲེལ་ལྷན་ཚོགས་ཐེངས་ ༡༥ པའི་སྟེང་ཞུགས་ཡོད་ཅིང་། རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་མཉམ་དུ་ཨུ་རུ་སུས་རྒྱ་གར་ལ་སྦུགས་ལམ་བརྒྱུད་སོལ་རླངས་ཕྱིར་ཚོང་དང་། རྒྱ་གར་དང་ཨུ་རུ་སུས་བྱང་ཨན་ཌར་ཌི་ཀ་རྒྱ་མཚོ་ནས་སོལ་རླངས་དང་རྡོ་སྣུམ་སྔོག་འདོན། ཨུ་རུ་སུའི་ཐད་འཕུར་གནམ་གྲུའི་བཟོ་གྲྭ་དང་རྒྱ་གར་གྱི་གནམ་གྲུ་བཟོ་གྲྭའི་བར་མཉམ་ལས་བྱས་ནས་མ་འོངས་པར་རྒྱ་གར་ལ་ཐད་འཕུར་གནམ་གྲུ་ ༣༨༤ བཙོང་རྒྱུ། རྒྱ་གར་གཞུང་གིས་ཨུ་རུ་སུར་ཟས་རིགས་ཕྱིར་ཚོང་དང་། ཨུ་རུ་སུས་རྒྱ་གར་ལ་རོགས་རམ་བྱས་ཏེ་ཏ་མིལ་ཎཱ་ཌོ་སོགས་ས་ཁུལ་ཁག་ཅིག་ནང་རྡུལ་ཕྲན་གློག་ཤུགས་ས་ཚིགས་ ༢༠ ནས་ ༢༤ བར་རྒྱག་རྒྱུ། ཨུ་རུ་སུས་རྒྱ་གར་ནང་ཨུ་རུ་སུའི་ཚད་མཐོའི་དམག་རྒྱག་གནམ་གྲུ་ (Sukhoi superjet-100) དང་འགྲུལ་སྐྱེལ་གནམ་གྲུ་ (MS-21) རྟགས་ཅན་བཙོང་རྒྱུ། རྒྱ་གར་གཞུང་དང་ཨུ་རུ་སུ་མཉམ་ལས་བྱས་ནས་ཡུ་རའེ་ཤི་ཡའི་མཁའ་ལམ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཨེ་ཤ་ཡ་དང་ཡུ་རོབ་བར་གྱི་འབྲེལ་ལམ་གོང་མཐོར་གཏོང་རྒྱུ་དང་། ཨུ་རུ་སུས་རྒྱ་གར་ནང་རྡོ་རྗེ་ཕ་ལམ་ཕྱིར་ཚོང་བྱ་རྒྱུ་བཅས་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༡༢༠ ཡི་དམག་དོན་དང་ཚོང་དོན་གྲོས་མཐུན་ཁག་ ༢༠ ཙམ་བཞག་ཡོད་འདུག

འདིའི་ཐད་རྒྱ་གར་སྲིད་བློན་གྱིས་སྤྱི་ཚོགས་དྲ་གནས་ཌོའུ་ཌར་སྟེང་། “ད་རེབ་ཨུ་རུ་སུའི་སྲིད་འཛིན་པུ་ཊེན་རྒྱ་གར་ནང་རྒྱལ་དོན་སྐོར་སྐྱོད་བྱས་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཚད་གཞི་གསར་པ་ཞིག་ཏུ་སླེབ་པ་མཚོན་སྟབས། འབྲེལ་ལམ་འདི་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྔར་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་དུམ་བུ་ ༡༡ མ་ཤོར་གོང་གི་འབྲེལ་ལམ་ལྟར་ཆགས་རྒྱུའི་རེ་བ་འཆང་གི་ཡོད།”ཅེས་བརྗོད་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཊེན་གྱིས། “ང་ཚོས་རྒྱ་གར་དང་ཚོང་དོན་དང་དམག་དོན་འབྲེལ་ལམ་གོང་འཕེལ་བཏང་སྟེ། མ་འོངས་པར་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་མ་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་པར་གདོང་ལེན་དང་། ཨུ་རུ་སུ་ཉེས་ཆད་དེ་ལ་ཞེད་ཀྱིན་མེད་པ་ར་སྤྲོད་བྱེད་རྒྱུ་ཡིན།”ཞེས་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨུ་རུ་སུའི་གཞུང་ཚབ་ཨེ་ལེག་ཛིན་ཌར་ (Alexander Kadakin) གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཊེན་རྒྱ་གར་ལ་སྐོར་སྐྱོད་མ་བྱས་སྔོན་དུ་རོའུ་ཌར་གསར་ཁང་དུ། “བུད་མེད་ཕྱུག་པོ་ཞིག་ལ་མག་པ་ཡག་པོ་ཞིག་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་ཀྱང་གཉེན་སྒྲིག་བྱས་རྗེས་གཅིག་གིས་གཅིག་ལ་མགོ་སྐོར་གཏང་ན་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་ལྟར། ད་རེབ་རྒྱལ་ཁབ་གཉིས་པོས་འབྲེལ་ལམ་འདི་བརྒྱུད་ཕན་ཚུན་བསམ་ཤེས་མ་བྱས་ཚེ། མ་འོངས་པར་དཀའ་ངལ་འཕྲད་སྲིད་པ་རེད།”ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ནས་བཟུང་ཉིན་གསུམ་རིང་བྷར་ཛལ་གྲོང་ཁྱེར་ཧྥོར་ཌ་ལེ་ཛ་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ཚོགས་འདུའི་སྐབས། རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊེན་རྣམ་གཉིས་ཐུག་སྟེ། རྒྱལ་ཁབ་གཉིས་བར་གྱི་དམག་དོན་དང་ཚོང་དོན། རྡུལ་ཕྲན་གློག་ཤུགས་འཕེལ་རྒྱས་དང་མཁའ་སྐྱོད་ཚན་རྩལ་འཕེལ་རྒྱས་བཅས་ཀྱི་ཐོག་གྲོས་མོལ་བྱས་ཤིང་། ཟླ་ ༤ པའི་ནང་རྒྱལ་ཁབ་གཉིས་བར་རྒྱ་གར་གྱི་ཀཱོ་ཌན་ཀུ་ལམ་ནང་རྡུལ་ཕྲན་གློག་ཤུགས་བརྒྱུད་གཏོང་ས་ཚིགས་ཀྱི་ཚན་ཁག་ ༣ དང་ ༤ འཛུགས་ཕྱོགས་གྲོས་མཐུན་ཐོག་མཉམ་ལས་བྱེད་ཕྱོགས་ལ་གྲོས་མོལ་བྱས་ཡོད།

༢༠༠༨ ལོ་ནས་བཟུང་རྒྱ་གར་དང་ཨུ་སུ་སུའི་བར་ཚོང་དོན་དང་དམག་དོན་མཉམ་ལས་འབྲེལ་བ་ཇེ་ལེགས་སུ་སོང་ཡོད།

༢༠༠༩ ལོར་རྒྱ་གར་དང་ཨུ་རུ་སུ་བར་ཨ་སྒོར་ཐེར་འབུམ་ ༤།༤༦ དང་། 

༢༠༡༠ ལོར་ཨ་སྒོར་ཐེར་འབུམ་ ༦།༥༣།

༢༠༡༡ ལོར་ཨ་སྒོར་ཐེར་འབུམ་ ༧།༢༧།

༢༠༡༢ ལོར་ཨ་སྒོར་ཐེར་འབུམ་ ༨།།༤༧།

༢༠༡༣ ལོར་ཨ་སྒོར་ཐེར་འབུམ་ ༡༠།༩༤ བཅས་བྱས་ཡོད།

ཉེ་ལམ་ཨུ་རུ་སུ་དང་རྒྱ་ནག་བར་འབྲེལ་ལམ་ཡག་ཏུ་ཕྱིན་ཏེ། ལོ་རེར་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༩༠ ལྷག་གི་ཚོང་འབྲེལ་བྱེད་ཀྱི་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨུ་རུ་སུའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་ཐུག་ནས་མ་འོངས་པའི་ལོ་ ༣༠ ནང་ཚུད་དུ་ཡུལ་གྲུ་གཉིས་བར་ཨ་སྒོར་ཐེར་འབུམ་ ༤༠༠ ཡི་རྡོ་སྣུམ་དང་སོལ་རླངས་ཚོང་འབྲེལ་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་སྟབས། རྒྱ་གར་གྱི་སྲིད་དོན་དབྱེ་ཞིབ་པ་སྐོར་ཞིག་གིས་ཨུ་རུ་སུར་ཡིད་ཆེས་མེད་ཚུལ་རྗོད་འདུག  

ཟླ་འདིའི་ཚེས་ ༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་རེ་ཧྥབ་ (Marie Harf) ཀྱིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ཞིག་གི་ནང་། ཨུ་རུ་སུའི་སྲིད་འཛིན་པུ་ཊེན་མཆོག་རྒྱ་གར་ནང་སྐོར་སྐྱོད་བྱ་འཆར་ཡོད་པ་དེས། ༢༠༡༥ ལོའི་ཟླ་ ༡ ཚེས་ ༢༦ ཉིན་གྱི་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་བྱས་པའི་དུས་སྟོན་ཉིན་མོར། སྲིད་འཛིན་ཨོ་བྷ་མ་དུས་སྟོན་གྱི་སྐུ་མགྲོན་གཙོ་བོར་ཕེབས་རྒྱུའི་ལས་འཆར་ལ་དོ་ཕོག་འགྲོ་མི་སྲིད་ཀྱང་། སྲིད་འཛིན་མུ་ཊེན་རྒྱ་གར་ནང་སྐོར་སྐྱོད་བྱས་རྗེས། རྒྱ་གར་དང་ཨུ་རུ་སུའི་བར་ཚོང་དོན་མཉམ་ལས་གྲོས་མཐུན་ག་རེ་འཇོག་མིན་ལ་གཞིགས་ཏེ། མ་འོངས་པར་ཨུ་རུ་སུ་དང་ཨ་རི་གཉིས་མཉམ་ལས་བྱེད་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཨུ་རུ་སའི་གནད་དོན་ཆེད་མཁས་པ་ཎཱན་ཌན་ (Nandan Unnikrishnan) གྱིས་རྒྱ་གར་དུས་བབ་ཐོག་བརྗོད་དོན། ད་ལྟ་ཨུ་རུ་སུས་རྒྱ་གར་གྱི་ཕྱི་སྲིད་འབྲེལ་ལམ་ལ་དབང་སྒྱུར་བྱེད་ཐབས་མེད་ཀྱང་། ཉེ་ལམ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་འཕེལ་རྒྱས་ཕྱིན་ཏེ་ཕན་ཚུན་བསམ་ཤེས་བྱེད་བཞིན་ཡོད་སྟབས། རྒྱལ་ཁབ་གཉིས་བར་ཐུན་མོང་དགྲ་བོ་རེ་ཡོད་ཀྱང་མ་འོངས་པར་ཉ་དང་ཉ་ཕྲུག་བཞིན་མཛའ་བརྩེའི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུ་ཡིན། ཞེས་བརྗོད་འདུག

རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཟུར་པ་ཕུན་ཆོག་(Phunchok Stobdan) གིས་རྒྱ་གར་བང་ཆེན་ཐོག་བརྗོད་དོན། ད་རེབ་ཨུ་རུ་སུའི་སྲིད་འཛིན་ཡུག་རེན་གནད་དོན་རྐྱེན་པས་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་གནོན་ཤུགས་དང་དཔལ་འབྱོར་ཉེས་ཆད་གཏོང་གི་ཡོད་སྟབས། རྒྱ་གར་ལ་འབྲེལ་བ་འཛུགས་ཀྱི་ཡོད་སྟབས། རྒྱ་གར་གཞུང་གིས་གོ་སྐབས་དམ་འཛིན་བྱས་ཏེ་ཨུ་རུ་སུ་དང་ཚོང་དོན་དང་དམག་དོན་གྱི་མཉམ་ལས་གྲོས་མཐུན་གང་མང་འཇོག་ཐུབ་དགོས། ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese