ཁ་སང་སུད་སིར་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་སྟག་ཚང་དཀོན་ཅོག བཀྲ་བསྟན་ཚང་པ་སངས་ནང་མི་གསུམ་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༣༠ བ་དེ་སྤེལ་ཡོད་འདུག
ལས་འགུལ་འདི་ཉིད་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་ཚོགས་ལས་ཁུངས་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་བཅས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་སྐུ་པར་འགྲེམ་སྟོན། ཁོང་རྣམས་ཀྱི་སྐུ་ལུས་མེར་བསྲེགས་གནང་དགོས་པའི་རྒྱབ་ལྗོངས་གནས་ཚུལ་དང་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག དེ་བཞིན། རང་ལུས་མེར་བསྲེགས་ཐད་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པ་བཅས་ཀྱི་ཡིག་ཆ། ༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ་སོགས་རྒྱ་ཡིག་དང་། དབྱིན་ཡིག འཇར་མན་ཡི་གེ་བཅས་ཀྱི་ནང་བསྒྱུར་ཏེ། ཕྱི་རྒྱལ་མི་རིགས་དང་རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱས་འདུག
ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སྔ་མའི་གསར་གནས་ཁག་ཏུ་འཁོད་ཟིན་པའི་དགོས་འདུན་དོན་ཚན་དྲུག་གི་དགོས་འདུན་སྙན་ཞུ་གཏོང་བཞིན་པའི་ལས་འགུལ་ཞིག་ཡིན་འདུག
ལས་འགུལ་འདི་ཐོག་མ་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༡༠ ནས་དབུ་འཛུགས་ཀྱིས་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་ཞིག་ཡིན་ཞིང་། ཉེ་ཆར་བཀྲ་བསྟན་ཚང་པ་སངས་ལགས་མཉམ་ཞུགས་གནང་བ་ནས་བཟུང་མི་གསུམ་གྱི་ལས་འགུལ་ཞིག་ཆགས་ཡོད།
ཐེངས་འདིའི་ལས་འགུལ་ནང་ཁྱིམ་ཚང་གསུམ་གྱི་ནང་མི་མ་ཡིན་པའི་གདུང་སེམས་མཉམ་སྐྱེད་ཆེད་སུད་སིའི་བུད་མེད་ཅིག་ཀྱང་མཉམ་ཞུགས་གནང་ཡོད་འདུག་ལ། ཉིན་འདིར་ལས་འགུལ་བ་རྣམས་ཀྱིས་བོད་གནས་སྐོར་གྱི་ཡིག་ཆ་གྲངས་ ༥༠༠ ལྷག་ཕྱི་རྒྱལ་མི་རིགས་རྣམས་ལ་འགྲེམ་སྤེལ་གནང་ཡོད་པ་མ་ཟད་། རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རད་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སོགས་འགྲེམ་སྤེལ་གནང་ཡོད་འདུག
གནས་ཚུལ་གཏོང་མཁན་ཕུན་ཚོགས།
官司或上诉་་་འདི་ཚབ་རོགས ཐུགས་རྗེ་ཆེ།
བཙན་བྱོལ་གཞུང་སྒེར་ཚང་མས། བོད་དོན་ཞུ་གཏུགས་ལས་འགུལ་ཟེར་རྒྱུའི ” ཞུ་གཏུགས ” ཟེར་བ་འདི་ནོར་བ་ཁོ་ན་རེད། འདི་ཞུ་གཏུགས་མ་རེད། ” ཞུ་འབོད”
རེད། ཞུ་གཏུགས་ལབ་ན་རྒྱ་སྐད་ལ 官司 ཟེར་བའི་དོད་རེད། གྱོད་གཞི་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ཟེར་བ་ལྟ་བུར་གོ་དགོས་པས། བོད་དོན་གཞུང་དང་ཚོགས་པ་ག་གེ་མོར་ཞུ་གཏུགས་བྱེད་ཀྱི་ཡོད་པ་མ་རེད། བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་བ་འཐེན་རྒྱུ་དང་འབོད་སྐུལ་བྱེད་རྒྱུ་ཡིན་དུས། དེས་ན་བོད་དོན་ཞུ་འབོད་ལས་འགུལ་ཡིན་དགོས།
༄༅།། དེ་ལྟར་མི་ཚང་སྒེར་གྱི་ངོ་ནས་བྱས་པ་ནི་སྤྱི་ཚོགས་ཁྲོད་མིག་དཔེ་བལྟ་འོས་པ་ཞིག་རེད་
༄༅།། དེ་ལྟར་མི་ཚང་སྒེར་གྱི་ངོ་ནས་བྱས་པ་ནི་སྤྱི་ཚོགས་ཁྲོད་མིག་དཔེ་བལྟ་འོས་པ་ཞིག་རེད་