མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་གི་སེམས་ལ་རྨ་ཁ་མ་བཟོ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

སུད་སིའི་ནང་བོད་ཀྱི་ཚོགས་སྡེ་ཁག་གི་མཛད་གཙོ་རྣམ་པ་གདན་ཞུའི་ཐོག་དོལ་རྒྱལ་རྗེས་འབྲང་བ་དང་༧གོང་ས་མཆོག་གི་སྐུ་ཕྱྭ་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་ཡོད་འདུག  

འཆར་ལོའི་ཟླ་གཉིས་པའི་ནང་༧གོང་ས་མཆོག་སུད་སིར་ཆིབས་སྒྱུར་སྐྱོང་འཆར་ཡོད་པ་དང་བསྟུན་ཏེ། ཡུ་རོབ་སུད་སིའི་ཕྱི་ཚེས་ ༦ ཉིན། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སུད་སི་ས་གནས་ཨོར་ལེ་ཁོན་དུ། དོལ་ཚོགས་ཀྱི་བྱ་སྤྱོད་དང་སྐུའི་སྲུང་སྐྱོབ་སྐོར་ཞེས་པའི་བརྗོད་གཞིའི་ཐོག རི་ཁོན་མཁན་རིན་པོ་ཆེ་མཆོག་དང་ཡུ་རོབ་སྤྱི་འཐུས་བཀྲེས་མཐོང་དབང་པོ་ལགས། བོད་རིགས་མི་མང་གི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་དང་། སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་གཙོས་པའི་སྤྱི་ཟུར་རྣམ། སུད་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་དང་། ཆོལ་ཀ་གསུམ་གྱི་ཚོགས་གཙོ་རྣམ་པ། འཛམ་གླིང་བོད་མིའི་བདེན་དོན་དང་བླངས་ལས་འགུལ་ཁང་གི་སྐུ་ཚབ་བཅས་ཆེད་དུ་གདན་ཞུ་དང་། གཞན་མི་མང་མཉམ་ཞུགས་ཐོག་གོང་འཁོད་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་འདུག

བགྲོ་གླེང་ཐོག་དོལ་ཚོགས་ཀྱི་ད་ལྟའི་བྱ་སྤྱོད་ཀྱིས་བོད་པའི་འཐབ་རྩོད་དང་ཆིག་སྒྲིལ། ༧གོང་ས་མཆོག་གི་སྐུ་ཕྱྭ་བཅས་ལ་ཉེན་ཁ་བཟོ་བཞིན་པའི་ཐད་ངོས་འཛིན་གདོང་ལེན་ཇི་ལྟར་དགོས་མིན་ཐད་དགོངས་ཚུལ་སྣ་ཚོགས་བརྗོད་འདུག་ཅིང་། དོལ་ཚོགས་ཀྱིས་བྱ་སྤྱོད་འདིས་བོད་མི་རིགས་ཀྱི་རྩ་དོན་ལ་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ཁོ་ཚོས་ཆོས་དད་རང་དབང་ལ་ཁ་གཡར་ནས་རྒྱ་གཞུང་གི་བྱེད་བབ་ལས་སྡུག་པའི་བོད་པའི་ཆོས་དང་རིག་གཞུང་། ཆོལ་གསུམ་མཐུན་སྒྲིལ། བོད་མིའི་རྩ་དོན་བཅས་ལ་གནོད་པ་སྐྱེལ་བཞིན་པ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་མི་མང་གི་སེམས་ལ་རྨ་ཁ་ཚད་མེད་བཟོ་བཞིན་ཡོད་སྟབས། དོལ་ཚོགས་ཀྱིས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་ཀྱི་ལས་འགུལ་གང་མགྱོགས་མཚམས་འཇོག་དགོས་སྐོར་མི་མང་ཚོས་བསམ་ཚུལ་ཤུགས་ཆེན་པོ་བྱུང་ཡོད་འདུག

གཞན། འཆར་ལོའི་ནང་༧གོང་ས་མཆོག་སུད་སིར་ཆིབས་སྒྱུར་སྐབས་དོལ་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་རྩོམ་འཆར་ལ་ང་ཚོས་གདོང་ལེན་ཇི་ལྟར་དགོས་མིན་དང་། སུད་སི་མི་མང་སྒེར་སོ་སོའི་སྟེང་ནས་འགན་ལེན་ཇི་ལྟར་གནང་ཕྱོགས་བཅས་ཀྱི་ཐད་སྒུ་མགྲོན་དང་མི་མང་རྣམས་ཀྱིས་བསམ་ཚུལ་ལྷུག་བརྗོད་གནང་ཡོད་འདུག

མཇུག་ཏུ་བཙན་བྱོལ་ནང་བཞུགས་པའི་བོད་པ་ཚོས་ནམ་རྒྱུན་སྐད་འབོད་ཙམ་དང་། ཁྲོམ་སྐོར་ལས་འགུལ་ཙམ་ཁོ་ན་མ་ཡིན་པར་ལག་ལེན་ལ་འཁྱོལ་ཐུབ་ཅིང་དོན་ཕན་ལྡན་པའི་ལས་འགུལ་གཞན་ཇི་ཞིག་སྤེལ་དགོས་མིན་ཐད་སྐུ་མགྲོན་དང་མི་མང་ཚོའི་བར་བསམ་ཚུལ་བརྗེ་རེས་བྱུང་ཡོད་འདུག

ཙ་ཡུས་ཕུན་ཚོགས་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༢༡ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༢༣ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༢༤ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

མཆན། 4

  1. ཀརྨ་ཕུན་ཚོགས། says:
    ལོ་ 11 སྔོན།

    བོད་ཀྱི་མི་རབས་གསར་བའི་ཕྱག་ལས་འདི་ལ་བསྟོད་བསྔགས་ཡོད། ཁྱེད་ཅག་གིས་ཚོགས་པའི་ཧ་ཅང་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་རླབས་ཆེན་པོ་མང་པོ་ཞིག་བསྒྲུབ་སོང་། ལྷག་པར་དུ་རྟ་སེར་ཚུལ་ཁྲིམས་སོགས་རྒྱ་ནག་གི་རྒྱུག་ཁྱི་དང་བཙན་བྱོལ་བོད་མིའི་གསང་མྱུལ་བ་རྒྱལ་ཚོང་བ་དེ་དག་ཐེར་འདོན་གནང་སྟེ་བོད་ཕྱི་ནང་གཉིས་ལ་གསལ་བསྒྲགས་སྤེལ་ཏེ་ཁྱི་རྔ་ཕྱི་ལ་གཡུག་པར་བྱས་རྗེས་བླ་མེད་བཞག་ཡོད།

    Reply
  2. མི་ཆུང་། says:
    ལོ་ 11 སྔོན།

    ལས་འབྲས་ལ་རྨོངས་པའི་དོལ་ཕྲུག་འདི་ཚོ་ངོ་མ་སྙིང་རྗེ་བའི་རྒྱུ་རེད། ཁོ་ཚོས་འཛམ་གླིང་མི་དམངས་དང་བོད་མི་ས་ཡ་དྲུག་ལ་ངོ་རྒོལ་བྱེད་ཀྱི་ཡོད། གནས་ཚུལ་འདི་ང་ཚོ་བོད་ཀྱི་མི་རབས་གསར་པ་རྣམས་ཀྱི་ངོ་གདོང་གི་དུད་དྲེག་དང་མཚུངས་པས། ཁོང་ཚོར་ལམ་ཁ་ཞིག་ཡེ་ནས་མེད། གལ་ཏེ་ཡོད་དབང་དུ་བཏང་རུང་། དེ་ནི་རྒྱ་དམར་གྱི་པང་དུ་ཡིན་ངེས།

    Reply
  3. གངས་ཕྲུག says:
    ལོ་ 11 སྔོན།

    དོལ་རྒྱལ་གྱི་རྗེས་འབྲང་པ་ཚོ། ངས་ང་རང་སྒེར་དང་གཞིས་ལུས་མི་མང་གི་མགྲིན་ཚབ་ཞུས་ཏེ་ཁྱེད་རྣམ་པར་ཞུ་རྒྱུ་ནི་དགྲ་དགའ་གཉེན་སྡུག་གི་ལས་ངན་དེ་འདྲ་རྩ་བ་ནས་མ་གནང་རོགས། ༸གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་དེས་ཁྱེད་རང་ཚོར་འདི་ཕྱི་གཉིས་ཀར་ཕན་ཐོགས་ཏིལ་འབྲུ་ཙམ་མི་འདུག་ལ། བོད་སྤྱི་པའི་དོན་དག་ལ་ཡང་ཕན་པ་ལས་གནོད་ཆེ་བ་འདུག་པས་དེ་དོན་ཁྱེད་ཚོའི་མགོ་གཙོ་དང་རྗེ་འབྲང་པ་ཚོས་མནོ་བསམ་ཞིབ་མོ་ཞིག་བཞེས་ཏེ་ལས་ངན་དེ་དག་མཚམས་འཇོག་གནང་རོགས་ཞུ་ཡིན།
    ད་ལྟ་དུས་འདིར། ཕོ་བཟོ་འདོན་པའི་དུས་མ་ཡིན་པར་སྙིང་རུས་འདོན་པའི་དུས་ཤིག་པ་མཁྱེན་པ་རོགས།

    Reply
  4. བདེ་རྒྱལ། says:
    ལོ་ 11 སྔོན།

    དོལ་ཚོགས་རྒྱ་གཞུང་དང་འབྲེལ་ཡོད་པ་དང་། དོལ་ཚོགས་ཀྱིས་དོལ་རྒྱལ་ཁ་ལ་འཁྱེར་ནས་བོད་མིའི་ནང་ཁུལ་དཀྲིགས་པ། ༸གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་བཟོ་བཞིན་པའི་གནས་ཚུལ་ཁུངས་ལྡན་སིད་དབུས་གཞུང་དང་། གྲོས་ཚོགས། ཉེན་རྟོག་སྡེ་ཁག གསང་བའི་ལས་ཁུངས་བཅས་ལ་ད་ལྟ་ནས་སྙན་གསང་ཡང་ཡང་ཕུལ་པ་དང་། དེ་ཁུལ་གྱི་བོད་མི་མི་རེས་ངོ་ངོ་རེས་ནས་ད་ལྟ་ནས་དོག་ཟོན་དང་བྱ་ར་རིམ་པར་བྱས་ནས་སྡོད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese