མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭཊ་མི་མང་གིས་ཞི་རྒོལ་བྱས།༼པར༽

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༨ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་རུ། ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག ལ་དྭགས་དགོན་པ་ཚོགས་པ་དང་སླེ་ཡི་ཤུ་ཚོགས་པ་སོགས་ཀྱིས་སྣེ་ཁྲིད་དེ། མི་མང་བརྒྱ་ཕྲག་མང་པོས་བྷོ་ཊི་སྐད་ཡིག་ནི་ང་ཚོའི་ངོ་རྟགས་ཡིན་པས། ལ་དྭགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་གིས་དུས་ཡུན་རིང་པོ་ནས་བྷོ་ཊིའི་སྐད་ཡིག་རྒྱ་གར་གཞུང་གི་རྩ་ཁྲིམས་ལེའུ་བརྒྱད་པའི་ནང་བཅུག་པའི་དགོས་འདུན་བཏོན་ཡོད་ཀྱང་། ཅིའི་ཕྱིར་ད་ལྟའི་བར་མ་ཚུད་པ་རེད་ཅེས་པ་སོགས་ཀྱི་འཕྲེད་དར་བཟུང་སྟེ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

 

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

མཆན། 7

  1. ཤོག་ཁྲ་མ་ says:
    ལོ་ 11 སྔོན།

    དེ་ཙམ་མིན་པར་སྐད་ཡིག་འདིའི་ཐོག་སྦྱང་པ་ཆུབ་པའི་མཁས་དབང་ཁག་ཚང་མས་ཆེ་མཐོང་ཐོབ་པ་དང་། གཞུང་ནས་དཔེ་དེབ་ལྗགས་རྩོམ་གནང་བ་ཁག་ལ་མཐུན་རོགས་དང་། ས་ཡིཏྱ་པ་རས་ཀར་སོགས་ཀྱི་བྱ་དགའ་སོགས་ཐོབ་པ། མཐོ་སློབ་ཁག་ནང་བོད་ཡིག་སློབ་ཚན་ཡོད་པ། དགེ་བཤེས་རྣམ་པར་གོ་གནས་འབུམ་རམ་པ་ད་ལྟ་ལས་ལྷག་ག་ལ་སོགས་ཀྱི་ཁེ་ཕན་བསམ་ལས་འདས། བདག་ཅག་གི་སངས་རྒྱས་ལ་སྤྲིངས་པ།
    སངས་རྒྱས་ཁྱེད་ཉིད་ཀྱི་འཕགས་ཡུལ།
    སངས་རྒྱས་ཁྱེད་ཉིད་ཀྱི་མཛད་འཕྲིན་བསྐྱངས་ས།
    སངས་རྒྱས་ཁྱེད་ཉིད་ཀྱི་དམ་ཆོས་ཀྱི་བདུད་རྩི་ལོ་མང་པོར་རྩ་སྟོངས་སུ་འགྲོ་རུ་མ་བཅུག་པར་བདག་གཅེས་སྲུང་སྐྱོབ་བྱས་པའི་བྷོ་ཊིའམ་བོད་སྐད་འདི་ལ་སངས་རྒྱས་རང་ཉིད་ཀྱི་ས་གནས་འཕགས་ཡུལ་ལ་ངོས་ལེན་མེད་པར་བདག་མེད་དུ་སྐྱུར་འཇོག་བྱས་པ་ནི། ཉེ་དགའ་ཕྱོགས་ཞེན་གྱི་ལྟ་སྤྱོད་འཛིན་པ་མཚོན་ནམ་ཅི་ཡིན་ཤེས་པར་དཀའ། སྐད་ཡིག་འདི་སྨྲ་སའི་ས་ཁུལ་རྒྱ་གར་གྱི་ཆར་གཏོགས་བསྙོན་དུ་མེད་པ་རྩི་ཡི་ཡོད་ན་སྐད་ཡིག་འདི་སྨྲ་མཁན་ལ་དྭགས་པ་དང་། འབྲས་མོ་ལྗོངས་པ། རྡོར་གླིང་པ། ཀ་སྦུག་པ། གར་ཤ་པ། ལ་སོགས་པ་ཡང་རྒྱ་གར་གྱི་མི་སེར་ཡིན་པར་ངོས་ལེན་ཡོད་པ་ཡིན་ནས་ས་ཁུལ་འདི་དག་གི་མི་སེར་གྱིས་རྒྱབ་པའི་སྐད་ལ་ངོས་ལེན་མ་བྱེད་པ་གང་ལགས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཧི་མ་ལའི་བོད་རིགས་ནང་པ་ཚོས་དོན་ཚན་འདི། སྒྲུབ་ཐུབ་པ་ཡིན་ན། རྒྱ་གར་གྱི་དངུལ་ལོར་ཡོད་ཚད་ཐོག་ལ་བོད་ཡིག་འབྲི་འགོ་ཚུགས་པ་རེད། འདི་ཆོས་སྲིད་གང་གི་ཆ་ནས་ཀྱང་དོན་དག་ཆུང་ཆུང་ཅིག་མ་རེད་དོ།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ལ་དྭགས་པས་གླེ་རུ་བྷོ་ཊིའམ། བོད་ཀྱི་སྐད་ཡིག་ཐོག་རང་ཡོད་ཐོབ་ཐང་རྩོད་པ་ནི། བསྟན་འགྲོའི་ཞབས་འདེགས་ཅིག་ཀྱང་སྒྲུབ་བཞིན་ཡོད་པས། མུ་མཐུད་ནས་ཡིན་གདའ་བོད་རིགས་ནང་པ་ཚོ།། །།

    Reply
  4. ཤོག་ཁྲ་མ་ says:
    ལོ་ 11 སྔོན།

    ཐོག་མར་དུས་བབ་ཀྱི་འགོ་བརྗོད་བཀོད་སྟངས་དེ་ལས་གཞན་པ་དཔེར་ན། བྷོ་ཊི་སྐད་ཡིག་ལ་རྒྱ་གར་གཞུང་ནས་ངོས་ལེན། ཡང་ན། བྷོ་ཊི་སྐད་ཡིག་ཐོག་ལ་ཞི་རྒོལ། ལ་སོགས་བཀོད་ཡོད་ན་ཀློག་པ་པོའི་ཡིད་འཕྲོག་པོ་ཡོང་ང་།
    སྐད་ཡིག་གང་ཞིག་མིང་ཇི་འདྲ་འདོགས་ཀྱང་རུང་། གལ་ཏེ་ཡུལ་གང་རུང་གི་ནང་ལ་སྐད་ཡིག་དེ་བེད་སྤྱོད་བྱེད་མཁན་ཡོད་ཡོད་ཚེ་ཡུལ་དེ་རང་གི་སྲིད་གཞུང་ནས་ངོས་ལེན་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། དེ་མིན་སྐད་ཡིག་དེ་ལ་གཞུང་ཕྱོགས་ནས་ངོས་ལེན་མེད་ན། གཞུང་གི་ལས་ཀ་ག་འདྲ་ཞིག་འཚོལ་ཡང་གཞུང་གི་ངོས་ལེན་ཡོད་པའི་ཡུལ་གྱི་སྐད་ཡིག་གང་རུང་ཤེས་དགོས་དུས། ངོས་ལེན་མེད་པའི་སྐད་ཡིག་དེར་སྐྱེ་བོ་བསམ་ཤེས་མཁན་ཁ་ཤས་མ་གཏོགས་གཞན་རང་ཤུགས་ཀྱིས་དོ་སྣང་ཆུང་བ་མ་ཟད་སྣང་ཆུང་དུ་བརྩི་བའི་ཉེན་ཁ་ཡོང་དང་ཡོང་བཞིན་པ་ཡིན། དེ་འདྲ་ཡིན་དུས་སྐད་ཡིག་དེ་བེད་མེད་དུ་སྐྱུར་བའི་ཉེན་ཁ་ཡོད། སྐད་ཡིག་བརླགས་ན་བྱེ་མ་ཆུ་ནང་ལ་ཐིམ་པ་ལྟར་སྐད་ཡིག་དེ་བེད་སྤྱོད་པའི་མི་རིགས་དང་། མི་རིགས་དེའི་རིག་གཞུང་གོམས་གཤིས་ལྟ་སྤྱོད་བཟང་པོ་སོགས་རིམ་པས་རྨེག་མེད་འབུར་འཇོམ་དུ་འགྲོ་ཉེན་ཡོད་པས། དེའི་སྟེང་བྷོ་ཊི་ཡང་ན་བོད་ཡིག་འདིར་ནང་དོན་རིག་པ་རྩ་ཆེན་དང་། བཟོ་གསོ་བ་རྩིས་དང་། ཟློས་གར་སོགས་ཀྱི་གཞུང་ཆེན་རྒྱ་མཚོའི་གཏིང་མཐའ་དཔོག་མི་ནུས་པ་ཡོད་དུས་འདི་ཚོའི་རོ་བཅུད་མྱོང་མི་ཐུབ་པར་རིགས་བརྒྱུད་སྟོངས་ན་ཨ་ཁ་ཁ། སྤྱིར་བཏང་ན་བལ་ཡུལ་ནང་གི་བལ་སྐད་ནེ་པ་ལི་ཞེས་པ་འདི་ནེ་པལ་ཙམ་མིན་པར་རྒྱ་གར་ལའང་རྩ་ཁྲིམས་ལེའུ་༨ པའི་ནང་ལ་བཅུག་ཡོད་དུ་བོད་ཡིག་ཡང་ན་བྷོ་ཊི་འདི་འཇུག་མི་ནས་པ་ཅི་ཡིན། སྐད་ཡིག་འདིས་རྒྱ་གར་གྱི་རིག་ནས་མང་པོ་ལོ་མང་པོར་ཉར་ཚགས་དང་གཅེས་སྲུང་བྱས་ཡོད། ནང་པའི་བསྟན་བཅོས་ཙམ་མིན་པར་ཐ་ན་བྷ་གྷ་ཝཏ་གྷི་ཏ་སོགས་ཀྱང་སྐད་ཡིག་འདིའི་ནང་ལ་བསྒྱུར་ཡོད། རྒྱ་གར་མི་རིགས་རང་གིས་སྐད་ཡིག་འདི་བསླབས་ནས་རང་རང་གི་འཚོ་བ་སྐྱེལ་མཁན་མང་པོ་ཡོད།

    Reply
  5. ལྷ་་སྤྱན་གསུམ་པ says:
    ལོ་ 11 སྔོན།

    ཡ་རབ་དང་དད་འདུན་མ་ཡལ་བའི་ལ་དྭགས་མི་མང་གིས་ནོར་ངོ་ཤེས་ནས་མང་པོ་སོང་མི་འདུག་ཀྱང་། ཡར་འཕེལ་ཡག་པོ་བྱུང་གིན་འདུག དེ་འདྲ་དགོས་རེད་ཡ། ཨ་མའི་བུ་ཚོ། རུས་པ་ཅན་ཚོ།

    Reply
  6. མི་ཆུང་། says:
    ལོ་ 11 སྔོན།

    ཕན་ཐོག་ལོས་ཡོད། གཉིས་ནས་རྒྱ་ནག་གི་རྩ་ཁྲིམས་ནང་བཞག་པ་དེས། ཧི་མ་ལའི་རི་རྒྱུད་པ་ཚོའི་གོ་ཆོད་ཀྱི་མེད།
    ལས་འགུལ་དེ་ཚོ་ཧ་ཅང་གིས་བཟང་གི། རྒྱབ་སྐྱོར་ཡོད།

    Reply
  7. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    བོད་ཡིག་རྒྱ་གར་གཞུང་གི་རྩ་ཁྲིམས་ལེའུ་བརྒྱད་པའི་ནང་ཅུག་རུང་ཕན་ཐོག་
    ནུས་པ་གང་ཡང་མེད་རྒྱ་ནག་གིས་སྔ་ས་ནས་བོད་ཡིག་
    རྩ་ཁྲིམས་ལེའུ་ནང་བཞག་ཟིན་པ་་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese