མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྐོག་ཟ་རུལ་སུངས་ད་ལྟ་འཛམ་གླིང་ཐོག་སྐྲན་ནད་ལྟར་གང་སར་ཁྱབ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་གྷེང་ལོར་ཏུམ་ཀོར་གཙུག་ལག་སློབ་གྲྭའི་བགྲོ་གླེང་དབུ་འབྱེད་དུ་ཕེབས་ཏེ། རྒྱ་གར་ནང་ལོ་སུམ་སྟོང་གོང་ནས་དར་བའི་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་དེས། ཆོས་ལུགས་ཚང་མར་གུས་བརྩི་ཞུ་བ་མ་ཟད། ཆོས་ཁས་མི་ལེན་མཁན་ཚོ་ལའང་གུས་འདུད་ཞུ་སྲོལ་ཡོད་སྟབས། དེང་གི་སྤྱི་ཚོགས་དང་ཧ་ཅང་འཚམ་པོ་ཆགས་ཡོད་ཅེས་གསུངས།

ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠ ཡོལ་ཙམ་ལ་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནས་རྒྱང་ཐག་ཀི་ལོ་མི་ཌར་ ༧༠ ཙམ་གྱི་སར་རྟེན་གཞི་བྱས་པའི་ཏུམ་ཀོར་གཙུག་ལག་སློབ་གཉེར་ཁང་དུ། གཙུག་ལག་སློབ་ཁང་དང་སེར་བྱེས་མཁས་སྙན་གྲྭ་ཚང་ཐུན་མོང་གིས་གོ་སྒྲིག་ཞུས་པའི་༼སྟོང་ལོ་གསར་པའི་བཟང་སྤྱོད་དང་འབྲེལ་བའི་ནང་པའི་ལྟ་ཚུལ།༽ཞེས་པའི་བགྲོ་གླེང་དབུ་འབྱེད་དུ་ཆིབས་སྒྱུར་བསྐྱངས་ཡོད་ཅིང་། དེར་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་ར་ཇཱ་སབ་(A.H.Rajasab) མཆོག་དང་། ལོ་ན་ ༡༠༨ ལ་སོན་པའི་ཧིན་དྷུའི་བླ་ཆེན་ཤི་ཝ་ཀུ་མཱ་ར་ (Shree Shree Shree Shivakumara Maha Swamiji)མཆོག ཀཱ་ན་ཊ་ཀ་མངའ་སྡེའི་ཁྲིམས་དོན་བློན་ཆེན་ཇཱ་ཡཱ་ཅན་ཌ་ར་ (T.B. Jayachandra) མཆོག བྱང་རྩེ་ཆོས་རྗེ་དང་སེར་བྱེས་མཁན་རིན་པོ་ཆེ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར། སེར་བྱེས་གྲྭ་ཚང་གི་བླ་སྤྲུལ་དགེ་བཤེས་བྷེང་ནོར་ཁུལ་གྱི་བོད་མི་བཅས་མི་ ༣༥༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

བགྲོ་གླེང་ཐོག་༧གོང་ས་མཆོག་གིས་བཀའ་གནང་དོན། དེ་རིང་འདིར་ཧིན་དྷུའི་བླ་ཆེན་ཁོང་དང་མཇལ་རྒྱུ་བྱུང་བ་དགའ་པོ་ཞེ་དྲག་བྱུང་། དེ་སྔོན་ཁོང་དང་མཇལ་སྐབས་ཁོང་དགུང་གྲངས་བརྒྱ་བརྒལ་ཡོད་པ་མ་ཟད། ད་རེབ་སླར་ཡང་ཁོང་མཇལ་སྐབས་ང་ཡང་ལོ་བརྒྱ་ཙམ་སྡོད་དགོས་ཐུབ་རྒྱུ་ཡིན་བསམ་པའི་ཆོད་སེམས་ཤིག་རང་བཞིན་གྱིས་སྐྱེ་བཞིན་འདུག ངོས་ཀྱིས་བླ་ཆེན་ཁོང་ལ་སེམས་གཏིང་ནས་གུས་འདུད་ཞུ་ཡི་ཡོད། ཅེས་དང་། ཁོང་གིས། ད་ལྟའི་དུས་ཚོད་འདིར་མིའི་སྤྱི་ཚོགས་འདི་བདེ་ཞིང་སྐྱིད་པ་ཞིག་དགོས་ན། སྤྱིར་ཕྱི་དངོས་པོའི་མཐུན་རྐྱེན་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཀྱང་། དེ་གཅིག་པོས་འདང་གི་མེད་སྟབས། དེང་རབས་ཚན་རིག་པ་དང་སྒོས་སུ་ནད་བཅོས་སྲོག་སྐྱོབ་བྱེད་མཁན་གྱི་སྨན་དཔྱད་མཁས་པ་ཚོས་ཀྱང་ལུས་ཀྱི་འཕྲོད་བསྟེན་ཡག་པོ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི་སེམས་ཀྱི་ཞི་བདེར་རག་ལས་ཡོད་པ་ར་སྤྲོད་བྱས་ཡོད་སྟབས། ཇི་ཙམ་གྱི་བྱམས་བརྩེ་ཟབ་པའི་ཁྱིམ་ཚང་དབུལ་ཕྱུག་གང་ཡིན་ཡང་ནང་མི་ཉེ་འབྲེལ་དག་བདེ་ཞིང་སྐྱིད་པའི་ངང་མི་ཚེ་སྐྱེལ་བཞིན་ཡོད་ཀྱང་། ཇི་ཙམ་གྱི་ཁྱིམ་ཚང་སྟོབས་འབྱོར་ཆེ་བ་ཡོད་ཀྱང་བྱམས་བརྩེས་ཕོངས་པ་ཡིན་ན་ཁྱིམ་ཚང་དེའི་ནང་བདེ་སྐྱིད་ཡོང་མི་ཐུབ་པ་ནི་ཧ་ཅང་གསལ་པོ་ཡིན་སྟབས། ཕྱིའི་དངོས་པོ་ཡར་རྒྱས་ཆེ་རུ་ཕྱིན་ནས་ཕྱུག་པོ་ཆགས་པ་དེ་ཚོད་ཀྱིས་འདོད་རྔམས་དང་ཕྲག་དོག འགྲན་སེམས་སོགས་ཆེ་རུ་འགྲོ་རྒྱུ་ཡིན་པར་བརྟེན། སེམས་ནང་དངངས་སྐྲག་ཆེ་རུ་དང་སེམས་ངལ་ཆེན་པོ་ཡོང་བཞིན་ཡོད་པ་དེ་ནི་དཀའ་ངལ་དེ་དག་གི་གཞི་རྩ་ཆགས་ཡོད་སྟབས། ཕྱི་དངོས་པོའི་འཛུགས་སྐྲུན་དང་ཡར་རྒྱས་གཅིག་པུས་འཛམ་གླིང་དང་སེམས་ལ་ཞི་བདེ་བསྐྲུན་མི་ཐུབ་པ་གསལ་པོ་ཡིན། དེང་སྐབས་ཆོས་ལུགས་ལ་བརྟེན་ནས་འཚེ་བའི་བྱ་སྤྱོད་དང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དག་ཀྱང་མཐར་གཏུགས་ན་དངུལ་དང་དབང་ཆའི་འཐབ་རྩོད་ཅིག་ཆགས་ཡོད་སྟབས། ང་ཚོས་མང་ཚོགས་ལ་སློབ་གསོ་སྤྲད་ནས་ཕྱི་དངོས་པའི་འཛུགས་སྐྲུན་ཡར་རྒྱས་གལ་ཆེན་ཡིན་ཡང་ནང་གི་ཤིས་བརྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་སྣང་མེད་དུ་བཞག་ན་འགྲིག་ཐབས་རྩ་བ་ནས་མེད་པ་སློབ་གསོ་རྒྱག་དགོས། ཞེས་གསུངས་འདུག

ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་བྱས་ནས་འཛམ་གླིང་སྤྱི་ཡོངས་ལ་ཕན་བདེ་སྐྲུན་ཐབས་སྐོར་གསུངས་དོན། ཆོས་ལུགས་བྱེ་བྲག་པ་ཞིག་ཇི་ཙམ་ཡག་པོ་དང་སྤུས་ཚད་ལྡན་ཡང་འགྲོ་བ་མི་རིགས་ཚང་མར་ཁྱབ་ཐུབ་ཐབས་མེད་སྟབས། འགྲོ་བ་མི་རིགས་ཐེར་འབུམ་བདུན་ནས་ཐེར་འབུམ་གཅིག་གིས་ཆོས་ཁས་ལེན་བྱེད་ཀྱི་མེད་པ་ནི་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད་ཀྱང་། ཆོས་ཁས་ལེན་མཁན་ཚོའི་ནང་ལ་ཆ་བཞག་ན། དཔེར་ན་བོད་པའི་ཆོས་བྱེད་དགེ་འདུན་པའི་ཁྲོད་དུ་ཚུལ་དང་མི་མཐུན་པ་བྱེད་མཁན་ཡོད་ལ། ཡེ་ཤུ་སོགས་ཆོས་ལུགས་གཞན་ནང་ལའང་ཚུལ་མིན་བྱེད་མཁན་དེ་འདྲ་ཡོད་སྟབས། ཆོས་ཁ་ལ་འཁྱེར་བ་མ་གཏོགས་ཆོས་དངོས་སུ་ལག་ལེན་མི་བསྟར་མཁན་ཆོས་ལུགས་ཚང་མའི་ནང་ཡོད། དེ་ནི་ཆོས་ལ་བསམ་པ་རྣམ་དག་བྱས་ནས་ལག་ལེན་བསྟར་རྒྱུའི་འདུན་པ་མེད་པར་བརྟེན་ནས་ཡོང་གི་ཡོད་སྟབས། ང་ཚོས་དྲང་བདེན་དང་བྱམས་བརྩེ་སོགས་ལྟ་གྲུབ་དེ་དག་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་འདུག

༧གོང་ས་མཆོག་གིས་ལྐོག་ཟ་རུལ་སུངས་སྐོར་གསུངས་དོན། ད་ལྟ་འཛམ་གླིང་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་དེ་སྐྲན་ནད་ལྟ་བུ་ཞིག་ཆགས་ཏེ། མི་མང་ཆེ་བས་སོ་སོ་མ་གཏོགས་གཞན་ལ་བསམ་བློ་མི་གཏོང་མཁན་ཞིག་ཆགས་ཡོད་སྟབས། དབུལ་ཕྱུག་དབར་བར་ཁྱད་ཆེན་པོ་ཆགས་ཡོད་པ་འདི་ནི་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་མཐུན་གྱི་མེད། དེ་ནི་བྱམས་བརྩེས་མ་འདང་པར་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་ཟད། དཀའ་ངལ་དེ་དག་མང་ཆེ་བ་མིས་བཟོས་པ་ཤ་སྟག་ཡིན་པར་བརྟེན། འགྲོ་བ་མི་རིགས་སྤྱི་ཡོངས་ཀྱིས་འབད་བརྩོན་བྱས་ནས་སེལ་ཐུབ་རྒྱུ་ཡིན་པ་ནི་ཆོས་ཉིད་ཅིག་ཡིན་སྟབས། ང་ཚོ་ཆོས་ལུགས་ཚང་མ་ལྟ་གྲུབ་མི་འདྲ་བ་ཆགས་ཡོད་ཀྱང་། གཞི་རྩའི་ཆོས་ལུགས་ཚང་མའི་སྒྲུབ་བྱ་ནི་གཞན་ཕན་དང་བཟང་སྤྱོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་ཡིན་སྟབས། ཐུན་མོང་དང་མཉམ་རུབ་བྱས་ནས་དཀའ་ངལ་དེ་དག་སེལ་ཐུབ་པ་བྱེད་དགོས་པ་ལས་ཆོས་ལུགས་བྱེ་བྲག་ཅིག་ལ་གཞི་བཅོལ་ན་དཀའ་ལས་ཁག་པོ་དང་ཧ་ལམ་བསྒྲུབ་མི་སྲིད་པ་ཞིག་ཡིན་སྟབས། རྒྱ་གར་ནང་འདས་པའི་མི་ལོ་གསུམ་སྟོང་རིང་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ (Secular Ethics) ཀྱི་ལྟ་གྲུབ་ཐོག་མ་གསར་གཏོད་བྱུང་ཡོད་སྟབས། ཆོས་ལུགས་ཚང་མར་གུས་བརྩི་ཞུ་བ་མ་ཟད། ཆོས་ཁས་མི་ལེན་མཁན་ཚོ་ལའང་གུས་འདུད་ཞུ་སྲོལ་ཡོད་པར་བརྟེན། འདི་ནི་དེང་དུས་སྤྱི་ཚོགས་ཀྱི་གནས་སྟངས་དང་ཧ་ཅང་འཚམ་པོ་ཆགས་ཡོད་པར་བརྟེན། འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ལ་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་གཅིག་སྤེལ་དགོས་ན་རྒྱ་གར་གྱི་གནའ་རབས་རིག་གཞུང་འདིས་ཕན་ཐོགས་བྱེད་ཐུབ་ངེས་ཡིན། ཞེས་སོགས་གསུངས་འདུག

ཁ་སང་ཉིན་རྒྱབ་༼སྟོང་ལོ་གསར་པའི་བཟང་སྤྱོད་དང་འབྲེལ་བའི་ནང་པའི་ལྟ་ཚུལ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བྷེང་ལོར་ནང་རྟེན་གཞི་བྱས་པའི་ཝུ་ཇེ་ཡ་ཎཱ་གྷ་ར་ (Shri Vijayanagara Krishnadevaraya University) གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སོ་མཱ་ཤེ་ཀར་ (Prof.J.Somashekar)སོགས་རིགས་གཅིག་མཁས་དབང་དང་ཉམས་ཞིབ་པ་ ༡༤ ལྷག་གིས་བགྲོ་གླེང་གནང་དང་གཏམ་བཤད་གནང་ཡོད་པ་དང་། སང་ཉིན་ནས་བཟུང་ཟླ་འདིའི་ཚེས་ ༢༩ བར་༧གོང་ས་མཆོག་གིས་མོན་གྷོ་འདོད་རྒུ་གླིང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་གསུང་ཆོས་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༡ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡༣ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༡༦ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་་་་་ གཞི་རྩའི་ཆོས་ལུགས་ཚང་མའི་སྒྲུབ་བྱ་ནི་གཞན་ཕན་དང་བཟང་སྤྱོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་ཡིན་སྟབས། ཐུན་མོང་དང་མཉམ་རུབ་བྱས་ནས་དཀའ་ངལ་དེ་དག་སེལ་ཐུབ་པ་བྱེད་དགོས་པ་ལས་ཆོས་ལུགས་བྱེ་བྲག་ཅིག་ལ་གཞི་བཅོལ་ན་དཀའ་ལས་ཁག་པོ་དང་ཧ་ལམ་བསྒྲུབ་མི་སྲིད་པ་ཞིག་ཡིན་སྟབས། རྒྱ་གར་ནང་འདས་པའི་མི་ལོ་གསུམ་སྟོང་རིང་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ (Secular Ethics) ཀྱི་ལྟ་གྲུབ་ཐོག་མ་གསར་གཏོད་བྱུང་ཡོད་སྟབས། ཆོས་ལུགས་ཚང་མར་གུས་བརྩི་ཞུ་བ་མ་ཟད།
    ཆོས་ཁས་མི་ལེན་མཁན་ཚོ་ལའང་གུས་འདུད་ཞུ་སྲོལ་ཡོད་པར་བརྟེན། འདི་ནི་དེང་དུས་སྤྱི་ཚོགས་ཀྱི་གནས་སྟངས་དང་ཧ་ཅང་འཚམ་པོ་ཆགས་ཡོད་པར་བརྟེན། འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ལ་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་གཅིག་སྤེལ་དགོས་ན་རྒྱ་གར་གྱི་གནའ་རབས་རིག་གཞུང་འདིས་ཕན་ཐོགས་བྱེད་ཐུབ་ངེས་ཡིན། ་་་་་་་་་་་་་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་་་ ༧གོང་ས་མཆོག་གིས་ལྐོག་ཟ་རུལ་སུངས་སྐོར་གསུངས་དོན། ད་ལྟ་འཛམ་གླིང་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་དེ་སྐྲན་ནད་ལྟ་བུ་ཞིག་ཆགས་ཏེ། མི་མང་ཆེ་བས་སོ་སོ་མ་གཏོགས་གཞན་ལ་བསམ་བློ་མི་གཏོང་མཁན་ཞིག་ཆགས་ཡོད་སྟབས། དབུལ་ཕྱུག་དབར་བར་ཁྱད་ཆེན་པོ་ཆགས་ཡོད་པ་འདི་ནི་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་མཐུན་གྱི་མེད། དེ་ནི་བྱམས་བརྩེས་མ་འདང་པར་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་ཟད།
    དཀའ་ངལ་དེ་དག་མང་ཆེ་བ་མིས་བཟོས་པ་ཤ་སྟག་ཡིན་པར་བརྟེན། འགྲོ་བ་མི་རིགས་སྤྱི་ཡོངས་ཀྱིས་འབད་བརྩོན་བྱས་ནས་སེལ་ཐུབ་རྒྱུ་ཡིན་པ་ནི་ཆོས་ཉིད་ཅིག་ཡིན་སྟབས། ང་ཚོ་ཆོས་ལུགས་ཚང་མ་ལྟ་གྲུབ་མི་འདྲ་བ་ཆགས་ཡོད་ཀྱང་། གཞི་རྩའི་ཆོས་ལུགས་ཚང་མའི་སྒྲུབ་བྱ་ནི་གཞན་ཕན་དང་བཟང་སྤྱོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་ཡིན་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese