མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པ་ ༥༠༠ སྲོག་ཐོག་གཏོང་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་པ་ཀི་སི་གཞུང་གིས་མ་འོངས་པའི་བདུན་ཕྲག་གཉིས་གསུམ་ནང་ད་ལྟ་འཛིན་བཟུང་འོག་ཡོད་པའི་ཏ་ལི་བྷན་དྲག་སྤྱོད་པ་ ༥༠༠ ཙམ་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་འདུག

ཁ་སང་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས་སྲིད་བློན་ལས་ཁུངས་ནང་ཆུ་ཚོད་བཞིའི་རིང་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཏེ། སྔོན་པ་ཀི་སི་ཐན་སྲིད་གཞུང་གིས་ཉེས་ཅན་པར་ལོ་དྲུག་རིང་སྲོག་ཐོག་གཏོང་རྒྱུ་མིན་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དེར་འགྱུར་བ་བཏང་སྟེ། པ་ཀི་སི་ཐན་གཞུང་གིས་འཇུ་བཟུང་བྱས་ཡོད་པའི་ཏ་ལི་བྷན་གྱི་དྲག་སྤྱོད་པ་ ༥༠༠ ཙམ་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་འདུག

འདིའི་ཐད་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས་བྷི་བྷི་སི་གསར་འགོད་པ། “པ་ཀི་སི་ཐན་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་དང་ཁོ་ཚོར་མཐུན་རྐྱེན་སྦྱོར་མཁན་དག་གཅིག་མཚུངས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་སྟབས་ང་ཚོས་ཐར་པར་གཏོང་གི་མ་རེད། ང་ཚོའི་རྒྱལ་ཁབ་ནང་འཇིགས་སྐུལ་རིང་ལུགས་པ་དང་ཆོས་ལུགས་ཕྱོགས་རིས་ནི་སྐྲན་ནད་ལྟར་ཆགས་ཡོད་པར་བརྟེན། ད་ལྟ་ང་ཚོས་དེ་ཚོ་རྩ་མེད་བཟོ་རྒྱུའི་དུས་ལ་བབ་ཡོད་སྟབས། ཧཱ་ཛཱ་ར་གྲོང་རྡལ་དང་པེ་ཤཱ་ཝ་ (Peshawar) གྲོང་ཁྱེར་གཙོས་པ་ཀི་སི་ཐན་གྱི་ས་ཁུལ་དང་གྲོང་ཁྱེར་ཁག་ལ་གཏོར་རྒོལ་གཏོང་མཁན་གྱི་དྲག་སྤྱོད་པར་དམག་དྲངས་ནས་གཏོར་ཕམ་གཏོང་རྒྱུ་ཡིན”ཞེས་བརྗོད་འདུག

པ་ཀི་སི་ཐན་གྱི་ནང་སྲིད་བློན་ཆེན་ཎི་སཱར་ཨ་ལི་ཁང་ (Nisar Ali Khan)གིས་ཧྥ་རན་སིའི་གསར་ལམ་(AFP) ཞེས་པའི་ཐོག་བརྗོད་དོན། “ཉེ་ཆར་པ་ཀི་སི་ཐན་སྲིད་འཛིན་གྱིས་པ་ཀི་སི་ཐན་དམག་མིས་འཇུ་བཟུང་བྱས་པའི་འཇིགས་སྐུལ་རིང་ལུགས་པ་དག་ལ་སྲོག་ཁྲིམས་གཅོད་མི་དགོས་པའི་སྲོག་སྐྱོབ་སྙན་ཞུར་(mercy petition) མིང་རྟགས་བཀོད་མེད་སྟབས། ང་ཚོས་ཡོང་རྒྱུ་བསྡད་པའི་བདུན་ཕྲག་གཉིས་གསུམ་ནང་དྲག་སྤྱོད་པ་༥༠༠ ཙམ་སྲོག་ཐོག་གཏོང་རྒྱུ་ཡིན”ཞེས་བརྗོད་འདུག

ཟླ་འདིའི་ཚེས་ ༡༦ ཉིན་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་པེ་ཤཱ་ཝ་གྲོང་ཁྱེར་གྱི་དམག་མིའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ཏེ་སློབ་ཕྲུག་ ༡༣༣ དང་ལས་བྱེད་ ༡༠། དམག་མི་ ༣ བཅས་ཁྱོན་མི་ ༡༤༦ དམར་གསོད་དང་། སློབ་ཕྲུག་ ༡༠༠ ལྷག་ལ་རྨས་སྐྱོན་བཏང་ཡོད་པ་མ་ཟད། ཉིན་ཤས་གོང་འཇིགས་སྐུལ་བ་ཚོས་སླར་ཡང་སློབ་གྲྭ་ཁག་ཅིག་ལ་འཇབ་རྒོལ་བྱེད་གྲབས་བྱེད་བཞིན་ཡོད་སྟབས་པ་ཀི་སིན་ཐན་གྱི་ཉེན་རྟོག་པས་ཏ་ལི་བྷན་དྲག་སྤྱོད་པ་དྲུག་དང་བུད་མེད་ཅིག་འཇུ་བཟུང་བྱས་ཡོད་འདུག

པ་ཀི་སི་ཐན་གྱི་མང་ཚོགས་དང་རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་གིས་པ་ཀི་སི་ཐན་གཞུང་གིས་ཏ་ལི་བྷན་ཤོག་ཁག་ལ་རྒོལ་ལན་སློག་དགོས་པའི་ངོ་རྒོལ་དང་གནོན་ཤུགས་ཆེན་པོ་སྤྲད་ཡོད་སྟབས། ཟླ་འདིའི་ཚེས་ ༡༩ ཉིན་པ་ཀི་སི་ཐན་གཞུང་གིས་ ༢༠༠༣ ལོར་སྲིད་འཛིན་ཟུར་པ་པར་ཝུ་ཛི་མུ་ཤཱ་རབ་ (Pervez Musharraf) ལྐོག་གསོད་བྱེད་རྩིས་བྱེད་མཁན་དྲག་སྤྱོད་པ་ ༥ དང་། ༢༠༠༩ ལོར་པ་ཀི་སི་ཐན་གྱི་དམག་དཔུང་ལྟེ་གནས་ཁང་ལ་གཏོར་རྒོལ་གཏོང་མཁན་གྱི་དྲག་སྤྱོད་པ་ ༡ བཅས་ཁྱོན་དྲག་སྤྱོད་པ་ ༦ ཙམ་སྲོག་ཐོག་ལ་བཏང་ཡོད་པ་མ་ཟད། པ་ཀི་སི་ཐན་གྱིས་ཨབ་གྷན་གཞུང་དང་མཉམ་ལས་བྱས་ནས་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གི་མགོ་གཙོ་མུ་ལཱ་ཎཱ་ (Maulana Fazlullah) ཡིབ་སྡོད་བྱེད་ས་ཨབ་གྷན་གྱི་ཀུ་ནར་མངའ་སྡེར་དམག་བརྒྱབ་ནས་དྲག་སྤྱོད་པ་ ༢༡ བསད་ཡོད་འདུག

ཁ་སང་པ་ཀི་སི་ཐན་སྲིད་བློན་གྱིས་དྲག་སྤྱོད་པ་ ༥༠༠ སྲོག་ཐོག་གཏོང་རྒྱུ་དང་། པེ་ཤཱ་ཝ་གྲོང་རྡལ་གྱི་དམག་མིའི་སློབ་གྲྭར་འཇབ་རྒོལ་བྱེད་མཁན་བྱེད་གཏེ་གཙོ་བོ་ཨུ་མར་མན་སུར་ (Umar Mansoor) གཙོས་པ་ཀི་སི་ཐན་གྱི་ས་ཁུལ་དང་གྲོང་ཁྱེར། བྱང་ཝ་ཛེ་རེ་སི་ཐན་བཅས་ནང་ཡོད་པའི་འཇིགས་སྐུལ་པ་ཚོར་དམག་དྲངས་ནས་རྩ་མེད་བཟོ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཟླ་འདིའི་ཚེས་ ༡༧ ཉིན་ཨུ་མར་མན་སུར་ (Umar Mansoor) གྱིས་པ་ཀི་སི་ཐན་གྱི་སློབ་གྲྭར་འཇབ་རྒོལ་བྱས་རྗེས་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་པའི་ནང་ཁོས། “ངས་པ་ཀི་སི་ཐན་གཞུང་དང་སློབ་གྲྭའི་འགན་འཛིན། དགེ་ལས་སློབ་ཕྲུག་རྣམས་ལ་ཞུ་རྒྱུ་ཞིག་ལ། ཁྱེད་ཚོ་ནི་ཁ་ཆེའི་དམངས་གཙོའི་རྒྱལ་ཁབ་འདིའི་ནུས་ཤུགས་གོང་འཕེལ་གཏོང་མཁན་ཆགས་ཡོད་པ་མ་ཟད། མ་འོངས་པར་ཏ་ལི་བྷན་དམར་གསོད་གཏོང་མཁན་གྱི་དམག་སྤྱི་དང་དམག་དཔོན། རུ་དཔོན་བྱེད་མཁན་ཞིག་ཀྱང་ཡིན་པར་བརྟེན། གལ་ཏེ་ཁྱེད་ཚོས་ང་ཚོའི་བུད་མེད་དང་ཕྲུག་གུ་གསད་ཚེ། ཁྱེད་ཚོའི་བུ་ཕྲུག་ཀྱང་བྲོས་ཐར་མི་སྲིད་པ་ཞིག་ཡིན་སྟབས། ཁྱེད་ཚོས་ང་ཚོར་འཐབ་རྒོལ་བྱས་ན་ང་ཚོས་ཀྱང་འཁོན་ལན་བསློག་ངེས་ཡིན”ཞེས་བརྗོད་འདུག

ཁ་སང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བྷི་བྷི་སི་ཐོག་བརྗོད་དོན། པ་ཀི་སི་ཐན་གཞུང་གིས་མི་ ༥༠༠ ཙམ་སྲོག་ཐོག་གཏོང་རྒྱུ་ཕྱིར་བསྒྲགས་བྱས་པ་དེས། ཏ་ལི་བྷན་རྩ་མེད་གཏོང་རྒྱུའི་ཚབ་ལ་ཁོང་ཁྲོ་མང་བ་སློང་སྲིད་པ་ཞིག་ཡིན་སྟབས། ཁོང་ཚོ་སྲོག་ཐོག་གཏང་ན་མ་འོངས་པར་མང་ཚོགས་ཀྱི་བདེ་འཇགས་ལ་སྔར་ལས་ཉེན་ཁ་ཆེ་བ་ཡོང་སྲིད་པ་དང་། པ་ཀི་སི་ཐན་གྱི་ (Justice Project Pakistan) ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སཱ་ར་བྷེ་ལཱ་ (Sarah Belal) ཡིས་པ་ཀི་སི་ཐན་གཞུང་གིས་སྲོག་ཐོག་གཏོང་འཆར་ཡོད་པའི་མི་དེ་དག་ཁྲོད་ནས་བརྒྱ་ཆ་ ༨༠ ཙམ་གྱི་དྲག་སྤྱོད་ལས་འགུལ་སྤེལ་མྱོང་མེད་སྟབས། གཞུང་ངོས་ནས་མི་དེ་འདྲ་མང་པོ་ཞིག་གི་སྲོག་གཅོད་བཞིན་ཡོད་པ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་རེད་ཅེས་བརྗོད་འདུག

པ་ཀི་སི་ཐན་ནི་འཛམ་གླིང་ཐོག་སྲོག་ཁྲིམས་གཅོད་མཁན་མང་ཤོས་ཡིན་པ་མ་ཟད་ད་ལྟ་མི་ ༨༠༠༠ ཙམ་སྲོག་ཁྲིམས་གཅོད་རྒྱུ་ལྷག་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 2

  1. ཤིང་ལོ། says:
    ལོ་ 12 སྔོན།

    མ་འོངས་པར་ཏ་ལི་བྷན་དམར་གསོད་གཏོང་མཁན་གྱི་དམག་སྤྱི་དང་དམག་དཔོན། རུ་དཔོན་བྱེད་མཁན་ཞིག་ཀྱང་ཡིན་པར་བརྟེན། གལ་ཏེ་ཁྱེད་ཚོས་ང་ཚོའི་བུད་མེད་དང་ཕྲུག་གུ་གསད་ཚེ། ཁྱེད་ཚོའི་བུ་ཕྲུག་ཀྱང་བྲོས་ཐར་མི་སྲིད་པ་ཞིག་ཡིན་སྟབས། ཁྱེད་ཚོས་ང་ཚོར་འཐབ་རྒོལ་བྱས་ན་ང་ཚོས་ཀྱང་འཁོན་ལན་བསློག་ངེས་ཡིན”

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    ཐོངས་ཡ་ཐོངས་་་གང་མང་མང་ཐོངས་་་་གཅིག་ཀྱང་མ་ལྷག་ཀྱང་ཆོག་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese