མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཱ་ཇི་བྷ་ཡེ་ལ་ཆེས་མཐོའི་གཟེངས་རྟཊ་དེ་སྤྲོད་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འདི་ལོའི་རྒྱ་གར་གྱི་བྷ་ར་ཋ་ར་ཎཱའི་གཟེངས་རྟགས་དེ་བཱ་ཇི་བྷ་ཡེ་དང་མཱ་ཌན་མཱོ་ཧན་ལགས་རྣམ་གཉིས་ལ་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ་འདུག

སང་ཉིན་རྒྱ་གར་བྷི་ཇེ་པི་ཚོགས་པའི་མགོ་ཁྲིད་བཱ་ཇི་བྷ་ཡེ་ལོ་ ༩༠ ལ་སོན་པའི་སྐྱེས་སྐར་དང་བསྟུན་ཏེ་བྷི་ཇེ་པི་གཞུང་གིས་ཉིན་དེ་དོན་དམ་གྱི་གཞུང་སྐྱོང་བའི་ཉིན་མོ་ཞེས་པར་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། དེ་རིང་འདི་ལོའི་རྒྱ་གར་གྱི་ཆེས་མཐོ་ཤོས་ཀྱི་གཟེངས་རྟགས་བྷ་ར་ཋ་ར་ཎཱ་ (Bharat Ratna)ཞེས་པ་དེ། རྒྱ་གར་གྱི་སྲིད་བློན་ཟུར་པ་བཱ་ཇི་བྷ་ཡེ་དང་། ༡༩༤༦ ལོར་འདས་གྲོངས་ཕྱིན་པའི་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་དང་ཝ་ར་ཎཱ་སར་རྟེན་གཞི་བྱས་པའི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་མཁན་མཱ་ཌན་མཱོ་ཧན་(Madan Mohan Malaviya) རྣམ་གཉིས་ལ་སྤྲོད་རྒྱུ་ཡིན་འདུག

འདིའི་ཐད་ནཱ་རེན་ཌ་མུ་དྷེ་ཡིས་སྤྱི་ཚོགས་དྲ་རྒྱ་ཌེའུ་ཌར་ཐོག་བརྗོད་དོན། “དེ་རིང་རྒྱ་གར་གཞུང་གིས་འདི་ལོའི་རྒྱ་གར་གྱི་ཆེས་མཐོ་ཤོས་ཀྱི་གཟེངས་རྟགས་དེ། རྒྱ་གར་གྱི་མི་རིགས་དང་རྒྱལ་ཁབ་འཛུགས་སྐྲུན་ཆེད་རླབས་ཆེན་བྱས་རྗེས་འཇོག་མཁན་མཱ་ཌན་མཱོ་ཧན་དང་། བཱ་ཇེ་བྷ་ཡེ་རྣམ་གཉིས་ལ་སྤྲོད་རྒྱུ་ཐག་གཅོད་བྱས་པ་དེ་ནི་རྒྱ་གར་གྱི་གཟི་བརྗིད་ཅིག་ཆགས་ཡོད”ཅེས་བརྗོད་འདུག

ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་གྱི་དཔལ་འབྱོར་རིག་པ་བ་ཨཱ་མཱར་ཌེ་སན་ (Amartya Sen) གྱིས་བརྗོད་དོན། “ཨཱ་ཌལ་བྷེ་ཧཱ་རེ་བཱ་ཇེ་བྷ་ཡེ་མཆོག་ནི་རྒྱ་གར་གྱི་གཡོ་ལྷད་མེད་པའི་ཆབ་སྲིད་པ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་དང་ཆབ་སྲིད་ཚོགས་པ་བར་དབྱེ་བ་གསལ་པོ་ཕྱེས་ཏེ་ལས་དོན་སྒྲུབ་མཁན་གྱི་མི་སྣ་ཞིག་ཀྱང་ཡིན་པས་ད་རེབ་ཁོང་ལ་གཟེངས་རྟགས་དེ་སྤྲོད་དགོས་ངེས་ཤིག་ཆགས་ཡོད”ཅེས་བརྗོད་འདུག

༢༠༠༩ ལོ་ནས་བཟུང་བྷི་ཇེ་པི་ཚོགས་པས་རྒྱ་གར་གཞུང་གིས་ཨཱ་ཌལ་བྷེ་ཧཱ་རེ་བཱ་ཇེ་བྷ་ཡེ་ལ་རྒྱ་གར་གྱི་ཆེས་མཐོ་ཤོས་ཀྱི་གཟེངས་རྟགས་བྷ་ར་ཋ་ར་ཎཱ་སྤྲོད་དགོས་པའི་རེ་འདུན་ཡང་ཡང་བཏོན་ཡོད་ཀྱང་། རྒྱ་གར་ཀོང་རེ་སེ་སྲིད་གཞུང་གིས་དང་ལེན་བྱས་མེད་ཅིང་། ན་ནིང་བཱ་ཇེ་བྷ་ཡེ་ལ་མ་སྤྲད་པར་རྒྱ་གར་གྱི་ཚན་རིག་པ་རའོ་ (CNR Rao) དང་གཡུག་རྩེད་སྤོ་ལོ་རྩེད་མཁན་སཱ་ཆིན་ཏན་དྷུར་ཁཱར་རྣམ་གཉིས་ལ་སྤྲད་ཡོད་སྟབས། བྷི་ཇེ་པི་ཚོགས་པས་ཀོང་རེ་སེ་གཞུང་ལ་སྐྱོན་བརྗོད་བྱས་ཡོད།

འདི་ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་སྐབས་ནཱ་རེན་ཌ་མུ་དྷེས་རྒྱ་གར་གྱི་སློབ་གསོ་སྨྲ་བ་མཱ་ཌན་མཱོ་ཧན་(Madan Mohan Malaviya) ལགས་སུ་བྷ་ར་ཋ་ར་ཎཱའི་གཟེངས་རྟགས་ཐོབ་རྒྱུར་འབད་བརྩོན་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་ལྟར། ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་གར་གྱི་སྲིད་བློན་གྱིས་ནང་སྲིད་དང་ཕྱི་སྲིད། དཔལ་འབྱོར་དང་འགྲིམ་འགྲུལ་བློན་ཆེན། བྷི་ཇེ་པི་ཚོགས་པའི་ཚོགས་གཙོ་བཅས་ལ་ཚོགས་འདུ་ཚོགས་ཏེ། ཚོགས་ཐོག་ཏུ་འདི་ལོའི་བྷ་ར་ཋ་ར་ཎཱའི་གཟེངས་རྟགས་དེ་བཱ་ཇེ་བྷ་ཡེ་དང་མཱ་ཌན་མཱོ་ཧན་ལགས་སུ་སྤྲོད་རྒྱུ་ཐག་གཅོད་བྱས་ཡོད་འདུག

༡༩༥༤ ལོའི་ཟླ་ ༡ ཚེས་ ༢ ཉིན་རྒྱ་གར་གཞུང་གིས་རིགས་རུས་དང་ལས་ཀ འཚོ་ཐབས་དང་ཕོ་མོ་དབྱེར་མེད་གང་ཡིན་ལ་མ་ལྟོས་པར། རྒྱ་གར་གྱི་སྤྱི་ཚོགས་འཕེལ་རྒྱས་ཐད་འབུར་ཐོན་ཕྱག་ལས་གནང་མཁན་དག་ལ་ཆེ་བསྟོད་ཞུ་ཆེད་རྒྱ་གར་གྱི་ཆེས་མཐོ་ཤོས་ཀྱི་གཟེངས་རྟགས་བྷ་ར་ཋ་ར་ཎཱ་ཞེས་པ་འདི་གསར་གཏོད་བྱས་ཡོད་པ་དང་། ལོ་དེར་རྒྱ་གར་གྱི་ཆབ་སྲིད་པ་ར་ཇཱ་གྷོ་པཱ་ལཱ་ཅཱ་རེ་ (C. Rajagopalachari) དང་། ཚན་རིག་པ་ར་མན་(C. V. Raman)། རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཐོག་མ་དང་ལྟ་གྲུབ་སྨྲ་བ་སར་ཝེ་པཱ་ལི་ (Sarvepalli Radhakrishnan) ལགས་བཅས་ལ་སྤྲད་པ་ནས་བཟུང་། ད་བར་རྒྱ་གར་གཞུང་གིས་ལས་རིགས་འདྲ་མིན་ཐོག་འབུར་ལོན་ཕྱག་ལས་གནང་མཁན་གྱི་བྱས་རྗེས་ཅན་རྒྱ་གར་བ་ ༤༥ ཙམ་ལ་བྷ་ར་ཋ་ར་ཎཱ་ཞེས་པའི་གཟེངས་རྟགས་འདི་སྤྲད་ཡོད།

རྒྱ་གར་གྱི་ལོ་རྒྱུས་མཁས་ཅན་ར་མཱ་ཅན་ཌར་(Ramachandra Guha)གྱིས། རྒྱ་གར་གཞུང་གིས་བཱ་ཇེ་བྷ་ཡེ་ལ་བྷ་ར་ཋ་ར་ཎཱ་སྤྲད་ན་མ་འགྲིག་པ་མེད་ཀྱང་། འདས་གྲོངས་སུ་ཕྱིན་པ་དག་ལ་སྤྲད་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཤོར་ཡོད། གལ་སྲིད་མཱ་ཌན་མཱོ་ཧན་ལགས་ལ་གཟེངས་རྟགས་དེ་སྤྲད་ཚེ་ར་བྷེན་ཏ་ར་ཎཱ་ཋ་ཌ་གྷོར་དང་ཨག་བྷར། ལྷ་དབང་ཕྱུག་དང་ཨ་ཤོ་ཀ གུ་རུ་ཎཱ་ཎག་དང་ཝུ་ཝུ་ཀཱ་ཎཱན་ཌ་སོགས་ལ་ངེས་པར་སྤྲོད་དགོས་པ་ཞིག་ཆགས་ཀྱང་ཡོད། ཅེས་བརྗོད་འདུག

 གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese