མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གད་སྙིཊ་ཤིག་རེད་བློ་བདེ་པོ་བྱོས།

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་ཅག་ཅིག་གིས་གླིང་སྐོར་ལམ་ནས་རྙེད་པའི་ཅ་དངོས་དེར་རྒྱ་གར་བདེ་སྲུང་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་ཏེ་འབར་རྫས་རིགས་སོགས་ཉེན་ཚབས་ཅན་གྱི་དངོས་པོ་གང་ཡང་མིན་པར་གད་སྙིགས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བདེ་སྲུང་དྲུང་འཕར་ཀརྨ་རིན་ཆེན་ལགས་སུ། ཁ་སང་གླིང་སྐོར་ལམ་ནས་རྙེད་པའི་ཅ་དངོས་དེར་རྒྱ་གར་གཞུང་གིས་བརྟག་དཔྱད་གནང་རྗེས་གསལ་བཤད་ག་རེ་གནང་ཡོད་དྲིས་པར་ཁོང་གིས། ཅ་དངོས་དེར་རྒྱ་གར་བདེ་སྲུང་ལས་ཁུངས་ཀྱིས་ཆེད་ལས་པ་སྐད་བཏང་ནས་བརྟག་དཔྱད་གནང་བ་བརྒྱུད། འབར་རྫས་རིགས་སོགས་ཉེན་ཚབས་ཅན་གྱི་ཅ་དངོས་གང་ཡང་མིན་པར་གད་སྙིགས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་པས། ཚང་མས་བློ་བདེ་པོ་གནང་རོགས། ཞེས་བརྗོད་བྱུང་།

ཡང་ཁོང་གིས་གནས་ཚུལ་འདི་རིགས་ལ་བརྟག་དཔྱད་མ་བྱས་པར་གང་བྱུང་བརྒྱུད་བསྒྲགས་བྱས་པ་ཡིན་ན། སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གནོད་པ་མ་ཟད། བརྒྱུད་བསྒྲགས་བྱེད་མཁན་དོ་བདག་ལའང་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་སྲིད་སྐོར་བརྗོད་དོན། སྤྱི་ཚོགས་ཀྱི་དྲ་ལམ་ཁག་གི་ནང་གནས་ཚུལ་ཞིབ་ཕྲ་མ་བརྟག་མ་དཔྱད་པར་གང་དྲན་བཀོད་རྒྱུ་དེ་རྩ་བ་ནས་ཡག་པོ་མི་འདུག གནས་ཚུལ་ཆ་ཚང་རྟོགས་རྗེས་མང་ཚོགས་ལ་བརྒྱུད་བསྒྲགས་གནང་བ་ཡིན་ན་འོས་པ་ཞིག་རེད། དེ་མིན་གང་བྱུང་བརྒྱུད་བསྒྲགས་གནང་བ་ཡིན་ན་སྤྱི་ཚོགས་ནང་དོགས་འདྲོག་ཡོང་རྒྱུ་དང་། དེ་ཡང་འབར་རྫས་རིགས་དང་། ལྷག་པར་བཞུགས་སྒར་གླིང་སྐོར་ཉེ་འཁོར་དུ་རྙེད་པ་རེད་ཅེས་ཧ་ལམ་ཆ་ཚང་ཧ་གོ་གི་ཡོད་པ་ལྟ་བུ་བྱས་ཏེ། སོ་སོའི་ངོས་ནས་ཞིབ་འཇུག་མཐིལ་ཕྱིན་བྱས་པ་ལྟ་བུ་གནང་ན་རྩ་བ་ནས་ཡག་པོ་མི་འདུག དེས་ང་ཚོའི་སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གནོད་པ་མ་ཟད། དོ་བདག་རང་ཉིད་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་སྲིད་པ་རེད། གང་ཡིན་ཞེ་ན་གནས་ཚུལ་འདི་རིགས་ཧ་ཅང་ཉེན་ཚབས་ཆེན་པོ་ཡིན་པར་བརྟེན། མ་འོངས་པར་ཚང་མས་ཐུགས་གཟབ་གནང་རོགས་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༤ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 10

  1. མཁར་སྟོད། says:
    ལོ་ 12 སྔོན།

    དང་པོ། ཆེད་ལས་པ་སྐད་བཏང་ནས་ཞིབ་འཇུག་བྱས།
    གཉིས་པ། མགྲིན་ཚབ་པ་དངོས་སུ་དོན་ནས་མི་དམངས་ཀྱི་བསམ་བློ་ལ་འགན་འཁྲི་མ་འཁུར་བའི་སྐད་ཆ་བཤད།
    གསུམ་པ། ཕྱི་ནང་བོད་རིགས་མང་པོ་སེམས་འཁྲལ་གྱི་གནས་སུ་སྐྱེལ།

    Reply
  2. བོད་དགའ། says:
    ལོ་ 12 སྔོན།

    སོ་སོའི་རང་གཞུང་འདི་བཀའ་དྲིན་ཆེན་པོ་རེད། དེ་ལ་སྐྱོན་འཛུག་གཏན་ནས་བྱ་འདོད་མེད་ཀྱང་། འཚམས་འཚམས་ལ་གོང་རིམ་མི་སྣ་དེ་ཚོས་མི་མང་ལ་བློ་ཕམ་དུ་འཇུག་གིན།
    ཁྱབ་བསྒྲགས་བྱེད་མཁན་མི་མང་མ་རེད། གནས་ཚུལ་དེ་དངངས་སྐྲག་གི་རང་བཞིན་ཅན་དུ་སྒྱུར་མཁན་བདེ་སྲུང་ལས་ཁུངས་རེད། རྒྱ་གར་གྱི་ཆེད་ལས་མི་སྣ་མངགས་ནས་རྟོག་དཔྱོད་བྱེད་བཞིན་ཡོད་ཅེས་ག་ཚོད་བསྒྲགས་སོང་། འབར་རྫས་ཆེད་ལས་མི་སྣས་བརྟག་དགོས་པ་ཞིག་བྱུང་ཚར་དུས་མི་མང་གི་བློ་རང་བཞིན་དུ་གནས་ཐུབ་མིན་ཁག་པོ་རེད། ད་དུང་ཉེས་འཁྲུལ་ཡོད་ཚད་མི་མང་གི་མགོར་ཕྱིར་འགེབ་བཞིན་འདུག མཐར་འགོ་མཇུག་གང་ཡང་མེད་པར་མཐར་”གད་སྙིགས་ཤིག་རེད་”ཅེས། ཇི་འདྲའི་སྣང་མེད་ཆེ་བའི་གསལ་བཤད་ཅིག་རེད། དེའི་རྒྱབ་ལོག་ལ་འགེབ་རྒྱུ་ཞིག་དང་གསང་རྒྱུ་ཞིག་ལོས་ཡོད་བསམ་པ་འདྲ་ཞིག་བྱུང་། དགོངས་དག་སེམས་ཚོར་བྱུང་ནས་ཁ་ནས་ཤོར་སོང་། དེ་ཙམ་ཡིན།

    Reply
  3. x00hacktivist says:
    ལོ་ 12 སྔོན།

    སྤྱིར་བཏང་གནས་ཚུལ་མི་ལེགས་པ་རེ་བྱུང་སྐབས་འབངས་མི་སེར་ཚོས་སེམས་ཁྲལ་དང་དོ་སྣང་བྱེད་པ་ནི་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་རེད་། ལྷག་པར་དུ་གཙུག་ལག་ཁང་གི་ཉེ་འགྲམ་དུ་མངོན་གསལ་མེད་པའི་ཅ་དངོས་རྙེད་སྐབས་མི་བུ་ཚོས་སེམས་འཚབ་བྱེད་པ་ནི་ཁོ་པ་ཚོས་བརྩེ་སེམས་ཟབ་མོ་ཡོད་པ་མཚོན་། བདེ་སྲུང་ནས་ཅ་དངོས་དེ་གད་སྙིགས་ཞིག་རེད་ཅེས་ལབ་ནས་བཞག་ན་དེ་འགན་འཁུར་མེད་པའི་སྐྱག་རྫུན་ཞིག་དང་འདྲ་བར་མཉམ། གང་ལགས་ཞེ་ན་གད་སྙིགས་ཞིག་ཡིན་ན་ཕལ་ཆེར་རྒྱ་གར་གཞུང་གིས་མི་སྣས་དེར་བརྟག་དཔྱད་བྱེད་དགོས་མེད་ལ་ཁྱེད་རྣམས་པས་དཔྱད་པ་མཐར་ཕྱིན་བྱེད་ཐུབ་པའི་གདེངས་ཚོད་ཡོད། གང་ལྟར་ཡང་འདས་དོན་ནི་འདས་དོན་རང་ཡིན་པས་ཕྱིས་སུ་གནས་ཚུལ་གང་འདྲ་ཞིག་ཡིན་རུང་བསམ་བློ་ཞིབ་ཏུ་བཏང་ནས་དཔྱད་པ་དང་ལྷག་པར་དུ་འབངས་མི་སེར་རྣམས་ལ་དངོས་ཡོད་གནས་ཚུལ་ཁ་གསལ་ཤོད་དགོས་པ་ནི་སྐབས་སུ་བབ་པའི་འོས་འགན་ཞིག་ཡིན་། དེས་ན་འདས་ལོག་མ་རྒྱབ་པར་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་བསམ་བློ་འགྱུར་བཅོས་བྱེད་དགོས།། ཡིག་ནོར་རེ་ཡོད་ན་ལེགས་བཅོས་ཡོད་པ་ཞུ།།

    Reply
  4. གངས says:
    ལོ་ 12 སྔོན།

    གད་སྙིགས་ཤིག་རེད་ཟེར། བདེ་སྲུང་ལས་ཁུངས་ཀྱིས་གད་སྙིགས་ཙམ་ཡང་དུས་ཐོག་ལ་ཐག་གཅོད་བྱེད་མ་ཐུབ་པར་རྒྱ་གར་བདེ་སྲུང་ཉེན་རྟོག་པར་སྤྲད་དེ་ཞབས་འདྲེན་ཞུ་དོན་གང་ཡིན་ནམ།

    ཉེན་ཚབ་ཅན་གྱི་ཅ་དངོས་གང་ཡང་མ་རེད་ཟེར། གལ་སྲིད་ཉེན་ཚབ་ཅན་གྱི་ཅ་དངོས་ཤིག་མིན་ན། ཅ་དངོས་ཅི་ཞིག་ཡིན་པ་དང་གད་སྙིགས་དེ་ལྟ་བུ་ཞིག་བཟོས་ཏེ་ས་དེར་སྦས་དགོས་དོན་གང་ཡིན་སོགས་གསལ་གསལ་ཐང་ཐང་གིས་ཅིའི་ཕྱིར་མང་ཚོགས་ལ་གསལ་བཤད་མ་བྱས་པ་རེད།

    གཟབ་གཟབ་མ་བྱས་ན་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་གི་རེད་ཟེར། ཉེན་ཁའི་གནས་ལ་ཡིད་གཟབ་དང་བཟང་སྤྱོད་དང་ལྡན་པའི་ཐོག་ནས་བཀའ་མོལ་མི་གནང་བར་འཇིགས་སྐུལ་གྱི་རྣམ་པའི་ཐོག་ནས་སྐད་ཆ་བཤད་སྟངས་འདི་ག་རེ་ཡིན་ནམ།

    Reply
  5. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    ནོར་འཁྲུལ་ཡོངས་རྫོགས་བོད་གཞུང་བདེ་སྲུང་གི་མགོ་ལ་གཡོགས་ན་འགྲིག་གི་མ་རེད། ཡིན་ནའང་ད་རེས་གནས་ཚུལ་ཆུང་ཆུང་ཞིག་ལ་བརྟེན་ཏེ་ཆེན་པོ་ཆགས་པ་དེ་ཡག་པོ་བྱུང་མ་སོང་། ངོ་མ་འགྲོ་སྟངས་བྱས་ན་ཅ་དངོས་དེ་ག་རེ་ཡིན་པ་བརྩད་ཞིབ་ཡག་པོ་བྱས་ཏེ་རྒྱ་གར་ལས་ཁུངས་ལ་སྤྲོད་དགོས་པ་ཞིག་ཡིན་ན་སྤྲོད་རྒྱུ་དང་། དེ་འདྲ་མིན་ན་དུས་ཐོག་ལ་གསལ་བོ་ཆགས་པ་ཡིན་ན་དཀྲོག་གཏམ་ཆེན་པོ་དེ་འདྲ་ལྷག་ཡོད་པ་མ་རེད། གད་སྙིགས་ཙམ་ལའང་ཞིབ་འཇུག་མ་བྱས་པར་ཉེན་ཁ་ཆེན་པའི་རྣམ་པའི་ཐོག་ནས་རྒྱ་གར་བདེ་སྲུང་བར་སྤྲད་པ་དེས་མི་ཚང་མ་སེམས་འཚབ་ཞེ་དྲག་བྱུང་བཅུག་པ་རེད།

    Reply
  6. སྐལ་བཟང་། says:
    ལོ་ 12 སྔོན།

    གསར་འགོད་པའི་དྲི་བར་ལན་གསལ་བོ་ཞིག་བཏབས་མི་འདུག་ལ་མདོར་བསྡུས་ན་མང་ཚོགས་ལའང་འགན་མ་འཁུར་བའི་སྐད་ཆ་མང་པོ་ཞིག་བཤད་འདུག སྤྱིར་བཏང་བོད་གཞུང་གི་ལས་ཁུངས་ཁག་གི་མི་སྣས་མང་ཚོགས་ལ་འགན་འཁུར་སྟངས་དེ་སྣང་བར་ཁྱོན་ནས་འགྲོ་མ་སོང་། སྔོན་ཆད་བོད་གཞུང་དང་བོད་གཞུང་གི་ལས་བྱེད་ཚོ་གནམ་ཡིན་པའི་སྐབས་ལ་མང་ཚོགས་ལ་མགོ་གཡོགས་མགོ་སྐོར་དང་སྐད་ཆ་ཡིན་ལ་མིན་ཙམ། གསར་འགོད་པའི་དྲི་བ་དང་མང་ཚོགས་ཀྱི་དོགས་གནས་རིགས་ལ་མགོ་བདེ་བོའི་ཡར་སྐོར་མར་སྐོར་གྱི་ལན་རེ་བརྒྱབ་སྟེ་མང་ཚོགས་ལ་མགོ་སྐོར་གཏོང་རྒྱུ་མང་དྲགས་ཏེ་སྐྱག་ལངས་ལ་ཤོར་ཡོད་པ་རེད། མང་ཚོགས་ལྐུག་པའི་ཚད་དུ་འཇོག་ཡ་མང་དྲགས་ཡོད་པ་རེད། ད་ལྟ་བྱེད་ལུགས་བྱེད་སྟངས་དེ་འདྲ་མང་ཚོགས་སུ་ལའང་འགྲོ་གི་མ་རེད། བརྡ་འཕྲིན་གྱི་དུས་རབས་རེད། མང་ཚོགས་ཚང་མ་ལྐུག་པ་རང་ཡོད་པ་མ་རེད། ཁྱོད་རང་གི་སྐད་ཆའི་ཚིག་སྣེ་ལས་ནང་ཁྲོད་ཀྱི་སྒྱུ་མའི་སྣེ་མོ་ཇི་ལྟར་འགུལ་གྱི་ཡོད་པ་ཧ་གོ་གི་ཡོད་པ་རེད། ཆབ་སྲིད་པ་དང་མགོ་བདེ་བོ་དག་གི་སྤྱོད་ངན་ལམ་ལྷོང་ཡོང་ཐབས་ཡོད་པ་མ་རེད། ངས་འོག་ཏུ་གནད་འགག་ཅན་གྱི་སྐད་ཆ་ཁ་ཤས་ཟུར་འདོན་བྱེད་རྒྱུ་ཡིན།
    གད་སྙིགས་ཤིག་རེད་ཟེར། བདེ་སྲུང་ལས་ཁུངས་ཀྱིས་གད་སྙིགས་ཙམ་ཡང་དུས་ཐོག་ལ་ཐག་གཅོད་བྱེད་མ་ཐུབ་པར་རྒྱ་གར་བདེ་སྲུང་ཉེན་རྟོག་པར་སྤྲད་དེ་ཞབས་འདྲེན་ཞུ་དོན་གང་ཡིན་ནམ། བོད་ཕྱི་ནང་གཉིས་ལ་དཀྲོག་གཏམ་ས་གྲགས་གནམ་གྲགས་ཆགས་ཏེ་བོད་རྒྱ་ཆེའི་མི་མང་ལ་སེམས་འཚབ་དང་དངངས་སྐྲག་དེ་ཙམ་བཟོ་རུ་འཇུག་དོན་ཅི་ཡིན་ནམ།
    ཉེན་ཚབ་ཅན་གྱི་ཅ་དངོས་གང་ཡིན་མ་རེད་ཟེར། གལ་སྲིད་ཉེན་ཚབ་ཅན་གྱི་ཅ་དངོས་ཤིག་མིན་ན། ཅ་དངོས་ཅི་ཞིག་ཡིན་པ་དང་གད་སྙིགས་དེ་ལྟ་བུ་ཞིག་བཟོས་ཏེ་ས་དེར་སྦས་དགོས་དོན་གང་ཡིན་སོགས་གསལ་གསལ་ཐང་ཐང་གིས་ཅིའི་ཕྱིར་མང་ཚོགས་ལ་གསལ་བཤད་མ་བྱས་པ་རེད། འགན་མ་འཁུར་བ་རེད་དམ། བོད་རྒྱ་ཆེའི་མང་ཚོགས་སྣང་མེད་བཏང་བ་རེད།
    བརྟག་དཔྱད་མ་བཏང་ན་སྤྱི་ཚོགས་ཀྱི་རླིང་འཇགས་ལ་གནོད་པ་རེད་ཟེར། ད་བར་མང་ཚོགས་སུ་ཞིག་གིས་ལྷིང་འཇགས་དཀྲོགས་ཏེ་འགྲོ་སྡོད་མ་ཐུབ་པ་བཟོས་སོང་། ཛ་དྲག་རང་བཞིན་དང་ཉེན་ཚབས་རང་བཞིན་གནས་དུས་བྱ་དངོས་ཀུན་ལ་དུས་རྒྱུན་དོགས་ཟོན་ཚད་མཐོ་བོ་བྱས་ཏེ་སྡོད་དགོས་པ་ལས་ལྷིང་འཇགས་གཅིག་པོའི་ཆེད་དུ་གནད་དོན་ཡོངས་རྫོགས་སྦ་གསང་བྱེད་དགོས་པ་རེད་དམ།
    གཟབ་གཟབ་མ་བྱས་ན་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་གི་རེད་ཟེར། ཉེན་ཁའི་གནས་ལ་ཡིད་གཟབ་དང་བཟང་སྤྱོད་དང་ལྡན་པའི་ཐོག་ནས་བཀའ་མོལ་མི་གནང་བར་འཇིགས་སྐུལ་གྱི་རྣམ་པའི་ཐོག་ནས་སྐད་ཆ་བཤད་སྟངས་འདི་ག་རེ་ཡིན་ནམ། གལ་སྲིད་ཁྲིམས་ཐོག་ལ་བསྐྱེལ་རྒྱུའི་ནུས་པ་ཡོད་ན་དེང་སྐབས་དོལ་ཚོགས་ཀྱིས་གང་འདྲ་བྱེད་ཀྱིན་འདུག་དེ་དག་ཅིའི ་ཕྱིར་ཁྲིམས་ཐོག་ལ་མ་བསྐྱལ་བ་ཡིན། དངོས་གནས་དྲང་གནས་སྐད་ཆ་བཤད་སྟངས་དང་། གསར་འགོད་པར་ལན་རྒྱག་སྟངས་སྣང་བར་འགྲོ་མ་སོང་མ་སོང་མ་འོངས་པར་འདི་རིགས་ལ་ཡར་རྒྱས་དང་གཟབ་གཟབ་གནང་བའི་རེ་བ་ཡོད།

    Reply
  7. སྐལ་བཟང་། says:
    ལོ་ 12 སྔོན།

    འོག་གི་གནས་ཚུལ་འདི་སྔོན་མ་ཞིག་ལ་བདེ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གི་གསང་མྱུལ་བ་འཇུས་པའི་གནས་ཚུལ་སྐོར་རེད།

    དྲི་བ། ཀརྨ་དང་ཁྱེད་གཉིས་ཀྱིས་སྤེན་པ་འཛིན་བཟུང་བྱས་རྗེས་བདེ་སྲུང་ལ་ཇི་ལྟར་རྩིས་སྤྲོད་བྱས་ཡོད་དམ།

    ལན། དེ་ནས་ངས་སྤེན་པ་ལ། ཁྱོད་བདེ་སྲུང་ལ་སྤྲོད་དགོས་སམ་རྒྱ་གར་ཉེན་རྟོག་པར་སྤྲོད་དགོས་ལབ་ཡིན། ཁོས་བདེ་སྲུང་ལ་སྤྲོད་རོགས་ལབ་སོང་། ང་བདེ་སྲུང་ལ་འབྲེལ་བ་བྱེད་ས་མི་འདུག ཡང་བསྐྱར་ཁོ་ལ་དྲིས་ཏེ་ཁ་པར་ཨང་གྲངས་ཤིག་རག་སོང་ཡང་དེ་ལེན་མཁན་མི་འདུག དེ་ནས་ངྷ་རམ་ས་ལའི་རོགས་པ་སྐུ་ཤོག་ཅིག་ལ་ཁ་པར་བཏང་སྟེ་བདེ་སྲུང་ལས་ཁུངས་ལ་མངགས་པ་ཡིན། ཉི་མ་དེའི་ཕྱི་ཉིན་འཕྱི་བོ་ཙམ་ལ་གཞི་ནས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་དང་ཀརྨ་རིན་ཆེན་གཉིས་འབྱོར་སོང་། ངས་གནས་ཚུལ་ཆ་ཚང་ཞུས་ཏེ་ད་ཁྱེད་རང་ཚོར་རྩིས་སྤྲོད་བྱས་པ་ཡིན། ཁྱོད་ཚོས་ལས་ཀ་ཡག་པོ་བྱས་ན་གསང་མྱུལ་བ་གཉིས་པ་ཞིག་ཀྱང་འཇུ་ཐུབ་ས་རེད་ལབ་ཡིན། ཀརྨ་རིན་ཆེན་གྱིས། ཞེ་དྲག་ཞེ་དྲག་བྱེད་ཡ་ཡོད་པ་མ་རེད། བོད་ནང་དང་འདི་གཉིས་འདྲ་གི་མ་རེད་ལབ་སོང་། ང་སེམས་པ་ཞེ་དྲག་ཕམ་སོང་། དེ་ནས་ངས་ཀརྨ་རིན་ཆེན་ལ། ང་ཁྱོད་ལ་ཡིད་ཆེས་མེད། ང་ཐོག་མ་རྒྱ་གར་ནང་འབྱོར་སྐབས། ང་ལ་ཚིག་ཐོ་ལེན་མཁན་ཀརྨ་རིན་ཆེན་རེད། ང་ཡོང་ལུགས་ཡོང་སྟངས་ཆ་ཚང་དྲང་མོར་བཤད་སྐབས། ཁོས་ང་ལ་ཁྱོད་ཀྱིས་སྙན་ཞུ་ཞིག་ཕྲིས་ཤོག་དང་། ཁྱོད་ཆབ་སྲིད་བཙོན་པའི་ནང་གཏོང་ཐབས་བྱེད་དགོས་ལབ་སོང་། ངས་རྗེས་སུ་སྙན་ཞུ་ཞིག་བྲིས་ཀྱང་ལན་གང་ཡང་འབྱོར་མ་སོང་།

    སྐབས་དེར་ངའི་རོཊ་པ་ཀརྨས་བརྙན་(video)ལེན་རྒྱུ་ཡིན་ལབ་སྐབས། ཀརྨ་རིན་ཆེན་གྱིས་བརྙན་མ་ལེན་ལབ་སོང་། ང་ཚོས་བརྙན་ལེན་དང་མི་ལེན་གྱི་རྙོག་དྲ་ཞིག་བྱུང་སྐབས་ངའི་རོགས་པ་ཁོང་ཁྲོ་ལངས་ཏེ་ཅོག་ཙེ་སྒང་ལ་ཁུ་ཚུར་ཞིག་གཞུས་སོང་། ངས་ཁོ་རང་གི་ལག་པར་འཇུས་ཡིན། དེ་ལྟར་ཟ་ངེ་ཟེང་ངེ་ཞིག་ཆཊ་པའི་བར་ནས་ཀརྨ་རིན་ཆེན་དང་དངོས་གྲུབ་རྡོ་རྗེ་གཉིས་བྲོས་ཚར་འདུག སྒོ་ཕྱི་ལོགས་ནས་བརྒྱབ་འདུག ཀརྨ་རིན་ཆེན་གྱི་བདེ་སྲུང་ལས་བྱེད་ཀྱི་ངོས་འཛིན་ལག་ཁྱེར་ཡང་གཡུགས་ཏེ་བྲོས་འདུག

    Reply
  8. ཨེ says:
    ལོ་ 12 སྔོན།

    གནས་ཚུལ་འདི་རིགས་ལ་བརྟག་དཔྱད་མ་བྱས་པར་གང་བྱུང་བརྒྱུད་བསྒྲགས་བྱས་པ་ཡིན་ན། སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གནོད་པ་མ་ཟད། བརྒྱུད་བསྒྲགས་བྱེད་མཁན་དོ་བདག་ལའང་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་སྲིད་སྐོར་བརྗོད་དོན། སྤྱི་ཚོགས་ཀྱི་དྲ་ལམ་ཁག་གི་ནང་གནས་ཚུལ་ཞིབ་ཕྲ་མ་བརྟག་མ་དཔྱད་པར་གང་དྲན་བཀོད་རྒྱུ་དེ་རྩ་བ་ནས་ཡག་པོ་མི་འདུག གནས་ཚུལ་ཆ་ཚང་རྟོགས་རྗེས་མང་ཚོགས་ལ་བརྒྱུད་བསྒྲགས་གནང་བ་ཡིན་ན་འོས་པ་ཞིག་རེད། དེ་མིན་གང་བྱུང་བརྒྱུད་བསྒྲགས་གནང་བ་ཡིན་ན་སྤྱི་ཚོགས་ནང་དོགས་འདྲོག་ཡོང་རྒྱུ་དང་། དེ་ཡང་འབར་རྫས་རིགས་དང་། ལྷག་པར་བཞུགས་སྒར་གླིང་སྐོར་ཉེ་འཁོར་དུ་རྙེད་པ་རེད་ཅེས་ཧ་ལམ་ཆ་ཚང་ཧ་གོ་གི་ཡོད་པ་ལྟ་བུ་བྱས་ཏེ། སོ་སོའི་ངོས་ནས་ཞིབ་འཇུག་མཐིལ་ཕྱིན་བྱས་པ་ལྟ་བུ་གནང་ན་རྩ་བ་ནས་ཡག་པོ་མི་འདུག དེས་ང་ཚོའི་སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གནོད་པ་མ་ཟད། དོ་བདག་རང་ཉིད་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་སྲིད་པ་རེད། གང་ཡིན་ཞེ་ན་གནས་ཚུལ་འདི་རིགས་ཧ་ཅང་ཉེན་ཚབས་ཆེན་པོ་ཡིན་པར་བརྟེན། མ་འོངས་པར་ཚང་མས་ཐུགས་གཟབ་གནང་རོགས་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

    Reply
  9. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    སྒྲིགས་འཛུགས་འདིས་གང་ཡག་ཡག་མ་
    གཏོགས་གནས་ཚུལ་སྡུག་པ་ཚང་མ་
    སྦས་གསང་བྱེད་མཁན་མིན་ནམ་སྙམ་པའི་དོག་པ་སྐྱེད་ཀྱི་འདུག་

    Reply
  10. ཐོ་རེངས། says:
    ལོ་ 12 སྔོན།

    མི་འདིའི་གདོང་པ་ལ་བལྟས་ན་འབར་རྫས་ཆེན་པོ་ཞིག་འགད་སོང་པ་འདྲ་པོ་འདུག་སྟེ། གང་ལྟར་སྐྱབས་བཅོལ་པའི་ས་ཆར་འཇིགས་བསྐུལ་པ་འོང་རྒྱུ་མ་རེད། ཁོང་ཚོ་སྟོབས་ཆེན་རྒྱལ་ཁབ་ཚོ་ལ་འདྲན་མཁན་རེད་མ་གཏོགས། སྐྱབས་བཅོལ་པ་ལ་འཇིགས་བསྐུལ་བྱས་ན་བྲོ་བ་ཅི་ཡོད། གད་སྙིགས་ལ་མ་སྐྲག་ཅིག སེམས་ལྷོད་པོར་བཞུགས་རོགས། འུར་མ་ལང་། འུར་མ་ལང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese