མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“ ཡི་གེ་བཏང་ཡིན། ཡི་གེ་འབྱོར་སོང་།”

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༥༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཉེར་བདུན་པ་དེ་དྷ་རམ་ས་ལར་ཉིན་གཉིས་རིང་ཚོགས་སོང་། བོད་རྒྱ་ཞི་མོལ་ཞེས་པའི་ཡིག་འབྲུ་འདི་གཉིས། བོད་རྒྱ་ཆེའི་མང་ཚོགས་ཀྱིས་མིག་གིས་ལྟ་ས་དང་རྣ་བས་ཉན་ས་ཡིན། ཡིག་འབྲུ་འདི་གཉིས་ཀྱི་ཆེད་དུ་བོད་ནང་དུ་མིའི་ལུས་ན་མེ་འབར་བཞིན་ཡོད། འོན་ཀྱང་། དབྱིན་སྐད་དུ་ “ཡི་གེ་བཏང་ཡིན། ཡི་གེ་འབྱོར་སོང་།” ཞེས་པའི་ཁ་རྒྱུན་ལྟར། ཉིན་གཉིས་ཀྱི་ཚོགས་འདུ་དེ་བརྒྱུད་ནས་མང་ཚོགས་ལ་རག་པ་ནི། ཚོཊ་འདུ་ཚོཊ་སོང་། ཚོཊ་འདུ་གྲོལ་སོང་ཟེར་བ་འདི་གཉིས་རེད།

མང་ཚོགས་ཀྱི་སེམས་པའི་ནང་དུ། ཞི་མོལ་ཚོགས་ཆུང་འདི་ལ་རིན་ཐང་གི་ལྟ་བ་བསླེབས་དོན། སྔོན་ཆད་བོད་པའི་སྐུ་ཚབ་རྣམས་གྲོས་མོལ་ཆེད་རྒྱ་ནག་ཏུ་འགྲོ་ཁ་དང་། རྒྱ་ནག་ནས་ཕྱིར་ལོག་མཚམས་བསྐྱར་ཞིབ་བྱེད་ཆེད་བཅས་ལ་འཚོཊ་བཞིན་ཡོད་སྟབས། ཚོཊ་འདུ་དེ་ཤི་བོའི་ཞེ་མཁྲེང་ས་དང་གསོན་པོའི་མིག་ཅེར་ས་ཆགས་པ་རེད། ཉིས་སྟོང་བཅུ་ལོ་ནས་བོད་རྒྱའི་འབྲེལ་ལམ་ཆད་ཀྱང་། ཚོགས་ཆུང་གི་ཚོགས་འདུ་རིམ་བསྟུད་དུ་ཚོགས་ཏེ། འབྲེལ་མོལ་རྗེས་སུ་ལུས་ཤིང་ཚོགས་འདུ་སྔོན་དུ་ཕྱིན་ཡོད།

ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དེ་ད་ལྟ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་ཆགས་འདུག ཚོགས་ཆུང་གི་ཚོགས་མི་རྣམས་ཀྱང་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོར་བརྡར་ཐོབ་པའི་ལས་འགུལ་བ་ཆགས་འདུག གྲངས་ཚད་ཉེར་བདུན་ལ་སླེབས་པའི་ཞི་བའི་ལས་འགུལ་དེའི་དགོས་འདུན་དོན་ཚན་གཉིས་ནི། བོད་ཕྱོགས་ལ་གྲ་སྒྲིག་ཨང་གསར་ཡོད་པ་དང་། དབུ་མའི་ལམ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་གཉིས་རེད། ད་དུང་རྒྱ་ནག་དང་རྒྱལ་སྤྱིར་ཉམས་ཞིབ་བྱས་ཚུལ་གྱི་སྐད་ཆ་འདྲ་ཆགས་པོ་ཞིག་ཀྱང་ཡོད།

ད་ལྟ་མང་ཚོགས་ནང་གླེང་གཞི་གསར་པ་ཞིག་ཡོང་གི་ཡོད་པ་ནི། བཀའ་ཤག་གིས་བོད་རྒྱའི་འབྲེལ་ལམ་མཐུད་མ་ཐུབ་པ་རེད་དམ། ཡང་ན་མཐུད་མ་འདོད་པ་རེད་ཟེར་བ་འདི་རེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་བྱ་བྱེད་ལས་གསུམ་ལ་རིན་ཐང་སྤྲོད་མཁན་དེ། ལྕག་སྒྲོག་དང་མེ་མདའི་འོག་ན་སྡོད་པའི་བོད་ནང་གི་བོད་མི་ཚོ་དང་། ཕ་མ་སྤུན་མཆེད་དང་ཕ་ས་ཕ་ཡུལ་ཡ་བྲལ་དུ་སོང་བའི་ཕྱི་ལོགས་ཀྱི་སྤྲངས་ཁྱམ་པ་དག་རེད།

རྒྱལ་ཁབ་གཉིས་དང་གསུམ་གྱི་མི་སེར་བཟོས་ཤིང་། གཞིས་ཁྱིམ་གཉིས་དང་གསུམ་ལ་མངའ་དབང་མཛད་མཁན་ཆེན་པོ་མཐོན་པོ་ཚོས། ཆབ་སྲིད་སྐྱབས་བཅོལ་བའི་དབུ་ཁྲིད་ཅིག་གི་ལས་འགན་གཙོ་བོ་ཟུར་དུ་བཞག་སྟེ། སློབ་གྲྭའི་ཕྲུ་གུ་དང་གཞིས་མི་རྒན་འཁོགས་ཚོའི་ངོ་སོ་བཙལ་ནས་ལོ་ཟླ་བསྐྱེལ་ན། མང་ཚོགས་ནང་གི་གླེང་ཕྱོགས་གསར་པ་དེར་གནས་ལུགས་རྒྱུ་མཚན་མེད་པ་དང་། དོགས་པ་བྱེད་སའི་གཞི་རྩ་མེད་པའི་བསྙོན་འཛུགས་ཤིག་ག་ལ་ཡིན།

བཀའ་ཤག་སྐབས་བཅུ་གསུམ་གྱི་ལས་འགན་འཁྱོལ་བ་དང་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་སྲིད་བྱུས་དེ་ཡང་མཇུག་བསྒྲིལ་ཡོད། རྒྱ་ནག་གཞུང་གིས་བོད་པའི་ཆབ་སྲིད་ཀྱི་མགོ་ཁྲིད་དང་གྲོས་མོལ་བྱེད་འདོད་མེད་པ་དེར། སྲིད་སྐྱོང་མཆོག་ལ་འགན་འཁུར་མེད་པའི་རྣམ་པ་སྟོན་ཆེད། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་སྐོར་བརྒྱ་ཚར་དང་སྟོང་ཚར་སྐྱོར་ཏེ། མང་ཚོགས་“ལྷིང་འཇགས་པོ།”ཡོང་ཐབས་ཙམ་ལ་ཞེ་འཁྲེང་ནས་སྡོད་པ་ལས། ཡང་དག་པའི་ཐབས་ལམ་སྣ་ཚོགས་དང་། དོན་དང་ལྡན་པའི་བརྒྱུད་ལམ་འདྲ་མིན་བེད་སྤྱོད་བཏང་སྟེ་བོད་རྒྱའི་འབྲེལ་བ་མཐུད་ཐབས་དང་། གལ་སྲིད་དེ་ལྟར་མ་བྱུང་ཚེ་བསྐྱར་དུ་༧གོང་ས་མཆོག་གི་མཚན་གནས་གཡར་ན་མི་ལེགས་སམ།།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༦ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese