མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ཤི་བརྒྱབ་ནས་ཁྱིམ་གྱི་རྒྱུ་ནོར་དང་གྲོགས་པོའི་བདེ་འཇཊ་སྲུང་།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ནས་བཟུང་རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་རྒྱུན་ལྡན་མིན་པར་འདས་གྲོངས་སུ་འགྲོ་བའི་གྲངས་འབོར་འཕར་བཞིན་ཡོད་ཅིང་། དཔྱད་བརྗོད་པ་མང་པོ་ཞིག་གིས་དེ་ནི་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་ལ་འབྲེལ་བ་ཡོད་སྐོར་བརྗོད་འདུག

རྒྱ་གཞུང་གི་ཏང་གི་ཚོགས་ཆེན་ ༡༨ ཚོགས་པའི་རྗེས་སུ་རྒྱ་གཞུང་གི་དཔོན་རིགས་མང་པོ་ཞིག་རྒྱུན་ལྡན་མིན་པར་འདས་གྲོངས་སུ་ཕྱིན་བའི་གྲངས་འབོར་ལྡབ་གསུམ་འཕར་ཡོད་པ་དང་། དཔྱད་ཞིབ་པ་ཁག་ཅིག་གིས། དཔོན་རིགས་ཚོས་རང་ཤི་རྒྱག་བཞིན་པའི་གནད་དོན་དེ་མི་སྒེར་གཅིག་གཉིས་ཀྱི་གནད་དོན་ཞིག་མིན་པར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནད་དོན་ཞིག་ཡིན་སྟབས། རྒྱ་གཞུང་ནས་དེ་ལ་འགྲེལ་བཤད་གསལ་བོ་ཞིག་བྱ་དགོས་ཚུལ་བརྗོད་འདུག་ལ། ཡང་དཔྱད་ཞིབ་པ་ཁག་ཅིག་གིས་རྒྱ་ནག་དཔོན་རིགས་མང་པོ་ཞིག་གིས་རང་ཤི་རྒྱག་བཞིན་པའི་གནད་དོན་དེ་གུང་ཁྲན་ཏང་གི་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་ཅིང་། ལྐོག་ཟ་རུལ་སུངས་མེད་པར་བཟོ་དགོས་ན་གུང་ཁྲན་ཏང་མེད་པར་བཟོས་ཏེ་དམངས་གཙོའི་ལམ་སྲོལ་ཐོག་བསྐྱོད་དགོས་ཚུལ་བརྗོད་འདུག

ཟླ་སྔོན་མའི་ཚེས་ ༢༢ ཉིན་དབྱིན་ཇིའི་དཔལ་འབྱོར་དྲ་བའི་རྒྱ་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༢ ལོ་གཅིག་པུར་རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ ༡༢ ཀྱིས་རང་ཤི་བརྒྱབ་ཡོད་ཅིང་། དེ་དག་ཁྲོད་མི་ ༤ ལྐོག་ཟ་རུལ་སུངས་གྱོད་དོན་དང་འབྲེལ་བ་ཡོད་འདུག ༢༠༡༣ ལོར་དཔོན་རིགས་ ༧ གྱིས་རང་ཤི་བརྒྱབ་ཡོད་པའི་ཁྲོད་མི་གཉིས་ལྐོག་ཟ་རུལ་སུངས་ལ་འབྲེལ་བ་ཡོད་འདུག ༢༠༡༤ ལོར་ལྡབ་གསུམ་འཕར་ཏེ་མི་ ༣༩ ཡིས་རང་ཤི་བརྒྱབ་ཡོད་པ་ལས་མི་ ༡༠ ལ་ལྐོག་ཟ་རུལ་སུངས་དང་འབྲེལ་པ་ཡོད་འདུག ལོ་སྔོན་མའི་ཟླ་ ༡༡ པའི་ཚེས་ ༣ ཉིན་ཚད་ཞིན་ (Caixin)དྲ་བའི་སྟེང་གནས་ཚུལ་སྤེལ་པ་ལྟར་ན། ༢༠༡༤ ལོའི་ཟླ་ ༡ ནས་ཟླ་ ༩ བའི་བར་དཔོན་རིགས་ ༣༢ ཀྱིས་རང་ཤི་བརྒྱབ་ཡོད་ཅིང་། དེའི་ཁྲོད་ཀྱི་དཔོན་རིགས་མང་པོ་ཞིག་གིས་རང་ཤི་རྒྱག་དགོས་པའི་རྒྱུ་མཚན་ཁ་གསལ་མེད་ཀྱང་། ཁ་ཤས་ལ་ལས་ཀའི་གནོན་ཤུགས་དང་། ཁ་ཤས་སེམས་ཀྱི་དཀའ་ངལ་འོག་རང་ཤི་རྒྱག་པའི་ལམ་ཁ་བདམས་པ་ཡིན་སྲིད་བརྗོད་འདུག

ཀྲུང་གོ་གཞོན་ནུའི་ཚགས་ཤོག་ལུང་འདྲེན་བྱས་པའི་ནང་དུ། ༢༠༡༣ ལོའི་ཟླ་ ༡ ཚེས་ ༡ ཉིན་ནས་ ༢༠༡༤ ལོའི་ཟླ་ ༤ ཚེས་ ༡༠ ཉིན་བར་རྒྱུན་ལྡན་མིན་པར་འདས་གྲོངས་སུ་ཕྱིན་པའི་དཔོན་རིགས་གྲངས་ ༥༤ ཡོད་པ་དང་། དེའི་ཁྲོད་ཀྱི་མི་ ༢༣ གྱིས་རང་ཤི་བརྒྱབ་ཡོད་འདུག གཞན། ཞིན་ཅིན་ཚགས་ཤོག་གིས་གནས་ཚུལ་སྤེལ་པ་ལྟར་ན། ༢༠༡༤ ལོའི་ཟླ་ ༡ ཚེས་ ༡ ནས་ཟླ་ ༧ པའི་ཚེས་ ༣༡ བར་དཔོན་རིགས་ ༣༡ ཙམ་རྒྱུན་ལྡན་མིན་པར་འདས་གྲོངས་སུ་ཕྱིན་ཡོད་འདུག རྒྱ་ནག་གཞུང་ཕྱོགས་ནས་མི་ ༡༦ ཙམ་གྱིས་རང་ཤི་བརྒྱབ་པ་དང་གཞན་གྱིས་བསད་བཅས་ཀྱི་དོན་རྐྱེན་འོག་གྲོངས་ཡོད་པ་ལས་མི་ ༡༣ ཙམ་ཁང་རྩེག་སྟེང་ནས་མར་མཆོངས་ཏེ་རང་ཤི་བརྒྱབ་པ་ངོས་ལེན་བྱས་ཡོད་འདུག

རྒྱ་ནག་གི་དཔོན་རིགས་ཚོ་རྒྱུན་ལྡན་མིན་པའི་འདས་གྲོངས་སུ་འགྲོ་བཞིན་པའི་གནས་ཚུལ་ཁྲོད། ཁང་རྩེག་སྟེང་ནས་མཆོང་པ་དང་སྐེ་ཐག་འཔྱང་སྟེ་ཤི་བ། ཆུའི་ནང་ལ་ལྕེབས་པ། སྨན་འདྲ་མིན་ཟོས་ནས་ཤི་བ། རང་གིས་རང་ལ་མེ་མདའ་བརྒྱབ་སོགས་ཡིན་འདུག

ཤི་བའི་རྒྱུ་རྐྱེན་ཐད་རྒྱ་གཞུང་ཕྱགོས་ནས་བྱ་བའི་གནོན་ཤུགས་དང་བཟའ་ཚང་གི་གནད་དོན། སེམས་ཁམས་ཀྱི་ནད་གཞི་ཡོད་པ་སོགས་ཡིན་ཚུལ་རྗོད་བཞིན་ཡོད་ཀྱང་། ཕྱིའི་དཔྱད་ཞིབ་པ་ཚོས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁྲོད་རང་ཤི་རྒྱག་བཞིན་པའི་གནད་དོན་གྱི་འབྱུང་རྐྱེན་གཙོ་བོ་ལྐོག་ཟ་རུལ་སུངས་ལ་དང་དབང་ཆ་སྒེར་སྤྱོད་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྐོར་བརྗོད་འདུག

ཟླ་སྔོན་མའི་ཚེས་ ༣༡ ཉིན་དབྱིན་ཇིའི་དཔལ་འབྱོར་དྲ་བའི་རྒྱ་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཞི་ཅིན་ཕིན་སྲིད་འཛིན་ཆགས་རྗེས་ཀྱི་ལོ་གཉིས་ལྷག་རིང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཚ་ནན་བཏང་བའི་བརྒྱུད་རིམ་ཁྲོད། ཁྱོན་བསྡོམས་རྒྱ་ནག་གི་དཔོན་རིགས་སྟག་དང་སྦྲང་མ་ཁྲི་ ༢༥ ལྷག་ལ་ཉེས་ཆད་དང་ཉེན་བརྡ་བཏང་ཡོད་ཅིང་། དེ་དག་ཁྲོད་ཀྱི་དཔོན་རིགས་མང་པོ་ཞིག་རྒྱུན་ལྡན་མིན་པའི་ཐོག་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག

འདས་གྲོངས་སུ་ཕྱིན་པའི་དཔོན་རིགས་དེ་དག་གི་ནང་མི་དང་ལས་རོགས། ངོ་ཤེས་གྲོགས་པོ་ཚོས་བརྗོད་པ་ལྟར་ན། འདས་གྲོངས་ཕྱིན་པ་ནི་ཆེས་རླབས་ཆེན་གྱི་ཐབས་ལམ་ཞིག་བདམས་པ་རེད་ཟེར། གང་ཡིན་ཞེ་ན། འཆི་བ་ཡིས་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་ཞིབ་བཤེར་མཚམས་འཇོག་བྱེད་ཐུབ་པ་དང་། རང་དང་འབྲེལ་བ་ཡོད་པའི་མི་སྣ་དག་གི་བདེ་འཇགས་ཀྱང་སྲུང་སྐྱོབ་ཐུབ་ཟེར། ད་དུང་ཁྱིམ་ཚང་གི་རྒྱུ་ནོར་ཡོད་ཚད་སྲུང་སྐྱོབ་ཐུབ་པ་མ་ཟད། གལ་སྲིད་གྱོད་དོན་འོག་བཙོན་དུ་ཚུད་ཡོད་པ་དག་ཀྱང་ཀློད་གྲོལ་གཏོང་ཐུབ་པ་དང་། ཁོ་ཚོའི་རྒྱུ་ནོར་གཞུང་བཞེས་མི་གཏོང་བ་མ་ཟད་ཁོ་ཚོའི་རྒན་ཕོགས་ཀྱང་ཆ་ཚང་མུ་མཐུད་དུ་འཐོབ་ཀྱི་ཡོད་ཟེར།

ཟླ་སྔོན་མའི་ཚེས་ ༣༠ ཉིན་ཨེ་ཤ་ཡའི་རྒྱ་ཡིག་དྲ་བའི་སྟེང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཡད་ཏཱོ་ (Yedu)ཡིས། དཔོན་ངན་ཚོས་རང་ཤི་རྒྱག་པ་ནི་ཁོ་ཚོའི་རྒྱལ་ཁ་ལྟ་བུ་ཆགས་ཡོད། ཁོ་ཚོས་རང་ཤི་བརྒྱབ་པ་ཡིན་ན་ཁོ་ཚོའི་གྱོད་དོན་ཞིབ་བཤེར་མཚམས་འཇོག་ཐུབ་པ་དང་། ཁོ་ཚོས་ལྐོག་ཟ་བྱས་པའི་རྒྱུ་ནོར་ཡང་ཁོ་ཚོའི་ནང་མི་ཚོར་དབང་གི་རེད། དེ་ལས་གལ་ཆེ་བ་ཞིག་ནི་ཁོ་ཚོའི་གོང་གི་མཐོ་རིམ་དཔོན་རིགས་ཚོའང་མུ་མཐུད་དུ་གཞུང་ནང་གནས་ཐུབ་ཀྱི་ཡོད་སྟབས། རང་ཤི་བརྒྱབ་པ་ནི་ཁོ་ཚོའི་མཚོན་འགོག་ལྕགས་ཕུབ་ལྟ་བུ་དེ་ཆགས་ཡོད་ཅེས་བརྗོད་འདུག

ཡད་ཏཱོ་ཡིས་མུ་མཐུད་དུ་ “ད་ལྟ་དཔོན་རིགས་མང་པོ་ཞིག་རྒྱུན་ལྡན་མིན་པར་འདས་གྲོངས་སུ་སོང་ཡོད་པ་ལས་མང་ཆེ་བ་ལྐོག་ཟ་རུལ་སུངས་དང་འབྲེལ་པ་རེད། ཡིན་ན་ཡང་། གཞུང་ཕྱོགས་ནས་དེ་དག་ཤི་བའི་རྒྱུ་རྐྱེན་གཙོ་བོ་ནད་རིགས་འདྲ་མིན་ལ་ཁ་གཡར་ཡོད་ཀྱང་། དོན་དངོས་སུ་དེ་ཚང་མ་རྫུན་རེད། ཉེ་བའི་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་ཁྲོད་ན། གཅིག་ལ་གཅིག་བརྟེན་མིན་པ་སུ་ཞིག་འདུག ཚང་མ་གཅིག་གི་ཁེ་དབང་གཅིག་ལ་འབྲེལ་ནས་ཡོད་སྟབས། གཅིག་ལ་གནོད་སྐྱོན་བྱུང་ན་གཞན་དག་ལའང་རང་བཞིན་གྱིས་གནོད་སྐྱོན་ཕོག་གི་ཡོད། གལ་སྲིད་ཁོ་ཚོས་རང་ཤི་རྒྱག་པའི་ཡི་ལམ་ཁ་དེ་འདེམ་པ་ཡིན་ན། གཅིག་ནས་ཁོ་ཚོའི་ནང་མི་ཚོར་བདེ་འཇགས་ཡོང་ཐུབ་པ་དང་། གཉིས་ནས་ཁོ་ཚོའི་རྒྱབ་ཀྱི་ཁེ་དབང་གི་འབྲེལ་ཐག་རིང་པོ་དེར་ཡང་འགན་ལེན་ཐུབ་ཀྱི་ཡོད། དེར་བརྟེན། དཔོན་རིགས་ཚོའི་གདམ་ག་ཉག་ཅིག་དེ་རང་ཤི་རྒྱག་རྒྱུ་དེ་རེད།

ཡང་སྙིང་ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་འདི་ཆབ་སྲིད་གཙང་འཁྲུད་ཀྱི་དབང་ཆའི་འཐབ་རྩོད་ཅིག་ཡིན་པ་མ་ཟད། གདམ་ཀ་རང་བཞིན་ཅན་གྱི་ལམ་ཁ་ཞིག་ཀྱང་ཡིན་སྟབས། གལ་སྲིད་ད་རེབ་ཀྱི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་རླུང་མགོ་འཇོག་ཐུབ་བྱུང་ན་ཡང་། གོ་གནས་ཡར་འཕར་ཡོད་པའི་དཔོན་རིགས་དེ་ཚོས་ཀྱང་མུ་མཐུད་དུ་ལྐོག་ཟ་རུལ་སུངས་བྱེད་ངེས་རེད།” ཅེས་བརྗོད་འདུག

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྔོན་ཆད་ལོ་མང་ལས་ཀ་བྱས་མྱོང་བའི་མཱ་ཞའོ་མིན་ (Mashao Ming)གྱིས་བརྗོད་རྒྱུར། “རྒྱ་གཞུང་གི་དཔོན་རིགས་ཚོས་རང་ཤི་རྒྱག་བཞིན་པའི་གནས་ཚུལ་ཏེ་རྒྱ་གཞུང་ནང་ཁུལ་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་སྟབས་རྒྱ་ནག་གི་དཔོན་རིགས་ཁ་ཤས་ཀྱི་སེམས་ལ་གནོན་ཤུགས་དང་འཇིགས་སྣང་སྐྱེ་སྲིད་ལ། འཇིགས་སྣང་དེས་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ཀྱི་རྒོལ་རྡུང་ལ་ངར་ཤུགས་ཡོད་པ་ལྟ་བུ་ཞིག་ཀྱང་ཆགས་ཡོད་པ་རེད། འོན་ཀྱང་། དཔོན་རིགས་ག་ཚོད་ཀྱིས་རང་ཤི་བརྒྱབ་ཡོད་དམ། ཁོ་ཚོ་དང་ཁོ་ཚོའི་ཇག་ཚོགས་དེའི་ནག་ཉེས་དང་བསྡུར་ན། རང་ཤི་ཁ་ཤས་བརྒྱབ་པ་ཙམ་གྱིས་རིན་ཐང་ཉུང་དྲགས་པ་རེད། ཁོ་ཚོས་མི་ག་ཚོད་ལ་སྡུག་སྦྱོང་བཏང་ཡོད་དམ། རྒྱུ་ནོར་ག་ཚོ་ལྐོག་ཟ་བྱས་ཡོད་དམ། དོན་དངོས་སྟེང་ལྐོག་ཟ་རུལ་སུངས་རྒོལ་རྡུང་གི་རྒྱལ་ཁ་ངོ་མའི་མཚོན་རྟགས་ནི། ངེས་པར་ཏུ་དམངས་གཙོའི་ལམ་ལུགས་ལག་བསྟར་བྱ་དགོས་པ་དང་། ཏང་གི་དབང་ཆ་སྒེར་གཅོད་རྩ་མེད་བཟོ་རྒྱུ་དེ་ཁོ་ན་རེད།”ཅེས་བརྗོད་འདུག

རྒྱ་ནག་ནང་ཁུལ་གྱི་དཔྱད་ཞིབ་པ་ཁ་ཤས་ཀྱིས། རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་རྒྱུན་ལྡན་མི་པར་འཆི་ལམ་དུ་འགྲོ་བཞིན་པ་འདི་ནི་མི་སྒེར་གྱི་གནད་དོན་ཞིག་མིན་པར་སྤྱི་ཚོགས་ཀྱི་གནད་དོན་ཞིག་རེད། འོན་ཀྱང་། གཞུང་ཕྱོགས་ཀྱི་གསར་ལམ་ཁག་ཏུ་རང་ཤིའི་རྒྱུ་རྐྱེན་གཙོ་བོ་གསང་བ་བྱས་ཏེ་ཁྱབ་བསྒྲགས་བྱེད་ཀྱིན་མེད། གང་ལྟར། རྒྱུ་རྐྱེན་ག་རེ་ཡིན་ནའང་སྡོམ་ཚིག་རབ་རིབ་ཅིག་གིས་འགེབ་སྲུང་བྱས་ན་འགྲིག་གི་མ་རེད། གལ་སྲིད་དཔོན་རིགས་དེ་ཚོ་ནག་ཉེས་ལ་སྐྲག་ནས་རང་ཤི་རྒྱག་གི་ཡོད་ན། སྤྱི་ཚོགས་ལ་གནས་ཚུལ་དེ་ཤེས་པའི་དབང་ཆ་ཡོད་སྟབས། གཞུང་ཕྱོགས་ནས་མི་མང་ལ་ཡིད་ཆེས་འཕེར་བའི་གསལ་བཤད་རྩིས་སྤྲོད་ཅིག་ཡོད་དགོས། ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

༢༠༢༦/༠༤/༢༠
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་ ཡང་དཔྱད་ཞིབ་པ་ཁག་ཅིག་གིས་རྒྱ་ནག་དཔོན་རིགས་མང་པོ་ཞིག་གིས་རང་ཤི་རྒྱག་བཞིན་པའི་གནད་དོན་དེ་གུང་ཁྲན་ཏང་གི་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་ཅིང་། ལྐོག་ཟ་རུལ་སུངས་མེད་པར་བཟོ་དགོས་ན་གུང་ཁྲན་ཏང་མེད་པར་བཟོས་ཏེ་དམངས་གཙོའི་ལམ་སྲོལ་ཐོག་བསྐྱོད་དགོས་ཚུལ་བརྗོད་འདུག ་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese