༄༅།། ཇི་ལྟར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་ཡང་ཡང་གསོལ་བ་ཕུར་ཚུགས་སུ་བཏབ་དོན་བཞིན། ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ ༢༠༡༥ ཕྱི་ཟླ་ ༣ ཚེས་ ༧ ནས་ཚེས་ ༡༧ བར་འཇམ་དཔལ་མཚན་བརྗོད་རྩ་བ་དང་། ༧རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་བཤད་པ་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་ཉི་མ་ཆེན་པོ་བཅས་ཀྱི་བཤད་ཁྲིད་བསྩལ་རྒྱུའི་ཞལ་བཞེས་སྤྱི་སྨིན་བྱུང་བ་ལགས་ན། གསུང་ཆོས་སུ་བཅར་འདོད་ཡོད་རིགས་རྣམས་དུས་འཁོར་དབང་ཆེན་ཐོབ་པའམ། ཡང་ན་སྔགས་བླ་མེད་ཀྱི་དབང་གང་རུང་ངེས་པར་དུ་ཐོབ་པར་ཞིག་དགོས་ཤིང་། འབྲེལ་ཡོད་རྣམས་ཀྱི་གཤམ་གསལ་མཚན་དང་ཞལ་པར་ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་དེ་དོན་དགོངས་འཇགས་ཞུ།
དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་ ༢༠༡༥ ཕྱི་ཟླ་ ༢ ཚེས་ ༢༤ ལ།།
དུས་ཚོད།
ཉིན་རྒྱབ་ཆུ་ཚོད་དང་པོ་ནས་གསུམ་པ་བར།
ཆུ་ཚོད་ཕྱེད་ཀ་བར་གསེང་། ཆུ་ཚོད་གསུམ་དང་ཕྱེད་ཀ་ནས་ལྔ་དང་ཕྱེད་ཀ་བར།
འབྲེལ་བ་གནང་ཡུལ་གྱི་མཚན་དང་ཞལ་པར་ཨང་གྲངས།
༡། ཕྱག་མཛོད་བློ་བཟང་རྡོ་རྗེ། ༩༤༡༨༧༡༢༢༨༩
༢། ཕྱག་མཛོད་ཡེ་ཤེས་རྒྱ་མཚན། ༩༤༡༨༩༩༡༧༧༣
༣། ཕྱག་མཛོད་སྐལ་བཟང་རྒྱ་མཚོ། ༨༦༧༩༣༤༣༨༤༣