དེ་རིང་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༡།༣༠ སྟེང་། རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོས་བཏེགས་ཏེ། “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།” ཞེས་སྐད་འབོད་གནང་བཞིན་གོམ་བགྲོད་གནང་ཡོད་ཅིང་། ཅུང་ཙམ་རྗེས་ཉེན་རྟོག་པ་འབྱོར་ཏེ་ཁོང་བཙན་ཁྲིད་བྱས་ཡོད་འདུག
གྲྭ་དགེ་འདུན་ཕུན་ཚོགས་ལགས་ནི་རྔ་པ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་འགབ་མའི་ཕ་བཀྲ་རྒྱ་དང་། མ་རིག་གོ་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ད་ལོ་རང་ལོ་ ༡༨ ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ལོ་སྔོན་མའི་ནང་སྔོན་འགྲོའི་འཛིན་གྲྭ་ཁག་མཐར་ཕྱིན་ཡོད་འདུག ཅེས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།
ཞི་བའི་ངོ་རྒོལ་འདི་ལྟ་བུ་ནི། རང་གཞན་རོགས་གསུམ་ཀུན་ལ་ཕན། རང་ལུས་མེར་སྲེག་ནི། ཕན་འབྲས་ཆེ་ཆུང་ཤོད་དཀའ་ཙམ་མི་འདུག་གམ། ལགས།
གྲྭ་ཆུང་ལོ་གཞོན། ངོ་མ་སྙིང་ཚ་ཀི ཁྱེད་ལ་དཀོན་མཆོག་གསུམ་པོས་མགོན་སྐྱོབ་ཡོང་བར་སྨོན།