མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་སྒོ་བརྒྱབ་པ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ། ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་གི་རྩིས་པ་བློ་ཚེ་ལགས་ཀྱིས་འདི་གར་གནས་ཚུལ་ཞིག་མཁོ་སྤྲོད་གནང་བའི་ནང་། གདུང་སེལ་ཚོགས་ཆུང་གི་ལས་བསྡོམས་དང་རྩིས་ཁྲ་སོགས་ཟླ་འདིའི་ཚེས་ ༡༣ ཉིན་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ལ་ཕུལ་ཏེ་གདུང་སེལ་ཚོགས་ཆུང་སྒོ་བརྒྱབ་ཡོད་འདུག

དེའི་སྐོར་གྱི་གསལ་བསྒྲགས་ནང་འཁོད་པ་ལྟར་ན། གདུང་སེལ་ཚོགས་ཆུང་བཙུགས་པ་ནས་བཟུང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ནས་ཞལ་འདེབས་ཁྱོན་བསྡོམས་ཧིན་སྒོར་ ༤༨༣༣༩༡༢༠ ཙམ་འབྱོར་ཡོད་པ་དང་། དེ་དག་ལས་བོད་ནང་སྤྲད་ཟིན་པ་རྒྱ་སྒོར་ ༥༦༦༨༨༡༧ དང་། བོད་ནང་རོགས་དངུལ་སྤྲོད་པར་ཕྱིན་པའི་འགྲོ་སོང་རྒྱ་སྒོར་ ༣༡༨༠༡༡ ། དེ་བཞིན། བཙན་བྱོལ་ནང་ལས་ཀ་བྱས་པའི་འགྲོ་སོང་དང་ཆོས་ཕྱོགས་བཅས་ལ་ཧིན་སྒོར་ ༡༠༨༥༤༩༦ ཙམ་བཏང་ཡོད་སྐོར་སོགས་འཁོད་འདུག་པའི་གསལ་བསྒྲགས་ཧྲིལ་བོ་འོག་ཏུ་བཀོད་ཡོད།

ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་ཡུལ་ཤུལ་ཁུལ་དུ་ས་ཡོམ་འགུལ་ཚད་ ༧་༣ ཅན་ཞིག་བརྒྱབ་སྟེ་མི་རྒྱུ་གཉིས་ཀར་ཚད་ལས་བརྒལ་བའི་གནོད་སྐྱོན་ཐེབས་སྟབས། དྷ་རམ་ས་ལར་ཡོད་པའི་ཡུལ་ཤུལ་བ་རྣམས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་གནས་སྐབས་ངལ་སེལ་ཚོགས་ཆུང་ཞིག་བཙུགས་ཏེ། བཀའ་སྤྱི་གཉིས་ཀྱི་རྒྱབ་གཉེར་འོག་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཞལ་འདེབས་ཕོན་ཆེ་བྱུང་ཡང་ཕྱི་ཕྱོགས་ནས་ཞལ་འདེབས་བོད་ནང་དུ་འཕྲོད་འབྱོར་གྱི་ཐབས་ལམ་ཤིན་ཏུ་དཀའ་བར་བརྟེན། ཚོགས་ཆུང་གི་ངོས་ནས་རྒྱ་ནག་གཞུང་ཚབ་ཁང་དུ་ལན་མང་བཅར་ཏེ་ཐབས་ཤེས་ཇི་ཡོད་བཙལ་འབྲས་སུ་ཚོགས་མི་བཞི་བོད་དུ་བསྐྱོད་རྒྱུའི་མཐོང་མཆན་ཐོབ་པ་དང་། དེ་མཚུངས་རྒྱ་སྒོར་ཁྲི་ ༡༩༥ ས་གནས་སུ་ངལ་སེལ་བྱེད་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད། འོན་ཀྱང་ཚོགས་མི་བཞི་པོ་བོད་དུ་འབྱོར་རྗེས་ས་གནས་རྒྱ་ནག་གཞུང་ཕྱོགས་ནས་བཙན་བྱོལ་བོད་མིའི་སྐུ་ཚབ་ཀྱི་ངོ་བོར་བརྩིས་ཏེ་འགྲོ་འདུག་གང་ཅིར་བལྟ་སྲུང་དང་ཚོད་འཛིན་བྱས་ཏེ་གཞུང་གི་ཆོག་མཆན་འོག་ནས་རྒྱ་སྒོར་ཁྲི་ ༡༩༥ ལྷག་བགོ་སྤྲོད་ཆོག་མཆན་ཡོད་པ་དེར་ཡང་ཀ་ཀོར་དུས་འགྱངས་ཀྱིས་དངོས་སུ་མི་མང་ནང་བགོ་སྤྲོད་བྱེད་རྒྱུར་ལོ་གསུམ་འགོར་ཞིང་། གཞན་རྣམས་ལྐོག་ནས་འཚོལ་ཞིབ་ཀྱིས་གསང་སྟབས་ངང་བགོ་སྤྲོད་ཞུ་སྐབས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་དེ་ཡུན་རིང་དུས་འགོར་བྱུང་།

བར་སྐབས་ཤིག་ནས་བཙན་བྱོལ་དུ་ཡོད་པའི་ཕ་ཡུལ་གཅིག་པ་མང་པོས་སྐད་འཕྲིན་ཚོགས་པ་འདྲ་མིན་བཙུགས་ཏེ་ཞལ་འདེབས་རོགས་དངུལ་གང་དག་བྱུང་བ་རྣམས་གོ་ཐོས་མཐོང་གསུམ་གང་ཡང་མི་འདུག ས་གནས་ས་ཐོག་ཏུ་འཕྲོད་འབྱོར་བྱུང་མེད་ཚུལ་བརྗོད་དེ་ལབ་གླེང་འདྲ་མིན་དང་། ཐད་ཀར་བོད་ནང་སྡེ་དགོན་ག་གེ་མོ་དེ་རིགས་ལ་ཁ་པར་བཏང་སྟེ་འདྲི་རྩད་ཀྱང་བྱས་ཡོད་ཚོད་འདུག གླེང་སློང་དེ་དག་གི་དབང་ལས་དེ་སྔོན་ཞལ་འདེབས་འཕྲོད་འབྱོར་བྱུང་ཟིན་པ་ནས་ལེན་མ་ནུས་པར་ཕྱིར་སློག་བྱེད་མཁན་བྱུང་ལ། ཁག་ཅིག་ལ་ལག་སོན་བྱུང་ཡོད་ཀྱང་སྐབས་འཕྲལ་སོ་སོར་ལག་སོན་བྱུང་ཞེས་བརྗོད་མ་ནུས་པ་སོགས་ཀྱི་དཀའ་ངལ་ཡང་བྱུང་།

གཞན་ཡང་བཙན་བྱོལ་ནང་གི་ས་གནས་འདྲ་མིན་གྱི་ཡུལ་ཤུལ་བ་མི་གྲངས་ ༡༨ ལས་གྲུབ་པའི་རྒྱབ་སྐྱོར་ཚོགས་པའི་མིང་ཐོག་ནས་ཉིན་གྲངས་བརྒྱད་རིང་ཞིབ་འཇུག་གནང་རྗེས་གྲུབ་དོན་རྣམས་བཀའ་སྤྱི་གཉིས་ལ་སྙན་སེང་ཞུས་ཡོད་ལ། བོད་ཀྱི་དུས་བབ་དང་། བོད་ཀྱི་བང་ཆེན་ཐོག་ཏུའང་གསར་འགོད་གསལ་བསྒྲགས་གནང་ཡོད་པ་རེད།

ད་ལན་ཚོགས་ཆུང་གི་ལས་གཞི་ཡོངས་རྫོགས་འཇུག་བསྡོམས་བྱ་རྒྱུར་སོང་། ཞིབ་ཕྲའི་ལས་བསྡོམས་དང་བྱུང་སོང་གི་རྩིས་ཁྲ་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུས་ཡོད་ལ། ངོ་བཤུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུའང་ཕུལ་ཡོད། འོན་ཀྱང་ང་ཚོར་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་རྒྱ་ཆེའི་མི་མང་རྣམ་པས་མཁྱེན་རྟོགས་སླད་བྱུང་སོང་གི་ལས་བསྡོམས་སྙིང་བསྡུས་ཤིག་ཞུ་རྒྱུར།

༡༽ ཁྱོན་བསྡོམས་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཞལ་འདེབས་བྱུང་བ་ཁྱོན་ཧིན་སྒོར་ ༤༨༣༣༩༡༢༠ ཐམ་པ་བྱུང་།

༢༽ སྐྱེ་རྒུ་མདོར་ས་ཡོམ་གོད་ཆགས་ཐེབས་པའི་མི་མང་ནང་ཞིབ་འཇུག་བྱས་ཏེ་མང་ཚོགས་ཁྲོད་དགོས་མཁོ་དང་མཐུན་པའི་ཅ་དངོས་དང་།དངུལ་སྨར་གྱི་རོགས་སྐྱོར་དངོས་སུ་སྤྲད་ཐུབ་པ་རྒྱ་སྒོར་༥༦༦༨༨༡༧ ཐམ་པ་བགོ་འགྲེམས་ཐུབ་པ་བྱུང་ཡོད།

༣༽ ཚོགས་མི་བཞི་བོད་དུ་བསྐྱོད་སྐབས་འགྲིམ་འགྲུལ་དང་། ཟས་གྲོན། བོད་ནང་འབྲེལ་མཐུད་པའི་ལས་ཡུན་ལོ་གསུམ་གྱི་རྒྱུན་གྲོན་ལ་རྒྱ་སྒོར་ ༣༡༨༠༡༡ ཐམ་པ་སོང་།

༤༽ བཙན་བྱོལ་ནང་རྒྱུན་གྲོན་དང་། བདུན་ཚིགས་དང་། ཞེ་དགུ། ལོ་མཆོད་བཅས་ཀྱི་རྗེས་མཇུག་གི་འགྲོ་གྲོན་ལ་ཧིན་སྒོར་ ༡༠༨༥༤༩༦ ཐམ་པ་སོང་།

༥༽ བོད་དུ་རོགས་དངུལ་བཏང་ཟིན་ཀྱང་ས་གནས་ནས་ལེན་མ་ནུས་པར་རྗེས་སུ་ཕྱིར་སློག་བྱུང་བ་ཁག་ཡུལ་ཤུལ་འདས་གསོན་གཉིས་ཀྱི་སྐྱབས་རྟེན་དང་བསྔོ་རྟེན་ཆེད་བཙན་བྱོལ་དུ་ཡོད་པའི་བླ་ཆེན་རྣམ་པ་དང་། ཆོས་བརྒྱུད་ཁག་གི་སྨོན་ལམ་ཐེབས་རྩ། དེ་བཞིན་ཕྱི་ལོ་ ༢༠༡༤ ལོར་ལ་དྭགས་དུས་འཁོར་དབང་ཆེན། ཕྱི་ལོ་ ༢༠༡༦ ལོའི་རྡོར་གདན་དུས་འཁོར་དབང་ཆེན་གྱི་ཞལ་འདེབས་བཅས་རྣམ་གྲངས་ཁག་བཅུ་ལ་ཁྱོན་བསྡོམས་ཧིན་སྒོར་ ༢༠༥༠༠༠༠ ཐམ་པ་བགོ་འགྲེམས་ཞུས་པ་ཡིན།

༦༽ ཐོག་མར་ཕྱི་ལོ་ ༢༠༡༠ ལོར་ཚོགས་ཆུང་གསར་འཛུགས་སྐབས་ཚོགས་མི་སྒེར་གྱི་དངུལ་ཁང་གི་ལག་དེབ་གཡར་པོ་ཞུས་ཏེ་རོགས་དངུལ་ཕོན་ཆེ་ཞིག་ཉར་འཇོག་བྱ་དགོས་བྱུང་བས་དངུལ་ཁང་གི་རྙོག་དྲ་ཞིག་ད་དུང་གཙང་སེལ་ཆགས་མེད་སྟབས། ད་ཆ་ཚོགས་ཆུང་གི་ལས་གཞི་སྒོ་བརྒྱབ་རྗེས་རྙོག་དྲ་བསྐྱར་ལང་གི་འགྲོ་གྲོན་མང་པོ་གཏོང་དགོས་བྱུང་ཚེ། ཚོགས་ཆུང་གི་ཚོགས་མི་སྒེར་སོ་སོའི་ངོས་ནས་བསྡུ་རུབ་ཡོང་ཐབས་མེད་པར་བརྟེན། དེ་དག་གཙང་བཟོའི་ཁ་མཆུ་དང་། དངུལ་ཆད་འགྲོ་གྲོན་གཏོང་དགོས་རིགས་བྱུང་ཚེ་དེའི་འགྲོ་གྲོན་ཆེད་ཧིན་སྒོར་ ༩༤༦༠༠༠ ཐམ་པ་ཞིག་ཟུར་བཅད་ཀྱིས་འབྲེལ་ཡོད་ཚོགས་མིའི་ལག་ཏུ་ཡོད། དངུལ་ཁང་གི་རྙོག་དྲའི་གདོང་ལེན་དང་། འགྲོ་གྲོན་ཇི་སོང་དེ་ནས་ནར་གཏོང་ཞུས་པའི་དངུལ་ལྷག་ཇི་ཡོད་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ གོང་བཀའ་ཤག་ལ་འབུལ་རྒྱུ་དང་། ཚོགས་ཆུང་སྒོ་བརྒྱབ་རྗེས་དྲན་སྐུལ་དང་། བརྡ་དེད་བྱེད་མཁན་མེད་སྟབས་འབྲེལ་ཡོད་ལག་དེབ་ཀྱི་དོ་བདག་དགེ་འདུན་ཚེ་འཕེལ་གྱིས་རང་དོན་རང་གཅེས་ཐོག་བཀའ་ཤག་ལ་འབུལ་རྒྱུར་ཚོགས་ཆུང་དང་འབྲེལ་ཡོད་དབར་གན་རྒྱ་བཞག་སྟེ་ངོ་བཤུས་བཀའ་ཤག་ལ་ཕུལ་ཡོད།

༧༽ ས་ཡོམ་གོད་ཆགས་ཀྱི་སྔ་ཕྱི་བར་གསུམ་གྱི་འབྲེལ་ཡོད་གནས་ཚུལ་ཕྱོགས་བསྡུས་ཞུས་པའི་དཔེ་དེབ་པར་སྐྲུན་དང་། དེའི་འགྲོ་གྲོན་ཆེད་ཧིན་སྒོར་ ༡༠༥༥༩༦ ཐམ་པ་ལྷག་ཡོད།

ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༧ ཉིན་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་བཙུགས་པ་ནས་ད་བར་གྱི་ལས་བསྡོམས་དང་། རྩིས་ཁྲ་ཡོངས་རྫོགས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༣ ཉིན་བཀའ་ཤག་ལ་རྩིས་འབུལ་ཞུས་ཏེ་ངོ་བཤུས་སྤྱི་འཐུས་རྒྱུན་ལས་སུའང་ཕུལ་ཡོད།

ཚོགས་ཆུང་གི་ཐོག་མཐའ་བར་གསུམ་གྱི་ལས་གཞི་དང་། གནད་དོན་ཡོད་དོ་ཅོག་བཀའ་ཤག་ལ་སྙན་གསེང་དང་ལམ་སྟོན་ཞུས་ཡོད་ལ། ཚོགས་ཆུང་གི་ངོས་ནས་རྩིས་ཤོག་དང་། ཡིག་ཆ། པར་རིགས་ཁག་བཅས་བཀའ་ཤག་ལ་ཕུལ་རྗེས་ཚོགས་ཆུང་འདི་ཉིད་སྒོ་བརྒྱབ་པ་ཡིན།

དཔྱད་གཞིའི་ཡིག་ཆ་དང་པར་རིགས་ཕུལ་བ་ཁག་གཤམ་གསལ།

༡༽ ངལ་སེལ་རོགས་སྐྱོར་ཞུས་པའི་པར་རིགས་གྲངས། ༢༤༡༣ ། ༢༽ རོགས་སྐྱོར་འཕྲོད་འབྱོར་བྱུང་བའི་བྱུང་འཛིན་དང་། རེ་སྐུལ་ཞུ་ཡིག་ཁག་གི་ཡིག་ཆ་ཤོག་ གྲངས་ ༡༩༦ ཐམ་པ།

༣༽ བོད་ནང་རོགས་སྐྱོར་ཞུ་ཡུལ་གྱི་གནོད་ཐེབས་མང་ཚོགས་ལ་བཅར་འདྲི་དང་། བསམ་ཚུལ་བསྡུ་ལེན་བྱས་པའི་བརྙན་ཐུང་གྲངས་ ༡༥༠ །

༤༽ རྒྱབ་སྐྱོར་ཚོགས་པའི་ཕྱི་ལོ་ ༢༠༡༣ ཟླ་ ༩ ནང་ཉིན་གྲངས་བརྒྱད་རིང་ཞིབ་འཇུག་བྱས་པའི་པར་རིགས་གྲངས་ ༩༡ དང་བརྙན་ཐུང་གྲངས་ ༡༠ །

༥༽ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ཀྱི་པར་རིགས་དང་། བརྙན་ཐུང་གྲངས་ ༩ །

 ༦༽ རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རོགས་དངུལ་ཞལ་འདེབས་བྱུང་བའི་བྱུང་སོང་གི་རྩིས་ཁྲ། ལས་བསྡོམས་སྔ་ཕྱི་བཅས་བསྡོམས་ཤོག་གྲངས་ ༦༠ ཐམ་པ་བཅས་འབུལ་ལམ་ཞུས་ཏེ་ལས་མཐའ་ཡོངས་སུ་མཇུག་རྫོགས་པ་ཡིན།

 ༤།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ནས། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༦ ལ།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

སྐར་མ ༧ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༢ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese