ཉེ་ལམ་གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་མི་མང་གི་ངོ་རྒོལ་ལས་འགུལ་སྤེལ་སྐབས། བོད་རིགས་སྤྱི་མཐུན་ཚོགས་གཙོ་སོགས་ཀྱིས་བོད་རང་བཙན་གྱི་འབོད་ཚིག་བཀག་འགོག་བྱས་སོང་ཟེར་བའི་རྙོག་གླེང་དེའི་ཐད་ཤེས་རིག་བཀའ་བློན་མཆོག་གིས་སྤྱི་འཐུས་གྲོས་ཚོགས་ནང་གསལ་བཤད་གནང་སོང་།
ཁ་སང་སྔ་དྲོར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བ་དབུ་འཛུགས་དང་བསྟུན་ཏེ། ལས་རིམ་གྱི་ཐོག་མའི་གྲས་སུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་དང་འབྲེལ་ནས་བགྲོ་གླེང་གནང་སྐབས། སྤྱི་འཐུས་མང་པོ་ཞིག་གིས་ཉེ་ལམ་གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་ནེའུ་ཡོག་ཏུ་བྱུང་བའི་གནས་ཚུལ་དེ་ཧ་ཅང་ཐབས་སྐྱོ་བོ་ཡིན་སྐོར་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཡང་ཡོད་སྐོར་སོགས་གསུངས་ཡོད་སྟབས། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དེའི་སྐོར་ལ་གསལ་བཤད་གནང་སོང་།
ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུངས་དོན། ཉེ་ལམ་ནེའུ་ཡོག་གི་རྙོག་གླེང་དེའི་སྐོར་སྤྱི་འཐུས་ཁ་ཤས་ཀྱིས་གསུངས་སོང་ལ། དེ་དང་འབྲེལ་ནས་ང་ཤེས་རིག་བཀའ་བློན་ཡང་དེར་ཡོད་པ་གསུངས་སོང་། དེ་དངོས་ཡོད་རེད་སྐབས་དེར་ང་བཀའ་ཤག་གི་སྐུ་ཚབ་བྱས་ཏེ་བཅར་བ་ཡིན། སོ་སོས་གང་མཐོང་བ་དང་གང་ཐོས་པ་ཞིག་ལས་ཞིབ་འཇུག་བྱེད་རྒྱུ་དེ་འདྲ་བྱུང་མ་སོང་། ནེའུ་ཡོག་གི་གནས་ཚུལ་དེ་དངོས་གནས་དྲང་གནས་དགྲ་དགའ་གཉེན་སྡུག་ཐབས་སྐྱོ་བོ་ཞེ་དྲགས་ཅིག་རེད། དེར་ང་ཚོའི་བོད་པ་ཞིག་གིས་བལྟས་ན། བོད་པ་སུ་ལའང་རྒྱལ་ཁ་གཅིག་ཀྱང་ཐོབ་ཡོད་པ་མ་རེད། ང་ཕར་འགྲོ་དགོས་པའི་ལས་དོན་དེ་ཁེ་ན་ཌའི་གཞུང་གི་ངོས་ནས་ཤེས་རིག་ལས་དོན་ཐོག་ཨ་སྒོར་ས་ཡ་ ༢ ཞིག་སྤྲོད་གཏན་ཁེལ་ཡོད་ཡོད་པ་དེར་མཇུག་སྐྱོང་ཆེད་ཕྱི་ཟླ་གསུམ་པའི་ཚེས་ ༣ དང་ ༤ ལ་ཕར་བཅར་ཏེ། ལས་དོན་ཡག་པོ་བྱུང་སོང་། སྐབས་དེར་དོན་གཅོད་ཀྱང་ཡོད་པ་རེད། ཅེས་གསུངས་སོང་།
བཀའ་བློན་མཆོག་གིས་རྙོག་གླེང་གི་བྱུང་རིམ་གསུངས་དོན། ནེའུ་ཡོག་དང་ནེའུ་ཇར་ཛི་གཙོ་བྱས་ཏེ་ཚོགས་པ་དྲུག་གིས་གསུམ་ཅུའི་དུས་དྲན་སྔོན་དང་མ་འདྲ་བ་ཞིག་གོ་སྒྲིག་ཞུ་བཞིན་ཡོད་སྟབས། དེ་ལ་བཀའ་ཤག་གི་སྐུ་ཚབ་ཅིག་གཏོང་རོགས་གནང་ཞེས་ཕེབས་པ་དང་། ང་རང་ཕར་འགྲོ་རྒྱུ་གཏན་འཁེལ་བ་བཅས་ལ་བརྟེན་ཏེ་ཚེས་ ༩ ཉིན་ནེའུ་ཡོག་ལ་བཅར་བ་ཡིན། དགོང་མོའི་ཆུ་ཚོད་ ༧ པ་ཙམ་ལ་ཚོགས་པ་ཁག་གི་ཚོགས་མི་ཚོ་ལ་མཇལ་འཕྲད་ཞུས་པ་ཡིན། ཁོ་རང་ཚོས་འགྲེལ་བཤད་རྒྱག་སྟངས་བྱས་ན། ནམ་རྒྱུན་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་དེ་གཞོན་ནུའི་འགན་འཁུར་ལེན་གྱི་ཡོད་ས་རེད། དེའི་སྟེང་ཚོགས་པ་ལྔས་མཉམ་རུབ་བྱས་ཏེ་འགྲོ་བཞིན་ཡོད། ད་ལོ་ཐོག་མ་ཁོ་རང་ཚོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ། ས་གནས་བུད་མེད་ཚོགས་པ། ཆུ་བཞི་སྒང་དྲུག བོད་རང་བཙན་སློབ་ཕྲུག་ཚོགས་པ། ཨ་བོད་ཛ་འབྲེལ་ཚོགས་པ་བཅས་ཚོགས་པ་དྲུག་གིས་ཕྱི་ཟླ་དང་པོ་ཡས་མས་ཤིག་ལ་ཚོགས་འདུ་ཚོགས་ཏེ་གྲོས་བསྡུར་བྱས་མཐར། སྤྱི་མོས་ཐོག་ནས་བོད་རིགས་སྤྱི་མཐུན་ཚོགས་པས་རྐང་འགན་འཁུར་ཏེ། དེའི་སྒང་ལ་ཚོགས་པ་ལྔས་མཉམ་རུབ་བྱེད་རྒྱུའི་གྲོས་ཆོད་བཞག་སྟེ་མཚན་རྟགས་བརྒྱབ་ཡོད། དེ་བཞིན། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་པ་དང་མཐུན་པ། གཞུང་གི་ལམ་སྟོན་དང་མཐུན་པ་བྱས་ཏེ་དབུ་མའི་ལམ་གྱི་ཐོག་ལ་ཁོར་ཡུག་ལྟ་བུ་བསྐྲུན་རྒྱུར་འབོད་ཚིག་དང་འཕྲེད་དར་སོགས་དང་། བཀའ་ཤག་གི་ལམ་སྟོན་ལྟར་ལུས་ངག་གི་རྣམ་འགྱུར་ཞི་འཇམ་ཐོག་འགྲོ་རྒྱུར་གཏན་ཁེལ་ཡོད། དེ་ལ་ཚང་མས་མོས་མཐུན་ཆ་ཚང་བྱུང་ཡོད། དེ་བཞིན། གསུང་བཤད་གནང་མཁན་སུ་གདན་འདྲེན་ཞུ་མིན་ཐོག་གོ་བསྡུར་ཞུ་སྐབས། སློབ་ཕྲུག་ཚོགས་པའི་ཁ་ཤས་ཤིག་མིང་འདོན་གནང་སོང་། དེ་ལ་ངོས་ལེན་བྱེད་ཐུབ་མ་སོང་།
ཉི་མ་ཁ་ཤས་རྗེས་ལ་བསྐྱར་དུ་འཛོམས་སྐབས། སློབ་ཕྲུག་ཚོགས་པའི་ཚོགས་གཙོས་ང་ཚོས་མིང་འདོན་བྱས་ཏེ་ཚོགས་པ་གཞན་པ་ཞིག་གིས་རྒྱབ་སྐྱོར་བྱས་པ་ཡིན་ན། མང་མོས་མ་བྱུང་ཡང་མོས་མཐུན་བྱེད་དགོས་ཀྱི་འདུག་ཟེར་ནས་གསུངས་སོང་། དེ་ཡོང་གི་མ་རེད། ང་ཚོས་དམངས་གཙོའི་འགྲོ་སྟངས་བྱས་ཏེ་མང་མོས་ཡོད་པ་ཞིག་གནང་དགོས་པ་རེད་ཞུས་པ་ཡིན་ཟེར། དེའི་རྗེས་ལ་སློབ་ཕྲུག་ཚོགས་པ་དང་ཨ་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱིས་ཕྱིར་འཐེན་བྱས་པ་ཡིན་ཟེར་ནས་གློག་འཕྲིན་འབྱོར་སོང་། ང་ཚོས་མཉམ་ཞུགས་གནང་རྒྱུར་འབད་བརྩོན་བྱས་ཀྱང་གྲུབ་འབྲས་ཐོན་མ་སོང་། ད་ཆར་གོ་སྒྲིག་བྱེད་མཁན་བོད་རིགས་སྤྱི་མཐུན་ཚོགས་པ་དང་། གཞོན་ནུ་དང་བུད་མེད། ཆུ་བཞི་སྒང་དྲུག་བཞི་ཡིན་ཞེས་གསུངས་སོང་།
དེ་བཞིན། དེ་སྔོན་ཊོ་རོན་ཊོ་ལ་ཚོགས་འདུ་ཚོགས་ཏེ་གོ་སྡུར་གནང་སྐབས། མི་ཞིག་གིས་ད་ཆར་བོད་ནང་ཛ་དྲག་ཆགས་ཡོད་སྟབས་དབུ་མའི་ལམ་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་འདུག་ཅེས་དྲི་བ་ཞིག་བཏོན་པ་དེ་ལ་འགྲེལ་བཤད་ཞུས་ཡོད་ཀྱང་རྗེས་སུ་དྲ་ལམ་དུ་དྲི་བ་གཅིག་པུ་བཞག་འདུག་ཟེར། དེ་བཞིན། ཚོགས་པ་བཞིའི་ངོས་ནས་དྲ་ལམ་དུ་སྦྱར་བྱང་བཟོས་ཏེ་ཁྱབ་བསྒྲགས་བྱས་པ་དག་ལའང་བཟོ་བཅོས་བརྒྱབ་སྟེ། བོད་རང་བཙན་ཡིན་ཟེར་བ་སོགས་འཁོད་དེ། འོག་ཏུ་ཚོགས་པ་བཞིའི་མིང་ཡོད་པ་དེ་བཀྲམས་པ་སོགས་བྱེད་ཀྱིན་འདུག་ཟེར།
དབུ་མའི་ལམ་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་འདུག་ཟེར་མཁན་དེར་རྗེས་སུ་ནེའུ་ཡོག་ནས་ཀྱང་ངས་ཁོ་ལ་ཁྱོད་རང་གིས་བསམ་ཚུལ་བཏོན་ཆོག་གི་རེད། ཅེས་དགེ་དང་སྐྱོན་རེ་རེ་བཞིན་འགྲེལ་བཤད་ཞུས་པ་ཡིན། དབུ་མའི་ལམ་ལ་དགོས་འདུན་དོན་ཚན་ ༡༡ ཞིག་ཡོད་པ་རེད། དེ་བཞིན་བོད་རིགས་ཡོངས་འཛིན་སྐྱོང་གཅིག་གི་འོག་ཏུ་བསྒྲིལ་དགོས་ཟེར་བ་སོགས་སྔོན་མ་སྒྲིག་འཛུགས་ནང་མ་ཞུགས་སྔོན་ལ་ངས་ཀྱང་ཞིབ་ཕྲ་ཤེས་ཀྱི་མེད། དེ་དག་རྟོགས་རྗེས་སོ་སོའི་ལངས་ཕྱོགས་ཤིག་བཟུང་བ་ཡིན་ནའང་ཧ་གོ་བ་ཞིག་ཡོང་གི་རེད་ཟེར་ནས་ཞུས་པ་ཡིན། དེ་ལྟར་དགོང་མོ་ཞལ་ལག་ཟོས་རྗེས་སོ་སོའི་སར་ལོག་པ་རེད།
ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ གཡོལ་ཙམ་ལ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་ཚོགས་སོང་། གསུང་བཤད་གནང་མཁན་མང་པོ་འདུག དེའི་རྗེས་ལ་མི་མང་གོམ་བགྲོད་གནང་སྟེ་རྒྱ་ནག་གཞུང་ཚབ་ཀྱི་ཕྱོགས་སུ་ཕེབས་སོང་། དེ་ནས་ང་ཚོ་ཞལ་ལག་ཅིག་ལ་གདན་འདྲེན་ཞུས་སོང་། ངའི་མཉམ་དུ་སྐུ་ཚབ་དོན་གཅོད་ཁང་གི་དབྱིག་གཉེན་ལགས་ཡོད། སྐབས་དེར་སྐུ་ངོ་དོན་གཅོད་ཀྱིས་ཁ་པར་ཞིག་ཡོང་སྟེ་དབྱིག་གཉེན་ལགས་སུ་རྙོག་གྲ་འདྲ་བྱུང་སོང་ངམ་ཞེས་དྲིས་སོང་། དེ་དུས་རླངས་འཁོར་ཁ་ལོ་བས་དེ་རིང་ལས་འགུལ་མགོ་འཛུགས་སྐབས་རྙོག་གྲ་ཕྲན་བུ་བྱུང་སོང་། འཕྲེད་དར་ཆེན་པོ་དེ་འདྲ་འཁྱེར་ཡོང་བ་དང་། བོད་རང་བཙན་ཡིན་ཞེས་སྐད་འབོད་གནང་བ་སོགས་བྱས་སོང་ཟེར། སྐབས་དེར་གོ་སྒྲིག་པ་ཚོས་དེ་འདྲ་མ་གནང་རོགས། ཡང་ན་ཁྱོད་རང་ཚོའི་འཕྲེད་དར་དེ་མར་ཕབ་རོགས་ཞུས་སོང་། དེ་ལྟར་ཕན་ཚུན་བཀའ་མོལ་ཞུ་རེས་བྱས་སྐབས་ཉེན་རྟོག་པའང་གམ་དུ་བསླེབས་ཏེ་འགྲེལ་བཤད་ཏོག་ཙམ་བརྒྱབ་སོང་ཞེས་སོགས་གསུངས་སོང་། ཁ་སང་ཉེན་རྟོག་པར་རྩིས་སྤྲོད་གནང་ཟེར་བའི་བཀའ་མོལ་ཞིག་བྱུང་སོང་མོད། རྩ་བའི་ཚང་མས་མཁྱེན་གསལ་ལྟར་ལས་འགུལ་དེ་འདྲ་ཡོད་ན་ཉེན་རྟོག་པ་སྔ་སང་སང་ནས་ཡོང་གི་རེད་ལ། ལས་འགུལ་སྤེལ་མཁན་ཚོ་དང་ལུས་དང་གྲིབ་མ་བཞིན་འགྲོགས་ནས་འགྲོ་གི་རེད། མཚམས་རེར་ཁྱིམ་ཚང་ནང་འུར་སྒྲ་ཆེ་ཙམ་བརྒྱབ་ནའང་ཉེན་རྟོག་པ་རྒྱུག་ཡོང་གི་རེད།
ཉིན་དེའི་དགོང་མོའི་ཆུ་ཚོད་ ༦ པ་ལ་མཆོད་འབུལ་སྨོན་ལམ་ཡོད་གསུངས་སོང་། དེའི་སྐབས་ལ་ཤེས་རིག་བཀའ་བློན་གྱི་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་བཟོས་འདུག ང་རང་གི་ངོས་ནས་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཁག་སྔ་དྲོ་བཤད། ཤེས་རིག་དང་བཀའ་ཤག་གི་ལས་དོན་སོགས་དགོང་མོ་བཤད་རྒྱུའི་གྲ་སྒྲིག་བྱས་ཡོད། སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་དང་ངེད་གཉིས་བཅར་སྐབས། སྤྱི་ཁང་གི་ཐོག་ཁའི་ཚོགས་ཁང་དུ་ཞལ་འདོན་ཚོགས་འདུག ང་ཚོ་འོག་ནས་སྨོན་ལམ་གྲོལ་རག་བར་སྐད་ཆ་འདྲ་བཤད་ནས་སྒུག་པ་ཡིན།
སྐབས་དེར་ཁོ་རང་ཚོས་མཛད་སྒོའི་གཏམ་བཤད་གྲོལ་ཏེ། སྐད་འབོད་གོམ་བགྲོད་དུ་འགྲོ་སྐབས་ཀྱང་ཁོ་རང་ཚོ་བསླེབས་ཏེ་འཕྲེད་དར་འཕྱར། སྐད་འབོད་བརྒྱབ། གཞོན་ནུ་དང་སྤྱི་མཐུན་ཚོགས་པའི་ཚོགས་གཙོར། རྐུན་པ་དང་ཇག་པ་ཟེར་བ་སོགས་བྱས་སོང་། སྐབས་དེར་མི་མང་ཡང་རླུང་ལངས་པ་དེ་འདྲ་བྱུང་སོང་། གནས་ཚུལ་དེ་བརྙན་པར་གྱི་ལམ་ནས་བརྒྱུད་ལམ་ཁག་ཏུ་བཀྲམས་འདུག དེ་དོལ་རྒྱལ་ཚོགས་པའི་བེད་སྤྱོད་བཏང་སྟེ་ཡར་མར་འགྲེམ་གྱི་འདུག་ཟེར།
དེ་ནས་སྨོན་ལམ་གྲོལ་རྗེས། གོ་སྒྲིག་ཞུ་མཁན་ཚོས་དེ་སྔོན་ཚོགས་པ་དྲུག་གི་མཉམ་རུབ་དང་དེ་ནས་ཚོགས་པ་བཞི་ཆགས་སྟངས་མི་མང་ལ་གསལ་བཤད་ཀྱི་གོ་རག་མ་སོང་། དོ་ནུབ་གསལ་བཤད་ཞུ་རྒྱུ་ཡིན་ཟེར་ནས་གསལ་བཤད་གནང་སོང་། སྐབས་དེར་མི་མང་ཧ་ཅང་མང་པོ་ཕེབས་འདུག དེ་ནས་ངས་ཀྱང་རི་བོ་ཧི་མ་ལ་ཡའི་རྒྱབ་ལོགས་སུ་སོ་སོའི་ཁ་གཏད་དེ་བཞག་སྟེ། ང་ཚོས་འདིར་གནས་ཚུལ་ཆུང་ཚགས་ཐོག་ལ་འདི་འདྲ་བྱས་པ་ཧ་ཅང་ཐབས་སྐྱོ་བོ་རེད་ལ། ལྷག་པར་དུ་གནས་ཚུལ་དེ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བསྟན་པ་དེ་བློ་ཕམ་གྱི་གནས་ཚུལ་རེད་ཅེས་ཞུས་པ་ཡིན། དེ་ནས་ངས་ཤེས་རིག་སྐོར་དང་བོད་པའི་སྐད་ཡིག་སྐོར་སོགས་ཞུས་པ་ཡིན། ནེའུ་ཡོག་གི་གནས་ཚུལ་དེ་འདྲ་ཞིག་རེད།
དེ་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་དོན་སྐོར་ཚིག་གི་ཐོག་ནས་གང་དུ་སླེབས་ཀྱི་ཡོད་མེད་གང་ཤེས་ཏེ། དོན་གྱི་ཐོག་ནས་དངོས་ནས་དྲང་གནས་ཡག་པོ་འདུག ང་ཚོའི་སྐུ་ཚབ་དོན་གཅོད་ཀྱི་འོག་ཏུ་སྲ་ཐག་ཐག་ཆགས་ཡོད་པའི་མཐོང་ཚོར་བྱུང་སོང་། དེ་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ང་ཨ་རི་ལ་ ༢༠༠༠ ལོར་སླེབས་པ་རེད། སྐབས་དེར་ང་རང་གི་སེམས་འཚབ་ལ། ཨ་རིར་སླེབས་ཚར་ན་བོད་མིའི་སྒྲིག་འཛུགས་ལ་མ་བརྟེན་ཡང་འགྲིག་གི་ཡོད་སྟབས། སོ་སོའི་མགོ་འཐོན་ཐབས་བྱས་ཏེ་སྒྲིག་འཛུགས་རྩིས་མེད་འདྲ་བོ་ཆགས་པ་ཡིན་ན། གཞུང་གིས་ཕྱི་རྒྱལ་ལ་གཏོང་དགོས་པའི་དགོས་པ་དམིགས་ཡུལ་ཁ་ཤས་བཟུང་ཡོད་པ་དེ་འགྲུབ་རྒྱུ་མ་རེད་བསམ་ཡང་། ཁ་སང་ཕར་ཕྱིན་ཏེ་བལྟས་ཡོང་ན་ཁོ་རང་ཚོས་འགན་འཁུར་སྟངས་ཧ་ཅང་ཡག་པོ་འདུག
དེ་ནས་ཉེན་རྟོག་པར་རྩིས་སྤྲད་པ་རེད་ཟེར་བ་དེ་གང་འདྲ་ཡིན་ན་བསམ་གྱི་འདུག སྐད་ཅོར་ཏོག་ཙམ་བྱུང་ནའང་ཉེན་རྟོག་པ་ཚོ་གཡས་གཡོན་ལ་རྒྱུག་ཡོང་བ་ཞིག་ཡོད་པ་རེད། དེ་ནས་རང་བཙན་དང་དབུ་མ་ཟེར་བ་དེའང་གང་འདྲ་ཡིན་ན་བསམ་གྱི་འདུག གོ་སྒྲིག་བྱེད་མཁན་ཚོགས་པ་བཞི་རེད། དེ་དག་སྐོར་ངས་གསལ་བོ་ཤེས་ཀྱི་མེད་ཀྱང་། ཁོ་རང་ཚོས་རྒྱལ་ཡོངས་རང་བཙན་ཚོགས་པ་དེ་འདྲའི་མི་མང་པོ་ཞིག་འདུག་ཟེར་བ་དེ་འདྲ་ཤོད་ཀྱི་འདུག
དེ་ནས་ང་རང་ཚུར་ཡོང་ཁར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཡོད། ངས་ཁོ་རང་ལ་ད་གང་འདྲ་འདུག་ཅེས་ཞུས་པ་ཡིན། སློབ་ཕྲུག་ཚོགས་པས་གློག་འཕྲིན་ཞིག་འབྱོར་སོང་། དེའི་སྐོར་ལ་གོ་བསྡུར་ཞིག་བྱེད་དགོས་ཀྱི་འདུག་གསུངས་འདུག མ་འོངས་པར་དེའི་སྐོར་ལ་ཚོགས་པ་འཛོམས་ཏེ་གོ་བསྡུར་ཞིག་བྱས་ཏེ་ཡར་ཕུལ་དགོས་བསམ་ཡོད་གསུངས་སོང་། དེ་ནས་ངས་གང་ཡག་ཡག་གནང་རོགས་ཞུས་པ་ཡིན། ཞེས་ཤེས་རིག་བཀའ་བློན་མཆོག་གིས་གསུངས་པ་ལས་བསྡུ་སྒྲིག་བྱས་པ་ཡིན།
མཛད་སྒོ་བོད་རིགས་སྤྱི་མཐུན་ཚོགས་པས་བསྡུས། ལས་འགུལ་གཞོན་ནུ་སོགས་ཀྱིས་སྤེལ་ན་ལེགས་པར་སྙམ།
གསུམ་དུས་ཉིན་དེར་སྤྱི་འཐུས་དང་བཀའ་ཤག་གི་གསུང་འཕྲིན་དང་སྐུ་ཚབ་དོག་གཅོད་སོགས་ཀྱི་གསུང་བཤད་ཀྱིས་མཚོན་པའི་མཛད་སྒོ་ཚར་བ་ན། གཞི་ནས་ལས་འགུལ་སྤེལ་བ་ན། རྙོག་གླེང་ཡོང་དོན་ཡོད་པ་མ་རེད། ལོ་རྗེས་མ་ནས་མཛད་སྒོ་དང་ལས་འགུལ་གཉིས་སུ་དབྱེ་ནས་གསུམ་དུས་སྲུང་བརྩི་གནང་རོགས་ཞུ།
ཁ་དང་ཁ་སྤུ་དབྱེ་འབྱེད་ཐུབ་དགོས་ངེས་རེད།
སྐད་ཆ་ཁ་ཤས་གསལ་པོར་བཤད་ན། ངེད་བོད་རིགས་ཚོའི་བསམ་བློ་ལ་གུ་ཡངས་མེད་ལ་ལྷག་དོན་ཤེས་ཡོན་དང་མཐོང་རྒྱ་ཐོས་རྒྱ་ཆུང་བའི་དབང་གིས་སོ་སོའི་བསམ་བློས་དཔྱད་པ་མ་བྱས་པར་ལམ་སེང་ཚོར་བའི་དབང་གིས་གཞན་འོག་གི་མགོ་སྐོར་འོག་ཏུ་འགྲོ་བཞིན་ཡོད། རང་བཙན་རྩོད་ནའང་འདྲ་རང་སྐྱོངས་ཀྱི་གནས་བབས་ཞིག་རྩོད་ནའད་འདྲ། ནང་འཁྲུག་བྱས་ན་དགྲ་དགའ་བའི་སྒྱུ་རེད། ལར་ནས་ངར་མཚོན་ན་། གལ་སྲིད་ངེད་བོད་མི་ཚང་གི་བསམ་བློའི་འཁྱེར་སོ་འདི་འདྲ་ཞིག་ཡིན་ན། ང་རྒྱ་གུང་ཁྲན་གྱི་ད་ལྟའི་གནས་བབས་དང་སྲིད་བྱུས་འོག་འཚོ་བ་སྐྱེལ་ན་འདོད། མདོར་ན། ཀླད་སྟོང་ངོམ་སོ་མ་བསྟན་པར་སོ་སོས་བསམ་བློ་བཏང་ནས་དཔྱད་པ་མཐིལ་ཕྱིན་བྱས་ནས་གཏམ་གླེང་བྱེད་དགོས།
རླུང་རྟའི་བཀའ་བློན་རང་རེད། ངོ་ཚ་ཡས་ནི་མི་འདུག གྲོས་ཚོགས་ཀྱི་ནང་དུ་ཨ་རིར་བྱུང་བའི་གནས་ཚུལ་ཚང་མ་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ་ལས་དྲང་བདེན་གྱི་གསལ་བཤད་མ་བྱས་པར་བློ་ཕམ་ཤིན་ཏུ་ཆེ། སྐྱག་རྫུན་ལུང་པ་གང་ཁེངས་པའི་རླུང་རྟའི་བཀའ་བློན་ལགས། གལ་ཏེ་ཁྱོད་ཀྱིས་གྲོས་ཚོགས་དེ་ལ་གུས་བཀུར་ཡོད་ན་ཕྱོགས་གཉིས་ཀྱི་བརྙན་འཕྲིན་ལ་སོགས་ཚང་མ་བལྟས་དེ་དྲང་བདེན་གྱི་གསལ་བཤད་ཞིག་བྱེད་དགོས་ངེས་ཡིན།
ད་ལྟ་བར་དུ་༸གོང་ས་མཆོག་དབུ་སྐོར་བཞུས་བཞུས་ཀྱིས་གྲོས་ཚོགས་དང་མི་མང་ལ་ཡང་མཐོང་ཆུང་དང་ཁྱད་གསོད་བྱས་ཏེ་མགོ་སྐོར་གཏོང་དོན་ཅི་ལགས། ངོ་མ་བློ་ཕམ་རང་རེད།
ཤེས་རིག་བཀའ་བློན་གྱིས།
https://www.youtube.com/watch?v=Z2oADWXR2Ys#t=2884
འདི་ལོ་ ༢༠༡༥ གསུམ་བཅུ་དུས་དྲན་སྐབས་གལ་རྐྱེན་བྱུང་རིམ་གྱི་བརྙན་པར་ཁག March 10th, 2015 incident clips
1. བརྙན་པར་དང་པོའི་ནང་བོད་རིགས་སྤྱི་དོན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་བཟང་པོ་རང་བཙན་འབོད་མི་སར་ཕྱིན་ནས་བཀག་སྡོམས་བྱས་པ།
1. https://www.facebook.com/video.php?v=1015310725164590&pnref=story
2. བརྙན་པར་གཉིས་པའི་ནང་བོད་རིགས་སྤྱི་དོན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་དང་། ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ནས་ཉན་རྟོགས་པ་ཁྲིད་ནས་རང་བཙན་འབོད་མི་སར་ཕྱིན་ནས་བཀག་སྡོམས་བྱས་པ།
2. https://www.facebook.com/video.php?v=797936323575651&set=vb.100000778730369&type=3&theater
3. བརྙན་པར་གསུམ་པའི་ནང་བོད་རིགས་སྤྱི་དོན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་ཉན་རྟོག་པ་ལ་རང་བཙན་པ་རྣམས་བཀག་དགོས་བརྗོད་དེ་མདུན་དུ་ལྕགས་རྭ་བཏང་བ།
3. https://www.facebook.com/video.php?v=797954886907128&set=vb.100000778730369&type=3&theater
4. བརྙན་པར་བཞི་པའི་ནང་བོད་རིགས་སྤྱི་དོན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་དང༌། ཚོགས་གཞོན་ཕྲིན་ལས་སྐལ་སྐལ་བཟང༌། ཨིན་དྲུང་བསྟན་འཛིན་བཟང་པོ། ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ནས་ཉན་རྟོགས་པ་ཁྲིད་ནས་རང་བཙན་པ་རྣམས་སར་བསླེབས་ནས་བཀག་སྡོམས་བྱས་པ། 4. https://www.facebook.com/video.php?v=797921363577147&set=vb.100000778730369&type=3&theater
5. བརྙན་པར་ལྔ་པའི་ནང་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ནས་རང་བཙན་འབོད་མི་རྣམས་ལ་ཕྱོགས་སྤྲང་༼ཆོ་པང་ Begger༽ཁྱེད་ཚོ་རེད་ཅེས་བརྗོད་ཡོད།
5. https://www.facebook.com/video.php?v=797930233576260&set=vb.100000778730369&type=3&theater
6. བརྙན་པར་དྲུག་པའི་ནང་བཤད་རིག་བཀའ་བློན་མཆོག་ནས་མང་ཚོགས་ལ་གཞུང་འབྲེལ་གྱི་མཛད་སྒོར་ཆགས་ཀྱི་ཡོད་སྟབས་གསུངས་ཡོད།
6. https://www.facebook.com/video.php?v=870887456285965&set=vb.165158250192226&type=3&theater
མི་མང་འགའ་ནས་བསམ་ཚུལ། Public opinion
1. https://www.facebook.com/video.php?v=822155964531525
2. https://www.youtube.com/watch?v=ngm7vbkdfXM&t=864
3. https://www.facebook.com/video.php?v=970117786331734
4. https://www.facebook.com/video.php?v=1424084137887452
5. https://www.facebook.com/video.php?v=1626068484279268
6. https://www.facebook.com/video.php?v=627577067375705
7. https://www.facebook.com/video.php?v=791390470909499
8. https://www.facebook.com/video.php?v=538704839605653
9. https://www.youtube.com/watch?v=X7_ZUGYPy2s
གསུམ་ཅུའི་དུས་དྲན་ཟེར་གི།
རང་བཙན་མེད་རེད་གསུང་གི།
རང་བཙན་དགོས་རེད་ཟེར་ན།
༧རྒྱལ་བའི་ཐོ་བས་བརྡུང་གི།
དབུ་མའི་ལམ་དུ་འགྲོ་ཟེར།
༧རྒྱལ་བའི་དགོངས་པ་བཤད་ཀྱི།
རྒྱ་མི་གུང་ཁྲན་དམར་པོ།
མཁྲེགས་ཏུ་མཁྲེགས་ཏུ་འགྲོ་གི།
གྲོགས་པོ་ཚོ་གྲོགས་མོ་ཚོ་དགོངས་པ་ཞག་བཞེས་དང་། བོད་གཞུང་ལ་བཀའ་བློན་ཐབས་ཆག་དེ་འདྲ་ཞིག་རགས་འདུག ལྟས་ངན་ངོ་མ་ཚང་འདུག གཅིག་གཟིགས་དང་བཀའ་བློན་དངོས་འགྲུབ་ཚེ་རིང་ཟེར་བ་དེ་ནི་མཆོག་བཤད་ཁོ་ན་ལས་དངོས་ཡོད་དྲང་གཏམ་ཚིག་གཅིག་མ་བཤད་པ་དང་། ད་དུང་ཁོ་ལ་ཁ་ལག་ཡག་པོ་བྱས་རབས་རབས་འདྲ་བཤད་བསྡད་འདུག ཁོང་ནི་ཁྱི་ལྟར་ལྟོ་ག་རགས་ཀྱི་ཕྱོགས་སུ་འགྲོ་རྒྱུ་ལས་དྲང་བདེན་ལམ་ལ་ཁྱོན་ནས་འགྲོ་མི་ཤེས་མཁན་ཞིག་རེད་འདུག གཟིགས་དང་ཁོའི་གཏམ་བཤད་ལ།
དྲྭ་གྲོགས་འགའ་ཞིག་གིས་དབུ་མའི་ལམ་དུ་བསྐྱོད་ན་རང་བཙན་རང་བཞིན་གྱིས་སྤོང་དགོས་པའི་ཟུར་བསྟན་ལེབ་མཐོང་གིས་འགན་དང་རྒྱུས་མངའ་མེད་པའི་མཆན་བུ་འགའ་བཀོད་གནང་འདུག དེ་གཏག་གཏག་བསྡད་ཀྱི་ཡོད་ན་དྲན། གང་ལགས་ཞུས་ན། སྔར་རང་བཙན་རྩོད་ལེན་བྱེད་མཁན་གྱི་རྒྱལ་ཁབ་མང་པོ་ཡོད་པ་རེད། དེའི་ནང་ནས་རང་རེ་བོད་མི་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒྱ་གར་རྒྱལ་ཁབ་ལ་ཆ་བཞག་ན། གན་རྡིས་གཙོས་ཁ་ཅིག་གིས་ཚད་མེད་ཞེ་བདེའི་ཐོག་ནས་འབད་བརྩོན་གནང་བ་དང་། གཞན་སུ་བྷཤི་ཅན་རྡར་བྷོཤ་སོགས་ཁ་ཅིག་གིས་དཔུང་ཤུག་དང་དྲག་པོས་ཐོག་ནས་རྩོད་ལེན་བྱས་པ་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རྩོད་ལེན་གནང་བ་དེ་དག་ལ་ཡག་པོ་གཟིགས་ན་རང་བཙན་དང་། དབུ་ལམ་ཇི་ལྟར་རྩོད་ལེན་གནང་དགོས་པ་གསལ་པོར་བསྟན་ཡོད། དེང་སང་རང་བཙན་བཤད་ན་༧རྒྱལ་བ་རིན་པོ་ཆེའི་ཐོ་བ་དེས་བརྡུང་ནས་ལང་དུ་མི་བཅུག་པ་དེས་ཅི་ཞིག་མཚོན་ཞུས་ན། བོད་མི་ཚོ་ད་དུང་ཡང་དམངས་གཙོ་ཡང་དག་པ་ཞིག་གི་སྟེང་འགྲོ་མི་ཐུབ་པ་དང་མི་འཇུག་ཞིག་རང་བཞིན་གྱིས་མངོན་པར་འགྱུར་བས་སྤྱི་སྒེར་སུའི་ཐད་ནས་ད་ནས་བཟུང་རྒྱལ་ཁབ་ཀྱི་རྩ་དོན་བཤད་སྐབས་༧རྒྱལ་བ་རིན་པོ་ཆེའི་མཚན་དེ་བེད་སྤྱོད་མ་གནང་ན་ལེགས། བླ་མ་བླ་མའི་ས་ལ་བཞག་རོགས་ཐུགས་རྗེའི་གཟིགས། འབོད་བསྐུལ་ཙམ་ཡིན།
ཤེས་རིག་བཀའ་བློན་མཆོག་གིས་གོ་ལོ་ཐོས་ལོའི་གཏམ་བཤད་ཙམ་ལས་གསལ་བཤད་ཀྱང་རེད་མི་འདུག གལ་སྲིད་འདི་གསལ་བཤད་ཡིན་པའི་དབང་དུ་བཏང་ན། ནིའུ་ཡོག་དང་ནིའུ་ཇེར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་ཚོགས་པའི་སྣེ་ཁྲིད་པས་གང་བཤད་པ་དེ་བདེན་པའི་ཡིན་པའི་རྒྱབ་སྐྱོར་གསུང་བཞིན་འདུག་མོད། དེའང་ཕལ་ཆེར་ཡིན་པ་འདྲ། Titeban community of NY & NJ ཞེས་པས་སྐབས་དེར་ཤེས་རིག་བཀའ་བློན་གྱིས་གཏམ་བཤད་གནང་བ་ལུང་འདྲེན་འདི་འདྲ་བྱས་འདུག
” Sherig Kalon Mr. Ngodup Tsering la says that he is very saddened to hear that some individuals & Tibet supporter groups try to disrupt Official March 10 event organized by Tibetan Community of New York & New Jersey ”
རྣམ་པ་ཚོས་ཤེས་རིག་བཀའ་བློན་མཆོག་གི་ཚིག་ ” very saddened to hear that some individuals & Tibet supporter groups try to disrupt Official March 10 ”
འདིར་གོ་བ་ཇི་ལྟར་ལེན། ངས་ཤེས་ཚོད་བྱས་ན་ ”བོད་དོན་རྒྱབ་སྐྱོར་བ་དང་ཚོགས་པ་སྒེར་པ་འགའ་ཞིག་གིས་གཞུང་འབྲེལ་གྱི་སུམ་ཅུའི་དུས་དྲན་ཁ་འཐོར་གཏོང་བར་བློ་ཕམ་བྱུང་། ” ཟེར་བ་མིན་ནམ།
གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་ཕྱོགས་སྐོར་ལ་རྙོག་གླེང་བྱུང་ལུགས་བྱུང་སྟངས་སྐོར་གྱི་བརྙན་འཕྲིན་དང་ཡིག་ཆ་སོགས་ཀྱི་གནས་ཚུལ་ཆ་ཚང་འདིར་བཀོད་ཡོད། ཞིབ་འཇུག་མཐིལ་ཕྱིན་གནང་རྗེས་ཕྱོགས་ལྷུང་མེད་པའི་ཐོག་ནས་བཀའ་མོལ་གནང་རོགས།
༡༽ ནེའུ་ཡོག་བོད་རིགས་ཚོགས་པའི་ཚོགས་གཞོན་འཕྲིན་ལས་སྐལ་བཟངལ་ལགས་ཀྱི་གསུང་བཤད། https://www.facebook.com/video.php?v=870396193001758&set=vb.165158250192226&type=2&theater
༢༽ ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་ཀྱི་གསུང་བཤད། https://www.facebook.com/video.php?v=870829562958421&set=vb.165158250192226&type=2&theater
༣ ༽ ཨ་རིའི་ནེའུ་ཡོག་ཏུ་གནས་སྡོད་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་བ་བློ་བཟང་བཀྲ་ཤིས་ཀྱི་གསུང་བཤད། https://www.facebook.com/video.php?v=822155964531525&set=vb.100002113880125&type=2&theater
༤༽ ནེའུ་ཡོག་དང་ནེའུ་ཇིར་སི་བོད་རིགས་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་ལགས་ཀྱི་གསུང་བཤད། https://www.facebook.com/video.php?v=870843246290386&set=vb.165158250192226&type=2&theater
༥༽ མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་བྲག་གཡབ་བློ་བཟང་ལགས་ཀྱི་གསུང་བཤད། https://www.facebook.com/video.php?v=870856856289025&set=vb.165158250192226&type=2&theater
༦ ༽ ནེའུ་ཡོག་དང་ནེའུ་ཇིར་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་མགྲིན་ཚབ་པའི་གསུང་བཤད། https://www.facebook.com/video.php?v=870864962954881&set=vb.165158250192226&type=2&theater
༧༽ ནེའུ་ཡོག་དང་ནེའུ་ཇིར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་འཕྲིན་ལས་སྐལ་བཟང་ལགས་ཀྱི་གསུང་བཤད། https://www.facebook.com/video.php?v=870869166287794&set=vb.165158250192226&type=2&theater
༨༽ ནེའུ་ཡོག་དང་ནེའུ་ཇིར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་བ་ཀུན་དགའ་ལགས་ཀྱི་གསུང་བཤད། https://www.facebook.com/video.php?v=870882856286425&set=vb.165158250192226&type=2&theater
༩ ༽ ཨ་རིའི་ནེའུ་ཡོག་ཏུ་གནས་སྡོད་ཐུབ་བསྟན་ཐོག་མེད་ལགས་ཀྱི་གསུང་བཤད། https://www.facebook.com/video.php?v=1599810250238188&set=vb.100006276852448&type=3&theater
༡༠ ༽ ནེའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གི་གསུང་བཤད། https://www.facebook.com/video.php?v=870887456285965&set=vb.165158250192226&type=2&theater
༡༡ ༽ནེའུ་ཡོག་ཏུ་ཤེས་རིག་བཀའ་བློན་མཆོག་གིས་ནེའུ་ཡོག་ནས་གསུང་བཤད་གནང་བ། https://www.facebook.com/video.php?v=870388496335861&set=vb.165158250192226&type=2&theater
༡༢ ༽ ནེའུ་ཡོག་དང་ནེའུ་ཇིར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བུད་མེད་ཆོགས་པ། གཞོན་ནུ་ཚོགས་པ། ཆུ་བཞི་སྒང་དྲུག་ཚོགས་པ་བཞི་ཡིས་གསལ་བཤད། https://www.facebook.com/photo.php?fbid=969923203018594&set=pcb.969924849685096&type=1&theater
༡༣ ༽ནེའུ་ཡོག་དང་ནེའུ་ཇིར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཨ་བོད་མཛའ་འབྲེལ་ཚོགས་པ། ས་གནས་གཞོན་ནུ་དང་བུད་མེད། ཆུ་བཞི་སྒང་དྲུག བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱི་སྤྱི་མོས་གྲོས་ཆོད། https://www.facebook.com/photo.php?fbid=966644280013153&set=a.279429695401285.77560.100000027694054&type=1&theater
སྤྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༠ ཉིན་ཨ་རིའི་ནེའུ་ཡོག་ཏུ་བྱུང་བའི་རྙོག་གླེང་སྐོར་བརྙན་འཕྲིན་ཁག་ཅིག
1) https://www.facebook.com/video.php?v=797954886907128&pnref=story
2) https://www.facebook.com/video.php?v=840826412645997&set=vb.100001559394681&type=2&theater
3) https://www.facebook.com/video.php?v=797936323575651&pnref=story
4) https://www.facebook.com/video.php?v=797921363577147&set=vb.100000778730369&type=3&theater
5) https://www.facebook.com/video.php?v=797930233576260&set=vb.100000778730369&type=3&theater
6) https://www.facebook.com/video.php?v=1015310725164590&pnref=story
7) https://www.facebook.com/video.php?v=773257236083658&set=vb.100001981664417&type=3&theater
8) https://www.facebook.com/video.php?v=773256529417062&set=vb.100001981664417&type=3&theater
9) https://www.facebook.com/video.php?v=773242039418511&set=vb.100001981664417&type=3&theater
10) https://www.facebook.com/video.php?v=773240672751981&set=vb.100001981664417&type=3&theater
11) https://www.facebook.com/video.php?v=773236542752394&set=vb.100001981664417&type=3&theater
བོད་རྒྱལ་ཡོངས་རང་བཙན་མཐུན་ཚོགས་ཟེར་བ་དེར་ལས་དོན་གྱི་གྲུབ་འབྲས་སྣེ་གཅིག་མང་ཚོགས་ཀྱིས་མ་མཐོང་སྔོན་ལ་བོད་པའི་སྤྱི་ཚོགས་ནང་གི་རྙོག་གླེང་ཆེན་པོ་ཞིག་དང་འབྲེལ་ནས་མི་ཚང་མས་ཚོགས་པ་དེ་གཞི་ནས་ཧ་གོ་བ་ཞིག་དང་ངོ་ཤེས་པ་ཞིག་ཆགས་པ་དེ་ཁྱོན་ནས་ཡག་པོ་མ་རེད།
ནུབ་ཕྱོགས་ཤེས་ཡོན་ཅན་གྱི་ལུང་པར་གནས་སྡོད་བོད་མི་རྣམས་ཀྱི་ནང་ཁུལ་ལའང་། དབུ་མའི་ལམ་ཟེར་བ་དོན་དངོས་གང་ལ་ཟེར་གྱི་ཡོད་མེད་དང་། རང་བཙན་རྩོད་པ་ཟེར་བ་དེ་དོན་དངོས་གང་ལ་ཟེར་གྱི་ཡོད་མེད། གུང་ཁྲན་གཞུང་གིས་གསལ་པོ་མ་ཤེས་མདོག་མདོག་བྱས་པ་དང་མ་འདྲ། དངོས་གནས་མ་ཤེས་པ་མང་པོ་ཡོད་པ་རེད་འདུག རང་བཙན་གྱི་ཕྲེང་དར་བསྣམ་དྲན་ན། དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་ཅེས་གསལ་པོ་སྨྲོས་དང་རང་དབང་རེད། རང་བཙན་གྱི་ཕྲེང་དར་བསྣམ་དྲན་ན་རང་དབང་རེད་ལ། སྒྲིག་འཛུགས་ཤིག་ནང་ལ་ཞུགས་དྲན་ན་རང་དབང་རེད། སྒྲིག་འཛུགས་ཤིག་གི་ནང་ལ་ཞུགས་རྗེས་སྒྲིག་འཛུགས་དེའི་སྒྲིག་གཞི་ལས་མ་འདས་པ་བྱེད་དགོས་པ་དེ་འཛམ་གླིང་མང་གཙོ་ཅན་གྱི་རྒྱལ་ཁབ་ཡོངས་ཀྱི་ལམ་དང་ལུགས་སྲོལ་རེད། འདི་དག་གནས་ཚུལ་ཚང་མ་དོན་དུ་གོ་རྟོགས་དབེན་པས་བྱུང་བ་རེད་ལ། ལྷག་བསམ་ལྐུག་པས་ཀྱང་བཟོས་པ་རེད། དེ་སྔོན་སུམ་བཅུ་དུས་དྲན་དང་མ་འདྲ་བའི་འབོད་ཚིག་བཟོས་པ་དེའང་། བཀའ་ཤག་གིས་རྩ་བའི་ལང་ཕྱོགས་ཕྱི་གསལ་ནང་གསལ་བྱས་པ་རེད་འདུག དེ་ལ་གུས་པས་བལྟས་ན་རྗེས་སུ་ཡི་རངས་ཞུ་རྒྱུ་ལས་མ་འདས། ང་ཚོ་ལ་དུས་ཚོད་འཕྲོ་ལ་རླགས་གཏོང་རྒྱུ་ལྷག་མེད། དབུ་མའི་ལམ་ལ་འགྲོ་ཡིན་ཟེར་མང་མོས་རེད་ཚར་བའི་རྗེས་སུ། ལམ་འགག་དེར་ཤར་བསྐྱོད་བྱེད་རྒྱུ་ལས། གང་རེད་ན་སྙམས་པའི་ཐེ་ཚོམ་བྱས་ན་ཕྱི་ཚར་བ་རེད། དབུ་མའི་ལམ་ལ་ཞིབ་བཤེར་གང་ཡང་བྱེད་རྒྱུ་ཡོད་མ་རེད། དབུ་མའི་ལམ་དེ་ནོར་བ་རེད་འདུག་ན། དཀའ་ངལ་གནད་དོན་བསལ་བྱེད་ཀྱི་ཐབས་ཤེས་གཞན་བསྟན་རོགས་གནང་དང་། དེ་བཞིན་སྤྱི་འཐུས་རྣམ་པ་འདྲ་ཡིན་ནའང་། དབུ་མའི་ལམ་གསལ་པོ་ཞིག་ཤེས་ཀྱི་མེད་པ་འདྲ། རྒྱ་ནག་གི་རྩ་ཁྲིམ་སྒྲོམ་གཞི་ནང་ལ་འདུག་ཡིན་ཟེར་བ་དང་གཅིག བོད་རྒྱའི་ཆ་ཤས་བྱེད་རྒྱུ་ཁས་ལེན་རྒྱུ་ཡིན་ཟེར་བ་དེ་དག་སྤྱི་འཐུས་ལྷན་ཁང་ནས་ཀྱང་ཐག་ཆོད་ཟིན་པ་མ་རེད་པས། བཀུར་འོས་སྤྱི་འཐུས་ཞིག་གིས་གཞི་ལུས་བོད་མི་ཁར་ཁྱེར་ནས་སེམས་སྐྱོ་མདོག་མདོག་བྱས་སོང་། གཞི་ལུས་རྒྱ་ཆེན་མི་མང་རང་ལུས་མེར་སྲེག་གཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་དག་གིས་གོང་ས་མཆོག་བོད་ལ་གདན་འདྲེན་དགོས། བོད་ལ་རང་དབང་དགོས་ཟེར་བ་མ་གཏོགས། བོད་རང་བཙན་དགོས་ཟེར་བའི་འབོད་ཚིག་གཅིག་རྐྱང་བྱུང་རེད་པས།
ཕྱོགས་ཅིག་གིས། སྒེར་པའི་གསར་འགྱུར་དང་། ངོ་དེབ་ནང་གི་གསལ་བཤད་བྱས་པ།
https://www.facebook.com/video.php?v=822155964531525&set=vb.100002113880125&type=2&theater
ང་རང་གནས་ཚུལ་དེ་དངོས་སུ་མཐོང་མཁན་ཞིག་ཡིན་ལ། དེའི་བྱུང་རྐྱེན་རྒྱབ་ལྗོངས་སོགས་ལའང་རྒྱུས་གང་ལ་གང་འཚམ་ཡོད་མཁན་ཞིག་ཡིན། གསུམ་བཅུའི་དུས་དྲན་ཉིན་གྱི་ཐོག་མར་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཞོན་ནུ་སོགས་ཀྱིས་མི་མང་གི་ལས་འགུལ་ལ་གྲ་སྒྲིག་གནང་བཞིན་པའི་སར། བོད་རང་བཙན་སོགས་ཀྱི་འབོད་ཚིག་དང་ཕྲེད་དར་སོགས་འགྲིག་གི་མ་རེད།
གལ་སྲིད་དེ་དག་འཁྱེར་ཡོང་རྒྱུ་ཡིན་ན་ས་གནས་གཞན་ཞིག་ཏུ་གོ་སྒྲིག་གནང་རོགས། དེ་རིང་འདི་གར་གཞུང་འབྲེལ་རང་གི་ངོ་བོའི་ཐོག་ནས་སྲུང་བརྩི་གནང་སྟེ། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་ཐོག་ནས་རྒྱ་རིགས་མི་མང་ལ་བརྡ་ལན་ལོག་པ་མ་འགྲོ་བའི་ཆེད་དུ་འབོད་ཚིག་དང་ཕྲེད་དར་སོགས་གོ་སྒྲིག་གནང་ཡོད་པ་རེད་ཅེས་སོགས་ཞུས་སོང་།
དེའི་རྗེས་ལ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བའི་ཚོགས་མི་ཚོ་དང་སློབ་ཕྲུག་ཚོགས་པའི་ཚོགས་མི་རེ་ཟུང་གིས་བོད་རང་བཙན་གྱི་འབོད་སྒྲ་ཤུགས་ཆེན་པོ་བརྒྱབ་པ་དང་ཕྲེད་དར་ཆེན་པོ་དེ་འདྲ་འཕྱར་ཏེ་ངོ་རྒོལ་བྱས་སོང་བ་མ་ཚད་ཚུར་ཕྱོགས་ཀྱི་ཚོགས་པ་བཞིའི་ལས་འགུལ་གོ་སྒྲིག་མི་སྣ་དག་ལའང་རྒྱ་མིའི་རྒྱུག་ཁྱི་དང་ཇག་པ་ཟེར་བ་སོགས་ཀྱི་སྐད་ངན་རྨས་སོང་། དེ་ལ་མང་ཚོགས་ཚོ་ཡང་བྱེད་སྟངས་དེ་དག་ཐོག་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཟ་ངེ་ཟིང་ངེ་མང་པོ་བྱུང་སྐབས་སྐོར་སྲུང་ཉེན་རྟོག་པ་སླེབས་སོང་། འདི་ནས་དྲང་མོར་ཞུ་དགོས་པ་ཞིག་ལ་ཉེན་རྟོག་པ་དེ་དག་ཆེད་དུ་སྐད་བཏང་བ་ཡིན་མིན་ང་རང་གིས་ཤེས་མ་སོང་། གང་ལྟར་ཉེན་རྟོག་པ་སླེབས་ཏེ་སྐད་ཆ་མང་པོ་ཞིག་བཤད་སོང་། ཨ་རིའི་གཞུང་གིས་ཁྱེད་རང་ཚོར་ངོ་རྒོལ་སྐད་འབོད་རྒྱག་རྒྱུའི་ཆོག་མཆན་སྤྲད་ཡོད་པ་རེད། དེ་ཁྱོད་རང་ཚོས་རང་དབང་རེད། ཡིན་ནའང་ནང་ཁུལ་ནས་རྒྱག་རེས་བརྒྱབ་ན་འགྲིག་གི་མ་རེད་སོགས་གསུངས་སོང་།
སྐབས་དེར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ས་གནས་གཞོན་ནུ་དང་ས་གནས་བུད་མེད། དེ་བཞིན་ཆུ་སྒང་ཚོགས་པ་སོགས་ཀྱི་མི་སྣ་ཚོས་ལྷིང་འཇགས་ཡོང་ཐབས་ལ་འབད་བརྩོན་མང་པོ་བྱས་སོང་ཡང་། ཕར་ཕྱོགས་ནས་སྐད་ཤུགས་ཆེན་པོ་བྱེད་པ་དང་རྒྱ་མིའི་རྒྱུག་ཁྱི་དང་ཇག་པ་རྐུན་མ་སོགས་ཀྱི་ཚིག་ངན་མང་པོ་བཤད་སོང་། གོ་སྒྲིག་པ་དང་མང་ཚོགས་ཚོས་ཡ་མེད་བཏང་སྟེ་ཕར་ཕེབས་པའི་སྐབས་སུའང་རྗེས་དེད་དེ་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་སོང་། རང་བཙན་གྱི་སྐད་འབོད་དང་ཕྲེད་དར་སོགས་ཤུགས་ཆེན་པོ་གནང་སོང་། ང་རང་གིས་ཉིན་དེར་ལྟ་སྣང་མཐོང་སྟངས་བྱས་ན་བོད་རང་བཙན་ལྷན་ཚོགས་དང་སློབ་ཕྲུག་ཚོའི་གནང་སྟངས་དེ་འགྲིག་མ་སོང་བསམ་པ་ཤུགས་ཆེན་པོ་ཡོད། གོང་གི་ང་རང་གི་གནས་ཚུལ་འདི་དག་ཉིན་དེའི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་དངོས་བདེན་དེ་ཡིན།
མཐའ་དོན་རྙོག་གླེང་འདིའི་རྒྱབ་ལྗོངས་སྐོར་ལ་ང་རང་གིས་ཨ་ཅོག་གིས་ཐོས་སྟངས་དང་མིག་གིས་མཐོང་སྟངས། དེ་བཞིན་ང་རང་གིས་ཞིབ་འཇུག་བྱས་པའི་གནས་ཚུལ་བཅས་མདོ་བསྡུས་ཤིག་ཞུ་རྒྱུ་ཡིན། སྤྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༢ ཉིན་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། ཆུ་བཞི་སྒང་དྲུག་ཚོགས་པ། ཨ་བོད་མཛའ་འབྲེལ། བོད་རང་དབང་སློབ་ཕྲུག་སོགས་ཚོགས་པ་དྲུག་གིས་ཚོགས་འདུ་ཚོགས་ཏེ། ད་ལོར་༧གོང་ས་མཆོག་གི་ལམ་སྟོན་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་དང་འབོད་ཚིག་བསྒྲོག་རྒྱུར་སྤྱི་མོས་གྲོས་ཆོད་བཞག་འདུག དེའི་རྗེས་ལ་གསུམ་དུས་ཉིན་གསུང་བཤད་གནང་མཁན་ཐོག་ལ་དགོངས་ཚུལ་མཐུན་མིན་ཞིག་བྱུང་སྟེ་སྤྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༢ ཉིན་གོང་གསལ་ཚོགས་པ་དྲུག་བསྐྱར་དུ་ཚོགས་ཏེ། རང་དབང་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཚོགས་ཆུང་ནང་མང་མོས་ཡོད་མེད་ལ་མ་ལྟོས་པར་ང་ཚོས་མིང་འདོན་གནང་བའི་གཏམ་བཤད་པ་ཞིག་ངེས་པར་དུ་གསུམ་དུས་མཛད་སྒོའི་སྟེང་གདན་ཞུ་གནང་དགོས་ཚུལ་གསུངས་མཐར་དེ་ངོས་ལེན་མ་བྱུང་སྟབས། རང་དབང་སློབ་ཕྲུག་ཚོགས་པ་དང་ཨ་བོད་མཛའ་འབྲེལ་ཚོགས་པ་གཉིས་ཕྱིར་འཐེན་གནང་འདུག
སྤྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༨ ཉིན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་དང་བོད་རང་དབང་སློབ་སློབ་ཕྲུག་ཚོགས་པའི་ཚོགས་མི་སོགས་འཛོམས་ཏེ། གསུམ་བཅུའི་དུས་དྲན་ཉིན་གྱི་བོད་རང་བཙན་འབོད་ཚིག་དང་ཕྲེད་དར་སོགས་གོ་སྒྲིག་གནང་ཡོད་པ་མ་ཟད། ལས་འགུལ་སྤེལ་ཕྱོགས་སོགས་གོ་སྒྲིག་འཆར་འགོད་གནང་འདུག རྙོག་གླེང་བྱུང་བའི་རྗེས་ལ་མང་ཚོགས་ནང་ཤོད་སྟངས་བྱས་ན། ཉིན་དེར་ཁོ་རང་ཚོས་རྐང་བཙུགས་ཏེ་རྙོག་དྲ་དེ་བཟོ་རྒྱུར་འཆར་འགོད་བྱས་ཡོད་པ་རེད་གསུང་མཁན་འདུག
ཡིན་ནའང་འདིའི་སྐོར་ང་རང་ལ་གསལ་བོ་ཞུ་རྒྱུ་མེད། སྐད་ཆ་དྲང་མོ་དྲང་རྐྱང་ཞུ་དགོས་པ་གལ་ཆེན་པོ་རེད། ད་དུང་མང་ཚོགས་ནང་དུ་རྙོག་དྲ་བཟོ་མཁན་དེ་དག་གི་རྒྱབ་ལོག་ཏུ་ཨ་རིའི་ནང་སྡོད་པའི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཟུར་བ་རེ་ཟུང་ཡོད་པ་རེད་ཟེར་བ་དང་། རྒྱ་ནག་དང་དོལ་ཚོགས་ཀྱི་ལག་པ་བརྐྱངས་པ་རེད་ཟེར་མཁན། རྙོག་དྲ་དེ་དབྱིན་ཡིག་ནང་ཁྱབ་སྤེལ་བྱེད་མཁན་གཏེ་བོ་དེ་ཨ་མ་ཉི་ཧོང་བ་ཡིན་པའི་བོད་རིགས་ཕྱེད་ཀ་པདྨ་ཡུ་ཁོ་ཟེར་བའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཞིག་ཡིན་སྐོར་སོགས་ལབ་མཁན་ཡང་འདུག
ད་ང་བདེན་སྐྱོང་མིང་ཅན་པས་མཆན་ཞིག་མ་འདེབས་རང་འདེབས་ཆགས་སོང་། བདེན་པར་དོ་ཕོག་གཏོང་བའི་སྐབས་ལ་ངས་ཁ་གཅིག་མ་གྲགས་ན་ངས་བདེན་སྐྱོང་གི་མིང་འདི་ཁུར་ཐབས་མེད།
རྒྱུ་མཚན་ནི་ངས་ནིའུ་ཡོག་གི་གནད་དོན་དང་འབྲེལ་བའི་ཐོག་ལ་བཀའ་ཤག་གིས་དྲང་བདེན་གི་ལན་ཞིག་དང་གནད་ལ་ཕིག་པའི་ཐག་གཅོད་གཅིག་གནང་རྒྱུའི་རེ་བ་བཅངས་པ་ཡིན། འོན་ཀྱང་ད་ཆ་བྱས་དུས་ཚང་མ་སེམས་ཁྱོག་བློ་ཁྱོག་རྐྱང་རྐྱང་ཡིན་ས་རེད། ཤེས་རིག་བཀའ་བློན་གྱིས་གང་ཞིག་བཤད་ཀྱིན་ཡོད་པ་རེད། ཟེར་གྱི་འདུག་་་ གསུངས་གི་འདུག་་་་བྱས་སོང་ཟེར་་་་གསུངས་སོང་་་་འདི་གསལ་བཤད་ཅང་རེད་མིན་འདུག་་འདི་ནི་ནིའུ་ཡོག་གི་དཀྱོག་དཀྱོག་དེ་ཚོའི་སྐད་ཆ་སྐྱར་འདེབས་བྱས་པ་ཞིག་ལས་བདེན་དཔང་ཐུབ་པའི་བཀའ་མོལ་གཅིག་དང་་་་དཀའ་ངལ་གསལ་བྱེད་ཀྱི་གསལ་བཤད་གཅིག་ཀྱང་མིན་འདུག་ལ་་་་ཐག་གཅོད་ཐུབ་པའི་ལན་གཅིག་ཀྱང་མིན་འདུག་་་་ ད་དུང་ནིའུ་ཡོག་གོ་སྒྲིག་པས་གཞུང་འབྲེལ་དང་གཞུང་འབྲེལ་ཡིན་ཟེར་བར་ཡང་སྙིང་གཞུང་འབྲེལ་གང་འདྲ་ཆགས་ཡོད་དམ་་་་གཞུང་འབྲེལ་ཡིན་པའི་ཡིག་ཆ་གང་ཞིག་ཡོད་དམ་སོགས་སྤྱི་འཐུས་དགེ་གཤེས་སྨོན་ལམ་ཐར་ཕྱིན་གྱིས་དྲི་བ་དེར་ལན་གང་དུ་ཡོད་དམ། གཞུང་འབྲེལ་ཡིན་མིན་དེ་བཀའ་ཤག་གིས་མ་མཁྱེན་ན་སུས་ཤེས་ཀྱི་རེད།
ད་དུང་ཉེན་རྟོགས་པར་རྩིས་སྤྲད་མ་སྤྲད་དེ་ད་ཆ་མི་ཚང་མིའི་མིག་མཐོང་ལག་ཟིན་དུ་གྱུར་ཟིན་པས་དེ་ལ་ཕར་བཤད་ཚུར་བཤད་གཅིག་དགོས་དོན་མེད། མ་ཟད་ཉེན་རྟོགས་པ་དེའི་སྐད་ཆ་ལས་ཀྱང་ཉེན་རྟོགས་པར་རང་བཙན་སྐད་འབོད་བྱེད་མཁན་བཀག་འགོག་བྱེད་དགོས་པར་བརྗོད་པ་གསལ་པོ་འདུག་ན་ད་དུང་ཅི་ཞིག་བརྗོད་ཀྱི་ཡོད་བཀའ་བློན་ལགས་་་་་
ད་ལྟའི་གནད་དོན་དེ་གཙོ་བོར་དབུ་དང་དང་རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་མཁན་ཚོས་བཟོས་པ་ཞིག་ཡིན་ན་་་ངེས་པར་དུ་བཀའ་ཤག་གིས་དྲང་བདེན་གྱི་གསལ་བཤད་གཅིག་མ་གནང་ཚེ་རྗེས་ཕྱོགས་ནས་མི་མང་རྣམས་བཀའ་ཤག་ལ་ཡིད་ཆེས་བླགས་མི་སྲིད་པ་མ་རེད། ད་ལྟའི་ཤེས་རིག་བཀའ་བློན་གྱིས་ཕྱོགས་རིས་ཀྱི་བཀའ་མོལ་དེ་ནི་ཧ་ཅང་གི་བློ་ཕམ་རང་བཞིན་ཞིག་རེད།
གནད་ཚུལ་དེ་ཆུང་ཆུང་གཅིག་གཏན་ནས་མིན་པས་་་བཀའ་ཤག་གི་ངོས་ནས་ཕྱོགས་གཉིས་ཀའི་གསལ་བཤད་ཡི་གེ་དང་་་བར་གནས་མི་མང་གི་དེའི་ཐོག་གསལ་བཤད་བྱས་པ་སོགས་ཚང་མར་གཟིགས་ནས་ཐག་གཅོག་དྲང་པོ་གཅིག་གནང་དགོས་མ་གཏོགས་་་་དབུ་མ་ཁ་ལ་འཁྱེར་ན་་་རྐུན་མ་རྒྱབ་ནའང་འགྲིགས་པ་དང་་་་སྤྱི་ཚོགས་དཀྲུགས་ནའང་འགྲིགས་པ་་་ད་དུང་རྒྱལ་གཅེས་དཔའ་བོ་དཔའ་མོར་རྩིས་མེད་རྡོག་རོལ་བཏང་ནའང་འགྲིགས་གི་ཡོད་པའི་བཟོ་ལྟ་བུར་བསྡད་ན་ལོ་གཅིག་ལོ་གཉིས་ནང་ང་ཚའི་དཀའ་ངལ་དེ་མེ་ལྕེ་བཞིན་མཆེད་རྒྱུ་ཡིན་པ་སྨོས་མེད་རེད། ཤེས་རིགས་བཀའ་བློན་ལ་དྲང་པོ་བྱེད་པའི་སྤོབས་པ་མེད་སོང་བ་ཅི་རེད། རྐང་པ་ཡ་གཅིག་ཨ་སྒོར་ནང་ལྷག་སོང་བ་མ་རེད་དམ་་་་
དཔལ་ལྡན་ཤེས་རིག་བཀའ་བློན་གྱི་བཀའ་མོལ་ལ་བལྟས་ན་འཁྱོག་བཤད་ཏོག་ཙམ་གནང་གི་འདུག གང་ལགས་ཞུས་ན། སུམ་ཅུའི་དུས་དྲན་གྱི་དགོང་མོ་སྤྱི་ཁང་ནང་འཛོམས་གནང་སོང་། རང་ཉིད་ཀྱང་མཉམ་ཞུགས་བྱས་པ་ཡིན། བཀའ་བློན་དང་། སྤྱི་འཐུས་བཀྲ་རྣམ་ཟུང་གི་གཏམ་བཤད་མ་གནང་བའི་གོང་དེར། སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟེར་མཁན་ཞིག་དང་མཚན་དེ་ཤེས་མ་སོང་དགོངས་དག ཚོགས་གཞོན་འཕྲིན་ལས་སྐལ་བཟང་རྣམ་གཉིས་ནས་ད་རིང་གཞོན་ནུ་དང་། རང་བཙན་ལྷན་ཚོགས། སློབ་ཕྲུག་ཚོགས་པ་སོགས་ནས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་རྒྱབ་འགལ། བོད་གཞུང་གི་ལང་ཕྱོགས་དང་མི་མཐུན་པ་སོགས་བྱེད་མཁན་གྱི་བྱེད་གཏེ་སོགས་རྨོད་ཚིགས་ངན་པ་དེ་སྔོན་རྒྱ་དམར་གཞུང་ལའང་བསྒྲགས་མ་མྱོང་བ་དེ་འདྲ་བཤད་པ་མ་ཚད། མ་འོངས་པར་ཡང་དེ་ཚོ་ལ་གཟབ་དགོས་ཚུལ་དང་། དེའི་ནང་ནས་དམིགས་བསལ་སློབ་ཕྲུག་ཚོགས་པ་ཟེར་བ་དེ་ལ་ཆེད་དུ་མངགས་ནས་བཤེ་སྟངས་ལ་གཟིགས་ན་མ་འོངས་པར་བོད་མི་ཆིག་སྒྲིལ་ཟེར་བ་ཁ་ཙམ་ལས་དོན་དུ་ཡོང་བ་ཤིན་ཏུ་དཀའ། དེ་དག་གི་བྱེད་གཏེ་གོང་དུ་སྨྲོས་པ་རྣམས་ལ་ལེགས་སྤེལ་ཉེས་འདོམས་ཀྱི་བཀའ་བཙད་ཅིག་མ་གནང་ན་དྲང་པོ་འགྲོ་སའི་ལམ་དེ་རང་བཞིན་གྱིས་འགག་རྒྱུ་རེད་འདུག
འདི་ངེས་པར་དུ་གཟིགས་རོགས་ཞུ།
https://www.facebook.com/video.php?v=1599810250238188&set=vb.100006276852448&type=3&theater
ཤེས་རིག་བཀའ་བློན་ལ་ཨ་རི་ནེའུ་ཡོག་བོད་རིགས་ཚོགས་པའི་རྒྱུན་ལས་ཚོས་གང་ཞུས་པ་གྲོས་ཚོགས་སུ་གསལ་བཤད་གནང་སོང་བ་ལས། ཤེས་རིག་བཀའ་བློན་གྱིས་དོན་དངོས་གནས་ཚུལ་གང་བྱུང་བ་མཁྱེན་མི་འདུག མེད་པ་དེ་ཡང་ཤེས་རིག་བཀའ་བློན་ནས་གསལ་པོ་གསུངས་སོང་། མ་ཟད་ཤེས་རིག་བཀའ་བློན་ནས་ལས་བྱེད་གཅིག་གིས་དེ་ཟེར་སོང་། ནེའུ་ཡོག་བོད་རིགས་ཚོགས་པའི་ལས་བྱེད་ཁོང་ཚོས་དེ་འདྲ་ཟེར་གྱི་འདུག་ཟེར་བ་ལས། དོན་དངོས་དེ་འདྲ་ཡིན་མིན་ཁོང་རང་ལ་ཏན་ཏན་མི་འདུག མ་ཟད་ཁོང་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས། དེ་བཞིན་ American Tibet Asssociation ཟེར་བ་སོགས་ཀྱི་མི་གཅིག་ལ་ཡང་ཐུག་འཕྲད་བྱུང་ཡོད་པ་གསུངས་མ་སོང་བས། ཁོང་གི་བཀའ་མོལ་དེ་གསལ་བཤད་ཅིག་མ་ཡིན་པར། གོ་ཐོས་གཅིག་ཆགས་བསྡད་ཡོད་པ་དེ་བཀའ་བློན་ཁོང་རང་གིས་གསལ་པོ་གང་གསུངས་པ་ནས་ར་འཕྲོད་ཐུབ་པ་འདུག
དེ་བཞིན་ཉེན་རྟོག་པ་སྐད་བཏང་མིན་ཡང་ཡིན་རྒྱུ་མ་རེད་བསམ་གྱི་འདུག་ཟེར་བ་ལས་ཁུངས་དངོས་འབྲེལ་མེད་པ་ཁོང་རང་གིས་ཁས་བླངས་པའི་དོན་དངོས་རེད།
དེར་བརྟེན་ཕྱོགས་གཅིག་ནས་གོ་ཐོས་བྱུང་བ་ལ་ནམ་ཡང་གསལ་བཤད་ཀྱི་མིང་ཐོབ་ཀྱི་མ་རེད་བསམ་གྱི་འདུག
གཞོན་ནུ་དང་བུད་མེད། སྤྱི་མཐན་ཚོགས་པ་དང་ཆུ་སྒང་སོགས་ཚོགས་པ་དྲུག་གིས་གྲོས་ཆོད་བཞག་ཡོད་པ་ཡིན་དེ་ལ་ཚང་མས་བརྩི་བཀུར་ཞུ་དགོས་པ་དམངས་གཙོའི་སྤྱི་ཚོགས་ནང་གི་འགྲོ་སྟངས་རེད།
ད་རེས་ཀྱི་རྙོག་གླེང་དེ་བཟོ་མཁན་གཙོ་བོ་རང་བཙན་ལྷན་ཚོགས་ཟེར་བ་དེ་ཚོ་རེད། བརྙན་བླངས་ཏེ་སྐད་ཆ་འདྲ་མིན་ཤོད་མཁན་ཡང་དེ་ཚོ་རེད། དེ་དག་གི་བརྒྱབ་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྙིང་པ་སྤྱི་ཚོགས་ཀྱི་མཐའ་རུ་རྒྱང་འཕུད་བཏང་ཡོད་པ་ཁ་ཤས་ལྐོག་ཏུ་འཛུལ་ཡོད་པ་རེད།
སྤྱིར་བཏང་གནས་ཚུལ་གང་ཞིག་ཡིན་ན་བྱུང་སྲིད་པ་ཞིག་རེད། དེ་ལ་ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད། ཡིན་ནའང་ད་རེས་གནས་ཚུལ་དེ་སྤྱི་ཚོགས་ནང་ཁྱབ་བསྒྲགས་བྱེད་མཁན་དེ་དག་ངོམ་ཐབས་སྐྱོ་བོ་རེད། དེ་དག་གིས་བོད་པའི་སྤྱི་ཚོགས་དཀྲུག་པ་མ་ཟད་རྒྱ་ནག་དང་དོལ་ཚོགས་ལ་དགོས་མཁོ་བསམ་བཞིན་དུ་བསྐོངས་པ་རེད།
དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་དྲང་པོ་གསུང་པར་རེ་བ་ཞུས་ཡོད་མོད། དེ་ལས་ལྡོག་ཏེ་འཁྱོག་བཤད་དྲི་ངན་ཁ་བ་ཞིག་བྱས་འདུག
བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ས་གནས་གཞོན་ནུའི་ཚོགས་ཡིན་ལབ་མཁན་དེ་ཚོས་ཉེན་རྟོགས་ཚུར་འབོད་ནས། འདིར་རང་བཙན་སྐད་འབོད་རྒྱག་ཆོག་གི་མ་རེད། ཁོ་ཚོ་འདི་ནས་ཕར་ཕུད་རོགས་ཅེས་མཛུབ་མོ་གནམ་ལ་ཀེར་བ་དེ་ཚང་མའི་མཐོང་ཡོད་ངེས་རེད། ཤེས་བཞིན་དུ་འཁྱོག་གཏམ་དང་མཐོང་བཞིན་དུ་རྫུན་ལབ་མང་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
གསུམ་བཅུའི་དུས་དྲན་ཉིན་མོར་བོད་མི་རིགས་ལ་ཤ་ཞེན་ཡོད་མཁན་བོད་མིའི་གཞོན་སྐྱེས་མང་པོའི་གདོང་ལ་མཛུབ་མོ་ཀེར་བཞིན་འདི་ནས་ཕར་རྒྱུགས་ཅེས། མཐོང་ན་མི་འདོད་ཅིང་གོ་ན་མི་སྤྲོ་བའི་བྱ་སྤྱོད་དེའི་འགོ་ཁྲིད་མཁན་བོད་རིགས་སྤྱི་མཐུན་ཚོགས་པའི་མིང་ཁུར་མཁན་དེ་ཡིན།
བོད་པའི་གཞོན་སྐྱེས་སེམས་ཅན་དེ་ཚོའི་བསམ་བློར་རྨ་ཁ་བཟོ་བ་དེར་ཧ་ཅང་གི་སྐྱོ་འོས་ཤིག་ཏུ་གྱུར་ཡོད་ལ། ལྷག་པར་དུ་བོད་དོན་རྒྱབ་སྐྱོར་བ་གཉིས་ཡིད་ཐང་ཆད་པ་བཟོས་པ་དེས་བོད་ཀྱི་འཐབ་རྩོད་ལ་གནོད་པ་ལས་ཕན་མེད། དེ་ཡང་བཟོ་མཁན་བོད་རིགས་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་རེ་གཉིས་ཤིག
བོད་མི་ཚང་མས་དངོས་ཡོད་གནས་ཚུལ་ལ་རྒྱབ་སྐྱོར་དགོས་རྒྱུ་གལ་ཆེ་བ་དང་། སུ་འགྲིག་དང་སུ་འགྲིག་མིན་ཐད་དབྱེ་ཞིབ་གནང་རྒྱུ་དེ་བས་ཀྱང་གལ་ཆེ།
དེ་མིན་མི་རེ་གཉིས་ཤིག་གིས་སྤྱི་བའི་མིང་ཁུར་ནས་སྒེར་གྱི་ལྟོ་གོས་གཏམ་གསུམ་ལ་མགོ་འཁོར་བ་དང་།
ལྷག་པར་དུ་རྒྱ་གཞུང་གི་ལག་ཆ་མང་པོ་ཞིག་རང་རེའི་སྤྱི་ཚོགས་ངོ་ལྐོག་གཉིས་ཀ་ནས་འཛུལ་ཡོང་གིན་པར་མཐོང་།
ནེའུ་ཡོག་གི་རྙོག་གླེང་འདི་ལ་ཤེས་རིག་བཀའ་བློན་ནས་གོ་ཐོས་འགྲེལ་བརྗོད་གནང་སོང་། དེ་མཚུངས་གནད་དོན་འདིའི་སྐོར་ལ་གྲོས་ཚོགས་ནང་སྤྱི་འཐུས་རྣམ་པས་དགོངས་ཚུལ་ཕེབས་པ་ཁག་ནས་མང་ཚོགས་ནས་ཤེས་རྟོགས་དགོས་པའི་ཧ་ཅང་གནད་དོན་གལ་ཆེན་མང་པོ་ཞིག་གསུངས་པ་དེ་ཚོ་དོན་བསྡུས་རེ་བཀོད་ཐུབ་ན་ཡག་པོ་འདུག བཀའ་བློན་ནས་གོ་ཐོས་ལས་ཞིབ་འཇུག་མིན་གསུངས་ཙང་དམིགས་བསལ་ཆ་འཇོག་འོས་པ་དེ་འདྲ་མ་མཐོང་།