དེ་རིང་བོད་ནང་གི་ཆུ་ཚོད་ ༣།༤༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་། རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༩ ཡིན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས། ལག་པ་གཡོན་པས་༸གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་ཤིང་། ལག་པ་གཡས་པས་རླུང་རྟ་གཏོར་བཞིན་ “བོད་ལ་རང་དབང་དགོས།”ཞེས་སྐད་འབོད་གནང་ཡོད་ ཀྱང་། ཅུང་ཙམ་རྗེས་ཉེན་རྟོག་པ་འབྱོར་ཏེ་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟ་གང་དུ་ཡོད་མེད་དང་གནས་སྟངས་ཅི་ཆགས་ཤེས་ཐབས་མེད་པ་ཆགས་འདུག
གྲྭ་བློ་བཟང་སྐལ་བཟང་ལགས་ནི་ཕ་ཡུལ་རྔ་པ་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་འགབ་མ་ནས་ཡིན་ཞིང་། ཕ་ཚེ་རིང་དང་། མ་བདེ་ཆེན་གཉིས་ལ་བུ་བུ་མོ་གསུམ་ཡོད་པ་ལས་གཉིས་པ་དེ་ཡིན་འདུག ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་འཛིན་གྲྭ་ཁ་ཏོག་གོང་མ་ཡིན་འདུག
གནས་ཚུལ་གཏོང་མཁན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ཡིན།